རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན། སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885 ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408 རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།
- ལུང་རིག་འཁོར་ལོ།
- སྨན་རིའི་ཡོངས་འཛིན
- སྙིང་པོ་རྣམ་གྱི་ཕན
- མ་རྒྱུད་ཐེག་པ་གང་ལ
- མི་སྣ་རིདས་ཕྱི་མ་ག
- བོད་ལ་མི་ཆོས་ཀྱི་ར
- རི་དམར་སྣའི་གྲུབ་ཐ
- སྒོ་བཞི་མཛོད་ལྔའི་
- སུག་བུ་ཆུང་གི་སྐོར
- སྔགས་ཆས།
- གྲོང་ཆོག་སྐོར་གྱི་
- སྔགས་འཆང་བ།
- གནའ་རྫས་རི་མོའི་བོ
- ལོ་རྒྱུས་མི་སྣ་དང་
- རྗེ་མཉམ་མེད་པའི་རྣ
- རྗེ་མཉམ་མེད་པའི་སྐ
- མིའི་བུ་མོ་དང་ཀླུ་
- ངའི་ཕུག་བསམ་གཉིས་ག
- Re:རྒྱལ་ཤོད་ལ་བླ་ག
- Re:སྒོ་བཞི་མཛོད་ལྔ
- Re:ལུང་རིག་འཁོར་ལོ
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:གནའ་རྫས་རི་མོའི
- Re:བོད་ལ་མི་ཆོས་ཀྱ
- Re:བོད་ལ་མི་ཆོས་ཀྱ
- Re:རྗེ་མཉམ་མེད་པའི
- Re:ངའི་ཕུག་བསམ་གཉི
- Re:ངའི་ཕུག་བསམ་གཉི
- Re:བོད་དཔེ་བཀའ་གཏེ
- Re:སྟག་སླག་ཅན་ལ་ཟུ
- Re:2ཁྱུང་ནག་བསམ་གཏ
- Re:ཁྱུང་པོའི་བླ་ཆུ
- Re:ཁྱུང་པོའི་བླ་ཆུ
དུག་གསུམ་གཏམ་རྒྱུས།
ཀུན་གཞི་ལུང་མེད་མཁར་ཁང་ནང༌། །
ལྷན་སྐྱེས་མ་རིག་བུད་མེད་དང༌། །
ཀུན་བརྟགས་བདག་འཛིན་བུ་ཕོ་གཉིས། །
ལྷན་ཅིག་སྟང་དབྱལ་འཚོགས་པ་ལས། །
དུག་གསུམ་ཉོན་མོངས་བུ་གསུམ་སྐྱེས། །
ཁམས་གསུམ་འཁོར་བའི་ས་གསུམ་བཟུང༌། །
ཆགས་སྡང་རྨོངས་གསུམ་ཆུང་མར་སྤྱད། །
རིགས་དྲུག་འཁོར་བའི་བུ་དྲུག་བྱུང༌། །
སྐྱེ་བཞི་རྒྱུད་ལྔའི་ལམ་ལ་ཞུགས། །
བུ་གཅིག་ཞེ་སྡང་སྦྲུལ་ལ་ཞོན། །
ལས་སུ་གསོད་དང་གཅོད་ལ་བརྩོན། །
དམྱལ་ཁམས་བཅོ་བརྒྱད་བདག་པོ་བྱས། །
བུ་གཅིག་འདོད་ཆགས་བྱ་ལ་ཆིབས། །
ལོག་གཡེམ་བཅོམ་འཕྲོག་ལས་ལ་སྤྱད། །
ཡི་དྭགས་གྲོང་ཁྱེར་བདག་ཏུ་བྱས། །
བུ་གཅིག་གཏི་མུག་ཕག་ལ་ཞོན། །
མ་རིག་རྨོངས་འཐིབས་ལས་ལ་སྤྱད། །
བྱོལ་སོང་གྲོང་ཁྱེར་དབང་དུ་བསྒྱུར། །
བུ་གཅིག་ཕྲག་དོག་སྡིག་ར་ཞོན། །
གཞན་སྨོད་རུ་ཏྲའི་ལས་ལ་བརྩོན། །
མཐའ་འཁོབ་གྲོང་ཁྱེར་གཏན་དུ་བཟུང༌། །
བུ་གཅིག་ང་རྒྱལ་འབྲུག་ལ་ཆིབས། །
ཁྱད་གསོད་བརྙས་ཐབས་ལས་ལ་བརྩོན། །
ལྷ་མིན་གཡུལ་འཁྲུགས་དམག་གི་བདག །
བུ་གཅིག་གར་མཁན་རྨ་བྱ་ཞོན། །
རྣམ་གཡེང་ལེ་ལོའི་ལས་ལ་བརྩོན། །
ཕམ་ལྟུང་གྲོང་ཁྱེར་བདག་པོ་བྱས། །
ད་རིགས་དྲུག་གྲོང་ཁྱེར་བཅོམ་འདོད་ན། །
བུ་དྲུག་ཆམ་ལ་འབེབ་ཀྱང་དགོས། །
སྐྱེ་བཞིའི་ལམ་སྒོ་གཅོད་ཀྱང་དགོས། །
རྟ་དྲུག་རྐང་པ་གཅག་ཀྱང་དགོས། །
དུག་གསུམ་མ་མ་གསོད་ཀྱང་དགོས། །
མ་རིག་ཕྱི་མྱེས་ཕུད་ཀྱང་དགོས། །
ཀུན་གཞིའི་མཁར་ཁང་གཏོར་ཡང་དགོས། །
ཚུལ་ཡེ་ནས་སོ། །
- ཟིན་ཐོ་གོང་མ།བླ་མའི་གསོལ་འདེབས་འོས་སྦྱོར།
- ཟིན་ཐོ་འོག་མ།མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེས་གདམ་ངག འོས་སྦྱོར།