སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
9 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:10:00

༡༩༩༩ ས་ཡོས་ལོར། དགོན་པའི་བླ་མ་པད་མ་ཀུན་ལེགས་མཆོག་སྙུང་སོང་བས། འདི་ལོ་ནས་དགོན་པའི་འགན་གཙོ་བོ། མཐའ་ཞུ་བླ་མ་གཡུང་གྲགས་དང་། ཀྲུའུ་རིན་གཞོན་པ་མཁན་པོ་བསམ་དགེ་་དང་། ཨུ་ཡོན་དབུ་མཛད་ཡེ་ཤེས་རབས་གསལ་ཨུ་ཡོན་གྲྭ་བཙུན་གཡུ་ལྷ་སོགས་ཀྱིས་ཁུར། དེ་ནས་ལྕགས་འབྲུག་ལོའི་དགུན་ཟླ་༡༡་པའི་ཚེས་༣༠་ཉིན་་ཡབ་དམ་པ། ཞིང་ལ་ཕེབས་པས། དེའི་དགོངས་རྫོགས་ཞེ་དགུ་དང་ཀུན་རིག་སྦྱིན་བསྲེགས། ཞི་ཁྲོ་སོགས་ལེགས་པར་སྒྲུབ་ཟིན་མཚམས། མཐའ་ཞུ་བླ་མ་ཚུལ་ཁྲིམས་ཡེ་ཤེས་མདུན་ནས། ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ་དང་། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་བཅས་ཀྱི། ཞལ་ཁྲིད་སྨར་བ་དང་། བྱང་སེམས་བརྒྱ་རྩ་པ་དང་ལྔ་བཅུ་པའི་ཁྲིད་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བཅས་ཐོབ། མཚན་གཞན་ཕན་བདེ་ཆེན་སྙིང་པོ་ཡེ་ཤེས་རང་གྲོལ་ཞེས་པ་གནང་།  འདི་ལོ་ནས་དགོན་པར་བླ་གྲྭ་བཞུགས་མཁན་མེད་པའི་ཐོག་འདུ་འཚོགས་སྐབས། དབུ་མཛད་ཡེ་ཤེས་རབ་གསལ་དང་ཡོན་བདག་ཞིག་གཉིས་འཁྲུགས་རྩོད་ཤོར་བས་རྐྱེན་བྱས་ཏེ། དེ་སྔའི་དགོན་པའི་ལོ་དུས་ཀྱི་འཚོགས་དུས་མཆོད་ཆདཕྱི་ལོ་ལྕགས་སྦྲུལ་སྤྱི་ལོ་༢༠༠༡ལོའི་སྤྱི་ཟླ་དྲུག་པར། དགོན་པའི་འདུ་ཁང་ཆེན་མོ་འགྱེལ་ཤོར། ལོ་དེས་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། གཅེན་པོ་ཚུལ་ཡེ་ཞིང་ལ་ཕེབས་པས་ དེའི་དགོངས་རྫོགས་ཞེ་དགུ་ལས་བཞི། ཞི་ཁྲོ་བཅས་སྒྲུབ་པ་དང་སྐུ་གདུང་གསུམ་བཞེངས། དེའི་ཚེ་ལོ་ཤས་ནང་བླ་མ་དང་མཁན་པོ་དགོན་པར། རྒྱུན་བཞུགས་མ་ཁོམ་པ་དང་། གཞན་ཡང་རྒྱུ་རྐྱེན་མང་པོས་གྲྭ་བཙུན་འཐོར། ལོ་དུས་ཀྱི་འདུ་འཚོགས་ཆད། འདུ་ཁང་འགྱེལ་ནས་བསྐྱར་བཞེངས་མ་ཐུབ་པར་ལུས་ཏེ།  དགོན་པ་ཞེས་མིང་ཙམ་ལས། སྒྲུབ་ཁང་ལྷ་མཆོད་ཀྱང་མེད་པར། རྔ་གཤང་གི་སྒྲ་ཆད། སྨན་རག་གི་མཚོ་སྐམ་སོང་།  སྐབས་དེར་ཆུ་རྟ་༢༠༠༢ལོར་སྟེང་ཆེན་རྫོང་དང་། ཞེ་གཞུང་ཤང་། ལྷ་མཐོང་ཚུན་བཅས། དགོན་པ་བཅོས་བསྒྲིགས་བབས་ཏེ། དགོན་པར་ཚོགས་འདུ་འཚོགས་ས་མེད་སྟབས། ཚུན་ཀྱི་ཁང་པ་ནང་། དགོན་པའི་བླ་གྲྭ་ཡོངས་དང་། ཚུན་ཙུའུ་འགོ་ཁྲིད། མི་དྲག་བཅས་ཚོགས་འདུ་འཛོམས་ཏེ་གྲོས་བྱས་ཤིང་། འདམས་ཤོག་འཕང་ནས། ཕྲན་དགོན་པའི་འགན་ཁུར་གཙོ་བོ་དང་། དམངས་བདག་ཨུ་ལྷན་གྱི་ཀྲུའུ་རིན་དུ་འདམ་བསྐོ་བྱས་ཤིང་། དགོན་པ་དར་རྒྱས་ཀྱི་རེ་བ་དེ་ཕྲན་ལ་བཅོལ་བ་བཞིན་  ཕྲན་གྱིས་དགོན་པ་དར་རྒྱས་གཏོང་རྒྱུའི། འགྱུར་མེད་གྱི་དམ་བཅའ་བརྟན་པོའི་དཀའ་སྤྱད་འབད་བརྩོན། ལྷོད་མེད་ཀྱི་སྒོ་ནས། ལོ་དེ་ནས་དགོན་པར་སྡོད་སའི་ཁང་པ་མེད་ཀྱང་། སྒྲུབ་ཁང་སྡོད་སའི་ཁང་པ་ལ། ཆུ་ཤོག་བཀབ་ནས་དགོན་པར། གེ་སྦྱོར་སྒྲུབ་བཞིན་རྒྱུན་སྡོད་བྱས་དེ། དང་པོ་བཀྲ་ཤིས་སུམ་མདོ་ལ་དགོན་པ་སྤོ་རྒྱུ་གྲོས་བྱས་ཀྱང་། བླ་གྲྭ་དང་འགོ་ཁྲིད་མང་ཚོགས་བཅས་མང་ཆེ་བའི་། དགོན་པའི་དེ་སྔོན་བླ་མ་མཁན་པོ་ནི་ཞིང་ལ་ཕེབས་ཟིན། ད་ནི་དགོན་པར་འཚོགས་འདུ་བ་ཆད་དེ། བླ་གྲྭ་དང་། མང་ཚོགས་དགོན་པར་འགྲོ་མ་མྱོང་བར་ལོ་འགའ་ཕྱིན་སོང་། དགོན་པ་འགྱེལ་ནས་ཞིག་གསོ་མ་ཐོན་པར་ལོ་ཤས་སོང་། དགོན་པ་གསར་དུ་ས་གཞན་ལ། བཞེངས་རྒྱུ་ནི་ཆོག་མཆན་ཀྱང་ཐོབ་རྒྱུ་མ་རེད་ལ། གལ་སྲིད་ཆོག་མཆན་ཐོབ་ཀྱང་བཞེངས་མི་ཐུབ་སེམས་ཐག་ཆོད། སོགས་ཟེར་ནས་བླ་མ་གྲྭ་པ་ལ་ཡིད་ཆེས་དང་། དགོན་པ་ལ་རེ་བ་སེམས་གཏིང་ནས་ཆད་པས། དགོན་པ་གནས་སྤོས་བྱེད་རྒྱུ་གྲོས་མ་མཐུན། དེ་ནས་ཕྲན་གྱིས་འགན་གཙོ་བོ་ཁུར་ཏེ། ༢༠༠༣ ལོར་དགོན་པའི་འདུ་ཁང་ཞིག་གསོ་བྱས་པ་དང་། དེ་སྔོན་དགོན་པའི་བླ་མ། མཁན་པོ། དབུ་མཛད་སོགས། གྲྭ་པ་ཚང་མ་གྲོང་ཆོག་གི་བར་གསེང་དུ། རྒྱུན་ལྡན་ཁྱིམ་ལ་བཞུགས་པའི་བཤོ་སྲོལ་ཡོད་པ་ལ། ཕྲན་གྱིས་བླ་གྲྭ་ཡོངས་རྫོགས།  དགོན་པར་བཞུགས་ཏེ། སློབ་གཉེར་དང་སྒོམ་སྒྲུབ་མཛོད་དང་། འཚོ་བ་དང་སྡོད་གནས་ཕྲན་གྱིས་སྦྱར་ཡོང་། ཅེས་རེ་བ་བཏོན་པ་དང་། ཡང་ན་དགོན་པ་གཞན་ལ་བྱོན་སྟེ།  ཐོས་བསམ་སྦྱོང་དང་། དགོན་པའི་འདུ་ཚོགས་དང་ངལ་རྩོལ་སོགས་ལ་ཆད་པ་མི་རྒྱབ་ཅེས། སློབ་གསོ་ཡང་ཡང་བཏང་བ་དང་། མ་མཐར་ཡང་གྲོང་པ་ནང་། སྐུ་རིམ་ཞབས་བརྟེན་སྒྲུབ་པས་བར་གསེང་དུ། རང་དགོན་དུ་བཞུགས་རོགས་ཞེས། བླ་གྲྭ་ཚང་མར་རེ་བ་ཞུས་པས། གྲྭ་བཙུན་ཚུལ་ཁྲིམས་འོད་ཟེར། ཚུལ་ཁྲིམས་བློ་ལྡན། བྱང་ཆུབ་རྒྱལ་མཚན། རྒྱལ་བ་ཚུལ་ཁྲིམས། བརྩོན་འགྲུས་བཅས་དགོན་པར་རྒྱུན་བཞུགས་མཛད། དེ་ཚོར་འཚོ་བ་སོགས་ཚང་མར་དགོན་པ་ནས་མཐུན་རྐྱེན་སྒྲུབ། ༢༠༠༤ལོར་སྒྲུབ་ཁང་ལྷ་མཆོད་བསྐྱར་གསོ་ཐུབ། ༢༠༠༥ལོར་དགོན་པར་གཞུང་ལམ་བཟོས་པ་དང་། ལོ་དུས་ཀྱི་འཚོགས་དུས་མཆོད་ཁག་སླར་གསོ་བྱས། དེ་སྐབས་ཐོག་མར་དགོན་པར་ཚོགས་མི། གྲྭ་པ་ཁ་ཤས་ལས། ཀྲུའུ་རིན་གཞོན་པ་མཁན་པོ་བསམ་དགེ་དང་། ཨུ་ཡོན་དབུ་མཛད་ཡེ་ཤེས་རབ་གསལ་སོགས་། དགོན་པར་ཚོགས་ལ་མ་ཕེབས་ཀྱང་།  དེ་ནས་རིམ་བཞིན་གྲྭ་བཙུན་བསྒྲིགས་མི་སྲུང་ཞིང་། དགོན་པར་མི་ཚོགས་མཁན་རྣམས་ལ། དཔལ་འབྱོར་ཀྱི་ཆད་པ་དང་། བསམ་བློའི་སློབ་གསོ། ཡང་ཡང་བཏང་བས་ལོ་ཤས་ནས། བླ་གྲྭ་མཁན་སློབ་རྣམས་རྒྱུན་ལྡན། བཞུགས་ས་ཁྱིམ་དུ་མཛད་ཀྱང་། དགོན་པའི་འདུ་འཚོགས་སོགས་ལཆད་མེད་ཕེབས་པ་དང་། ལྡོམ་བུ་བྱོན་པ། དགོན་པར་ལྕི་ཤིང་གི་དོན་དང་། ངལ་རྩོལ་སོགས་དགོན་པའི་ལས་དོན་ལ་ཧུར་བརྩོན་དང་། འགན་ཁུར་གྱི་བསམ་པ་ལྡན་པར་གྱུར། ༢༠༠༦ ལོར་དགོན་པར་གློག་ཁྲིད་པ་དང་། འདུ་ཁང་ལ་ཤིང་མཚོན་བཏང་། མཁན་པོ་བསམ་དགེ་ཀྱང་སྔོན་ཆད་སྡེ་གཞན་ལ་བྱོན་མི་དགོན་དུས། ཁོམ་སྐབས་དུས་རྒྱུན་ཁྱིམ་ནང་དུ། བཞུགས་པ་ལ། ༢༠༠༩ལོའི་བོད་ཟླ་༡༡ ནས་ གྲྭ་ཤགནང་མཚམས་ལ་བཞུགས

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.