སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
2012།12།31།ཉིན།ས་ཡི་གོ་ལ་འགད་འགྲོ་འམ། | 2012/9/2 14:37:00

2012།12།31།ཉིན། སའི་གོ་ལ་འགད་མི་སྲིད་པའི་དོག་མི་དགོས་ལ། སྐྲག་མི་དགོས།བློ་བདེ་མོ་བྱོས། འོན་ཀྱང་དུས་གཏན་ནས་མི་འཇིགས་པ་མ་ཡིན་ཏེ། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང་། བསྐལ་པ་ཆགས་གནས་འཇིགས་སྟོང་གི་རང་བཞིན་ཡིན་པ་ལ། རང་རེ་འཚོ་གནས་བྱེད་སའི་ས་ཡི་གོ་ལ་འདི་ནམ་ཞིག འཇིགས་འགྲོ་བ་བོན་ཉིད་ལགས་ཀྱང་།  གནའ་རབ་རོ་མའི་རིག་གནས་ལས་2012།12།31། ཉིན་ཕན་ལ་མི་རིགས་ཀྱི་ལོ་རྒྱུས་བཤད་དུ་མེད། ཅེས་འཁོད་པ་ལ་རོ་མའི་ཆོས་པའི་དེ་ནི་2012།12།31། ཉིན་ཕྱིན་ཆད་ལ། མིའི་རིགས་ཀྱི་ལོ་རྒྱུས་བཤད་དུ་མེད་ན། སའི་གོ་ལ་འགད་འགྲོ་བར་སེམས་ནས། གོ་བ་ལོག་སྒྲུབས་ཀྱི་གཏམ་དྲིལ་བསྒྲགས་བྱས་པས། མི་ཅོལ་ཆུང་ཁག་གཅིག་གི་དེ་བདེན་པར་བཟུང་ནས། བློ་མི་བདེ་བ་འདུག་པས་དེ་རྣམས་ལ་བཤད་རྒྱུར་  ༢༠༡༢་ལོའི་ཟླ་༡༢་པའི་ཚེས་༣༡་ཉིན། ས་ཡི་གོ་ལ་འགད་མི་སྲིད་ལ་ས་གཡོ་རི་ཉིལ་གྱིས། དམིགས་གསལ་གནས་ཚུལ་གང་ཡང་ལྷག་མི་སྲིད་པས། དོག་མི་དགོས་ལ། སྐྲག་མི་དགོས། བློ་བདེ་མོ་བྱོས། ཁ་སང་དེ་རིང་། 2012།12།31།  ལ་ས་ཡི་གོ་ལ་འཇིགས་འགྲོ་ཡི་རེད་ཅེས་གཏམ་འཁྱལ། ས་ཁྱབ་རྡོ་ཁྱབ་བྱུང་འདུག་ཀྱང་། སྐྲག་མི་དགོས་ཏེ་་གཅིག་ནས། སངས་རྒྱས་ཀྱི་བཀའ་དང་འཕག་པའི་ལུང་གང་ལས་ཀྱང་། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པ། ཡང་ནས་ཡང་དུ་བསྟན་ཀྱང་། 2012།12།31། ཉིན་མོ་ས་འཇིགས་འགྲོ་ཅེས་གསུང་མི་འདུག་པས་ཕྱིར་དང་།  གཉིས་ནས་ཀྲུང་གོ་དང་ཨུ་རུ་སུ་ཉི་ཧོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་དང་། འཇར་མན་སོགས་ཡོ་རབས་གླིང་གི་རྒྱལ་ཁབ། འཁྱག་གླིང་སོགས་མེ་གླིང་ལྷོ་བྱང་གི་རྒྱལ་ཁབ།  ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་བཅས། རྒྱལ་ཕྱི་ནང་གི་ཚན་རིག་དར་བའི་རྒྱལ་ཁབ་གང་ཞིག་གིས་ཀྱང་། 2012།12།31། ཉིན་མོ་ས་ཡི་གོ་ལ་འགད་འགྲོ་རྒྱུ་ཡིན་པ་བཤད་མཁན་བྱུང་མེད་པ་རེད། དེ་འདྲ་ཡིན་དུས་ས་ཡི་གོ་ལ་2012།12།31། ཉིན་འཇིགས་འགྲོ་ཡི་མ་རེད། དོག་མི་དགོས་ལ་སྐྲག་མི་དགོས་བློ་བདེ་མོ་བྱོས། ཡང་རྒྱལ་ཁབ་དེ་ཚོས་ས་ཡི་གོ་ལ་དེ། མི་འཇིགས་རྟག་བརྟན་ཞིག་རེད་ཟེར་གྱི་མི་འདུག་ལ། མ་འོང་པར་མིའི་རིགས་ཀྱི་སྐྱེ་ཁམས་འཁོར་ཡུགས་ལ། སྲུང་སྐྱོང་མ་བྱས་པར་འཕྲུལ་འཁོར་དང་བཟོ་གྲྭས་སའི་གོ་ལ་འབག་བརྩོག་དང་། གཏོར་བཤིགས་མི་མཐུད་ནས་བཏང་ན། ཉེ་བའི་ལོ་ལྔ་བརྒྱ་ཚུན་ལ་སའི་གོ་ལ་འགད་འགྲོ་བས་ཉེན་ཁ་ཡོད་ཅེས། ཉེན་བརྡ་གཏོང་དང་གཏོང་བཞིན་པ་རེད།  དེ་ཡང་འཛམ་བུ་གླིང་གི་ཚན་རིག་མཁས་དབང་མང་པོས། ང་ཚོ་མིའི་རིགས་ཀྱིས་ས་གོ་ལ་འདི་གཅེས་སྐྱོང་དང་། སྲུང་སྐྱོབས་ཡག་པོ་མ་བྱས་ན། འཇིགས་རྐྱེན་ཆེན་པོ་བརྒྱད་ཡོད་པར་བཤད་ཡོད་པ་ལས། ༡། སའི་གོ་ལ་དང་རྒྱུ་སྐར་ཆེན་པོ་གདོང་ཐུག་རྒྱུབ་པས། རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ། ༢། སྐྱེ་ཁམས་འཁོར་ཡུག་འབག་བརྩོག་གི། རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ། ༣། བཟོ་གྲྭ་དང་སྣམ་འཁོར་རིགས་ཀྱི་བརྩོག་རླངས་ཀྱིས། ཉི་མའི་དྲོད་ཚད་ལོ་རེ་བཞིན་ཆེ་རུ་འགྲོ་བས། རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ། ༤། རླངས་ཁམས་ཆེན་པོས་གཏོར་སྐྱོན་གྱི། རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ། ༥། གངས་རི་རྣམས་ལོ་རེ་བཞིན་བཞུར་ནས་མཐར་ཆུ་དཀོན་པས། རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ། སོགས་ས་ཡི་གོ་ལ་འཇིགས་འགྲོ་བའི་རྐྱེན་ཆེན་པོ་བརྒྱད་ཙམ་བཤད་ཡོད་འདུག འོན་ཀྱང་ང་ཚོ་སེམས་བདེ་མོ་བྱ་ཆོག་པ་ཞིག་ནི། ཚན་རིག་མཁས་དབང་བྷོ་ནེད་ལགས་དང་། ཚན་རིག་དགེ་རྒན་ཆེན་མོ་ག་གེ་མོ་གཉིས་ཀྱིས། ལོ་ལྔ་ལྷག་ལ་སའི་གོ་ལ་དང་། བར་སྣང་དུ་བརྟག་དཔྱད་བྱས་འབྲས་སུ། གལ་ཏེ་ཉིང་རྡུལ་དམག་འཁྲུག་གམ། གནམ་གཟུགས་ཀྱིས་སའི་གོ་ལར་མ་བརྡབ་ཚེ་མིའི་རིགས། ད་དུང་ས་གོ་ལའི་སྟེང་ལོ་ངོ་ཁྲི་བཅུ་ལ། འཚོ་གནས་བྱེད་ཐུབ་པ་གཏན་འཁེར་ཡིན། བཅས་གསུང་འདུག་ལ་དེ་མིན་སའི་གོ་ལ་འཇིགས་རྐྱེན་ཆེན་པོ། གཞན་གང་འདྲ་བྱུང་ཡང་། མ་མཐར་མི་ལོ་ཉིས་བརྒྱ་ཚུན་ལ། སའི་གོ་ལ་འཇིགས་མི་སྲིད་བཅས་ཀྱང་བཤད་ཡོད་པ་རེད། དེ་འདྲ་ཡིན་དུས་ས་ཡི་གོ་ལ་འདི་༢༠༡༢། ༡༢། ༣༡། འགད་ནས་འཇིགས་མི་འགྲོ་བ་གཏན་གཏན་རེད་སྙམ།། །།ཁྱུང་ཞུ་འོད་རྒྱས་པས་བྲིས་སོ།། །།

 

Re:2012།12།31།ཉིན།ས་ཡི་གོ་ལ་འགད་འགྲོ་འམ། | 2012/9/4 21:49:47
སྐུ་མགྲོན་w06Evi(སྐུ་མགྲོན)ས་ཡི་གོ་ལ་༢༠༡༢། ༡༢། ༣༡། འགད་ནས་འཇིགས་མི་འགྲོ་བ་གཏན་གཏན་རེད་སྙམ་ཞེས་པའི་ཚིག་དེ་མཐོང་ནས་དྲི་བ་ཞིག་འབུལ་འདོད་
༡གལ་ཏེ་ སའི་གོ་ལ་དང་རྒྱུ་སྐར་ཆེན་པོ་གཉིས་གདོང་ཐུག་རྒྱུབ་ནས་འགད་འགྲོ་ན་ ད་ལོའི་ལོ་འཇུག་ཟླ་བ་༡༢ཚེས་ ༣༡ཉིད་མི་འགད་པའི་རྒྱུ་མཚན་ཅི་ཡོད་
༢། སྐྱེ་ཁམས་འཁོར་ཡུག་འབག་བརྩོག་གི་རྐྱེན་གྱིས་ས་ཡི་གོ་ལ་འཇིགས་པས་ཉེན་ཁ་ཡོད་ན་ ད་མི་འགད་པ་གང་ཡིན་ད་ལྟ་སྐྱེ་ཁམསའཁོར་ཡུག་འབག་བརྩོག་གང་འདོད་རེད་འདུག
༣། བཟོ་གྲྭ་དང་སྣམ་འཁོར་རིགས་ཀྱི་བརྩོག་རླངས་ཀྱིས་ཉི་མའི་དྲོད་ཚད་ལོ་རེ་བཞིན་ཆེ་རུ་འགྲོ་བས་རྐྱེན་གྱིས་ས་ཡིས་གོ་ལ་འཇིགས་པ་ཡོད་ན་ ད་མི་འགད་པ་གང་ཡིན་ད་ལྟ་ནི་སྣམ་འཁོར་རིགས་ཀྱི་བརྩོག་རླངས་ཡིན་ན་ཡང་གཞན་གཅིག་ཡིན་ན་གང་ལྟར་ཉི་མའི་དྲོད་ཚད་ལོ་རེ་བཞིན་ཆེ་རུ་འགྲོ་འཞིན་འདུག་
ཡང་སྐྱར་བཤད་ན་ འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པ་དང་བསྐལ་པ་ཆགས་གནས་འཇིགས་སྟོང་གི་རང་བཞིན་ཡིན་པ་ ཤེས་བཞིན་དུ་ཁྱེད་ཀྱིས་མི་འགད་པ་མཐའ་གཅིག་ཏུ་འདོད་པ་གང་ཡིན
སྤྱི་ལོ་2012ཟླ་12ཚེས་31།ཉིན། སའི་གོ་ལ་འགད་འགྲོ་འདུག་ཅེས་བཤད་མཁན་དེ་ཚད་རིག་མཁས་ཆེན་ཞིག་མ་ཡིན་ནམ་ ཁྱེད་ཀྱིས་གཞན་པ་འགའ་ཞིག་ལ་ཡིད་ཆེས་བྱས་ཀྱང་ཁོང་ལ་མི་བྱེད་པ་གང་ཡིན་
ཡང་ཞུ་རྒྱུ་ཞིག་ལ་སངས་རྒྱས་ཀྱིས་༢༠༡༢ནས་མི་འགད་པ་གང་ལ་གསུང་འདུག་དེ་ཙམ་མ་ཟད་ད་དུང་མ་མཐའ་མི་ལོ་ཉིད་བརྒྱ་གནས་ཞེས་གང་ལ་གསུང་འདུག་མི་རྟག་པ་ནས་
གཤམ་དུ་txlm་ལགས་ཀྱིས་ལན་སློག་པ་ནི་
དྲྭ་གྲོགས་མི་རྟག་པ་ལགས་སའི་གོ་ལ་དང་རྒྱུ་སྐར་ཆེན་པོའི་གདོང་ཐུག་ལས་གཡོལ་བས་ཐབས་རྒྒྱལ་ཁག་ནས་བྱེད་སྒང་ཡིན་པ་ཐོས་ལ་
སྐྱེ་ཁམས་རྩོགས་པས་རྐྱེན་ནི་ལོ་དང་ལོ་བྱས་ནས་འཇིགས་པར་གསལ་ལ་དེའང་མ་མཐར་ལོ་ལྔ་བརྒྱ་ཚུན་མི་རྐྱོན་བཤད་ བ རྩོག་རླངས་རིགས་ཀྱི་གནོད་སྐྱོན་ཡང་ལོ་མང་པོར་སྨིན་མི་ཐུབ་པར་བཤད།
སངས་རྒྱས་བསྟན་པ་གནས་ཚད་མ་རྫོགས་པས་མི་འཇིགས་པའི་གདེང་ཚད་ཡོད། ༢༠༡༢། ༡༢། ༣༡ ས་སྒང་འཇིགས་འགྲོ་བཤད་མཁན་ཚན་རིག་མཁས་ཅན་སུ་ཞིག་གིས་བཤད་པའི་དཔྱད་གཞི་མི་འདུག ་ལ་ཁྱེད་ཀྱི་གང་ནས་མཐོང་ཐོས་བྱུང་། སངས་རྒྱས་ཀྱི་བསྟན་པ་གནས་ཡུན་མ་མཁྱེན་ནམ།
ད་དུང་མ་མཐའ་མི་ལོ་ཉིས་བརྒྱ་ས་སྒང་མི་འགད་པ་ཞེས་ཚན་རིག་པའི་དུས་དེབ་དང་ཚག་པར་བརྙན་འཕྲིན་བཅས་ནས་བཤད་
ད་དུང་༢༠༡༢།༡༢།༣༡། ཚུན་ཁྱེད་དང་ང་གཉིས་ལྔ་ལམ་ལ་མ་སོང་ན་ཞུའོ།།
རྩོམ་པ་པོ།:སྐུ་མགྲོན་w06Evi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:2012།12།31།ཉིན།ས་ཡི་གོ་ལ་འགད་འགྲོ་འམ། | 2013/12/12 22:51:41
སྐུ་མགྲོན་138Lcp(སྐུ་མགྲོན)གནཕཕམཙཚཚཛསལའཟབཙཛཛ


14
རྩོམ་པ་པོ།:སྐུ་མགྲོན་138Lcp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.