སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེས་གདམ་ངག  འོས་སྦྱོར། | 2012/6/17 19:47:00

མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་རིན་པོ་ཆེས་གདམ་ངག

༄༅། རིག་སྟོང་རྗེན་པའི་ཉམས་ལེན་ཟེར་བ། ཕྱི་ཡི་སྣང་བར་ཞེན་པའི་མ་བསླད། ནང་གི་འཛིན་པ་སེམས་ཀྱིས་མ་སྒྲིབ། ཐད་ཀའི་ཤེས་པ་གསལ་སྟོང་དབྱེར་མེད། རྟོག་ཞེན་འཛིན་པའི་གོས་དང་བྲལ་བ། འདི་ཀ་ཉམས་སུ་ལེན་ལ་ཟེར་རམ། ཚུལ་ཡེ་ནས།

 

 །བོན་ཐམས་ཅད་ཡེ་ནས་རང་གི་ངོ་བོ་སྟོང་ཉིད་དུ་གནས་པའམ་སྟོང་ཉིད་དུ་གྲོལ་བ་ལ་གཞི་ཡེ་གྲོལ་དང༌། སྟོང་ཉིད་དེའི་ངོ་བོ་ལ་འཁོར་འདས་སྐྱོན་ཡོན་གྱི་དྲི་མས་མ་གོས་པས་ཀ་དག་འཁོར་འདས་ཐམས་ཅད་གཞི་དེ་ལ་འབྱུང་རུང་མ་འགག་པའམ་གཞི་དེའི་ངང་ནས་རང་བཞིན་གྱིས་འབྱུང་བས་ན་རང་བཞིན་ལྷུན་གྲུབ། ལྷུན་གྲུབ་ཀྱི་སྣང་ཚུལ་མཐའ་དག་དང་རང་གི་ངོ་བོ་སྟོང་ཉིད་དུ་གནས་པ་གཉིས་དབྱེར་མི་ཕྱེད་པའམ་དབྱེར་མེད་གཅིག་ཏུ་གནས་པ་ལ་ཐུགས་རྗེ་ཀུན་ཁྱབ་དང་བཅས་ནི་གཞི་ཡི་གནས་ལུགས་སོ། །

སེམས་ཉམས་སུ་ལེན་ཚུལ་ནི། སེམས་དང་སྣང་བ་ཐམས་ཅད་སྟོང་ཉིད་གཅིག་གི་ངོར་དབྱེར་མེད་དུ་གནས་པ་ལ་སྣང་བ་ཕར་ཕྱེ་ནས་སྐྱོན་དུ་མི་བལྟ། ཚུར་སེམས་ལ་མི་བསྡུ་སེམས་སྔོན་མའི་རྗེས་སུ་མི་འབྲེང༌། ནང་དུ་འཁྲུལ་རྟོག་གཟུང་འཛིན་སོགས་ཀྱིས་མ་བསླད་མ་བཅོས་པར་ད་ལྟའི་ཤེས་རིག་གསལ་སྟོང་དབྱེར་མེད་ཀྱི་ཐོག་ཏུ་བཞག་བྱ་འཇོག་བྱེད་མེད་པར་རང་བབས་སུ་བཞག་པ་ལ་ཉམས་ལེན་བྱེད་པར་ཟེར་རོ། །

སྣང་བ་མ་འགག་པར་ཡེ་རེ་ཡོད་ཀྱང་སྣང་མཁན་གྱི་ངོ་བོར་རང་བཞིན་མ་གྲུབ་པར་སྟོང་སང་ངེ་གནས་པ་འདི་ལ་སྣང་སེམས་དབྱེར་མེད་ཕྱི་ལྟ་བ་དང་ནང་སེམས་འདྲེས་པ་ཟེར། ཕར་སྣང་བ་ལ་བལྟས་ན་རང་བཞིན་གང་ཡང་མེད་པས་ལྟ་བའི་ཡུལ་མེད། ཚུར་སེམས་ལ་བལྟས་ན་ངོ་བོ་འདིར་ཞེས་བརྗོད་དུ་མེད་པས་ལྟ་བྱེད་མཁན་པོ་མེད། བལྟ་བྱ་ལྟ་བྱེད་མེད་པ་ལ་ལྟ་བ་ཟེར།

རིག་པའི་གཤིས་ལུགས་སྣང་སྟོང་ཡོད་མེད་རྟག་ཆད་སོགས་གང་གི་མཐར་མ་ལྷུང་ཞིང་གང་གི་ངོ་བོ་མི་གནས་པའི་ཆེད་དུ་བསྒོམ་བྱ་ཅི་ཡང་མེད། སྒོམ་བྱེད་མཁན་པོ་ཡང་དེའི་རང་བཞིན་དུ་ཤེས་པར་སྟོང་ཉིད་རང་གསལ་ལ་རིག་པ་རང་བབས་འཇོག་པ་ལ་སྒོམ་བྱེད་པའི་ཐ་སྙད་བཏགས།

ཕྱི་སྣང་བ་དང་ནང་སེམས་བར་རྣམ་རྟོག་ཐམས་ཅད་གཤིས་སྟོང་ཉིད་གཅིག་གི་ངོར་དབྱེར་མི་ཕྱེད་པར་གནས་པ་ལ་སྤྱོད་བྱ་ཅི་ཡང་མ་གྲུབ་པས་སྤྱོད་བྱེད་རང་བཞིན་མ་གྲུབ་པར་ཤེས་ནས་སྣང་སེམས་གང་ཡང་རང་རྩལ་དུ་ཁྱེར་ནས་སྤྱོད་བྱ་སྤྱོད་བྱེད་མེད་པ་ལ་སྤྱོད་པ་ཟེར་རོ། །

སྣང་བ་སྣང་སྟོང་དབྱེར་མེད་བོན་སྐུ་སྣང་ལ་མ་འགག་པར་རང་གསལ་རྫོགས་སྐུ་སྣ་ཚོགས་སུ་སྣང་ཡང་སྟོང་ཉིད་ལས་མ་འདས་པ་སྤྲུལ་སྐུའོ། །

སྣང་སེམས་དབྱེར་མེད་མི་ཕྱེད་པའི་སྟོང་ཉིད་རང་གསལ་ཆེན་པོ་མིང་བརྗོད་རྟོག་བརྟགས་ལས་འདས་པ་འདི་ཐོབ་བྱ་དང་ཐོབ་བྱེད་ལས་འདས་པའི་འབྲས་བུ་རུ་ཤེས་པར་བྱའོ། །བོན་སྐུ་རུ་ཤེས་པར་བྱའོ་རྫོགས་སྐུ་རུ་ཤེས་པར་བྱའོ། །སྤྲུལ་སྐུ་རུ་ཤེས་པར་བྱའོ། །སྐུ་གསུམ་དབྱེར་མེད་དུ་ཤེས་པར་བྱའོ། །ཚུལ་ཡེ་པས་སྤྱི་ལོ་༡༩༩༥ལོར་བྲིས་བཀྲ་ཤིས་

༄༅། །ལྟ་བ་ལྟ་བ་ཟེར་ཡང༌། དཔེ་མཚོན་དང་བསམ་བརྗོད་བྲལ་བའི་རིག་པ་ཟང་ཐལ་ཞིག སྒོམ་པ་སྒོམ་པ་ཟེར་ཡང༌། རང་གསལ་བཅོས་བསྒྱུར་མེད་པའི་རང་མདངས་རྗེན་པ་ཞིག སྤྱོད་པ་སྤྱོད་པ་ཟེར་ཡང་རང་རྩལ་འགག་ཏུ་མེད་པའི་ཐུགས་འབྱུང་རང་ཡན་ཞིག འབྲས་བུ་འབྲས་བུ་ཟེར་ཡང་འཁོར་འདས་སེམས་སུ་ཆོད་པའི་རིག་སྟོང་རྗེན་པ་ཞིག ཚུལ་ཁྲིམས་ཡེ་ཤེས་ནས་བྲིས་སོ། །

 

 

ངོ་བོ་སྟོང་པ་ལ་ཕྱོགས་རིས་བྲལ་ན་ལྟ་བ། །

རང་བཞིན་གསལ་བ་ལ་དམིགས་གཏད་མེད་ན་སྒོམ་པ། །

གསལ་སྟོང་གཉིས་མེད་ཀྱི་དོན་ལ་འཛིན་ཞེན་མེད་ན་སྤྱོད་པ་ཡིན་པར་འདུག །

ཧ་ཧ་ཚུལ་ཡེ་ནས།གེའོ། །གནས་ལུགས་རིག་སྟོང་རྗེན་པ་དང་བག་ཆགས་ཀྱི་ལུས་གཉིས་འབྲེལ་བ་མི་སྣང་སྟེ། ཞེན་སེམས་ངར་འཛིན་གྱི་བློ་དང་ལུས་གཉིས་འབྲེལ་བར་སྣང༌། གཞི་མེད་གནས་ལུགས་ཀྱི་དོན་དང་འཁྲུལ་སྣང་གི་ཡུལ་གཉིས་འབྲེལ་བ་མི་སྣང་སྟེ། གཟུང་འཛིན་མ་རིག་པའི་བློ་དང་ཡུལ་གཉིས་འབྲེལ་བ་སྣང༌། ཚུལ་ཁྲིམས་ཡེ་ཤེས་ནས།

འཁོར་འདས་ཀྱི་རྩ་བ་སེམས་ལ་ཐུག་ཅིང༌། སེམས་སྟོང་གཞི་མེད་རྩ་བྲལ་དུ་གཏན་ལ་དབབ་དགོས། དང་པོ་བྱུང་ས་མེད་པས་རང་བཞིན་སྟོང་པ། མཐའ་མ་འགྲོ་ས་མེད་པས་རྩལ་བསམ་དྲན་ཐམས་ཅད་སྟོང་པར་ཐག་ཆོད་དགོས། སེམས་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་བྱུང་སའི་གཞི་རྩ་མེད། རྟེན་གང་ལ་མ་བཅས་པས་རིག་པ་ཟང་ཐལ་ལ་གནས་ས་བྲལ། རྩལ་བསམ་དྲན་གྱི་མཁན་པོ་རང་ཐོག་ཏུ་ཆོད་ན་འགྲོ་སའི་གཞི་རྩ་ཅི་ཡང་མེད། ཨ་ལ་ལ་འཁོར་འདས་བོན་ཀུན་སེམས་ལ་རྫོགས། སེམས་ངོ་བོ་རང་བཞིན་རྩལ་དང་གསུམ། གཞི་སྟོང་ཉིད་རྩ་བྲལ་དུ་གོ་བ་འདི། རྗེ་དྲིན་ཆེན་གྱི་བླ་མའི་བཀའ་དྲིན་ཡིན། ཚུལ་ཡེ་པས་གང་དྲན་བྲིས།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.