སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དཔྱད་བུ་ཁྲི་ཤེས་ཀྱི་དབང་མཆོག་ | 2012/5/25 17:45:00

 

{དཔྱད་བུ་ཁྲི་ཤེས་ཀྱི་དབང་ཆོག}                       ན་མོ༔སངས་རྒྱས་བོན་དང་གཤེན་རབ་ཚོཊ་རྣཾས་ཀྱི།འགྲོ་བ་ནད་ཀྱི་སྡུག་བསྔལ་སྐྱབས་མཛད་པ། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཡི། ཐུགས་རྗེས་འགྲོ་བའི་དོན་དུ་སྤྲུལ་པའི་སྲས། དཔྱད་བུ་ཁྲི་ཤེས་ཁྱེད་ཀྱི་འཁོར་རྣམས་དང་། སྡུག་བསྔལ་ནད་ཀྱི་འགྲོ་བ་སྐྱབས་མཛད་པ། གསང་བའི་དབང་བཞི་ཡོངས་སུ་བསྐུལ་ལག་བགྱིས།དད་པའི་སྒོ་ནས་མོས་པའི་ཐལ་མོ་སྦྱར། ཨ༔དུས་གསུམ་བདེར་གཤེགས་མ་ལུསཐམས་ཅད་ཀུན།བོན་ཉིད་སྐྱེ་མེད་དབྱིངས་ན་བཞུགས་མོད་ཀྱང་། ཐུགས་རྗེས་འགྲོ་བ་སེམས་ཅན་དྲང་པའི་ཕྱིར། གང་ལ་གང་འདུལ་སོ་སོའི་བོན་ རྣམས་སྟོན། རྣམ་མཁྱེན་རྒྱལ་བ་གཤེན་རབ་མི་བོ་ཡིས། རིག་གནས་ཆེད་མངག་བོན་གྱི་         འཁོར་ལོ་བསྐོར། འགྲོ་བ་ནད་ཀྱི་སྡུག་བསྔལ་སེལ་མཛ་པ། དཔྱད་བུ་ཁྲི་ཤེས་སངས་རྒྱས་ སྨན་གྱི་ལྷ། དམ་པའི་དབང་ཆོག་བདག་ལ་བསྐུར་དུ་གསོལ། ཞེས་ཞུས་པས་སྟོན་པ་ཐུགས་མི་གཡོ་ བའི་དགོངས་པའི་ཀློང་དུ་བཞུགས་ནས། འགྲོ་རྣམས་སྙིང་རྗེ་ཚད་མེད་བཞི་ཡིས་རྒྱུན་དུ་སྐྱོང་ཞིང་འདི་སྐད་གསུངས་སོ། ཨ༔དུས་གསུམ་བདེར་གཤེགས་དབྱིངས་ན་གནས་པ་ཡི། ཐུགས་རྗེ་འགྲོ་བའི་དོན་དུ་སྐུ་ཡང་བསྐྱོད། སེམས་ཅན་ནད་ཀྱི་སྡུག་བསྔལ་གྲོལ་བའི་ཕྱིར། དཔྱད་བུ་ཁྱེད་ཀྱི་དབང་ཆོག་དམ་པ་འདིས།  འགྲོ་ཀུན་སྡུག་བསྔལ་ནད་ལས་གྲོལ་འགྱུར་ཅིག།ཨཱོྃ༔ང་ནི་དུས་གསུམ་བདེར་གཤེགས་འདུས་ པའི་སྐུ། གཤེན་རབ་བགེགས་ལས་རྣམ་པར་རྒྱལ་བ་ཡིན། བར་ཆོད་བྱེད་པའི་བགེགས་ རིགས་ཐམས་ཅད་ཀུན། ས་ས་སོ་སོར་རང་རང་གནས་སུ་སོང་། ཨཱོྃ༔དུས་གསུམ་བདེར་ གཤེགས་ཀུན་གྱི་ངོ་བོ་ཉིད། གཤེན་རབ་རྒྱལ་བའི་སྐུ་ལ་སྐྱབས་སུ་མཆི། འགྲོ་ཀུན་སྡུག་བསྔལ་ ནད་རྣམས་སེལ་མཛད་པ། དཔྱད་བུ་ཁྲི་ཤེས་ལྷ་ལ་སྐྱབས་སུ་མཆི། དེ་བཞིན་སེམས་བསྐྱེད་       རྣམ་པར་དག་པ་ཡི། རང་རང་བརྒྱུད་པ་བཅས་ལ་སྐྱབས་སུ་མཆི། འགྲོ་ཀུན་སྡུག་བསྔལ་ནད ་ལས་གྲོལ་ནས་ཀྱང་། ཚད་མེད་བཞི་ཡི་དངོས་འགྲུབ་སྩལ་དུ་གསོལ། ཨ༔མ་རིག་འཁོར་བ་ འཁྱམས་པའི་སེམས་ཅན་རྣམས། དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ་བ་དང་། གསོ་དཔྱད་བདུད་རྩི་ སྨན་གྱི་ཆར་འབེབས་ཤིང་། སེམས་བསྐྱེད་རྣམ་པར་དག་པའི་འགྲོ་དོན་གྱིས། ཡང་དག་ཟབ་ མོ་ཚད་མེད་བཞི་ལྡན་གྱིས། འགྲོ་ཀུན་སྡུག་བསྔལ་ཞི་ཕྱིར་སེམས་བསྐྱེད་དོ། ཨ༔དུས་གསུམ་ བདེར་གཤེགས་ཐམས་ཅད་འདུས་པའི་སྐུ། གཤེན་རབ་སངས་རྒྱས་རྣམ་པར་རྒྱལ་བ་ལ། ཐུགས་རྗེས་འགྲོ་བ་འདུལ་བའི་དོན་མཛད་ཅིང་། སེམས་ཅན་ནད་ཀྱི་སྡུག་བསྔལ་སྦྱོང་བ་མཛད། དཔྱད་བུ་ཁྲི་ཤེས་སངས་རྒྱས་སྨན་གྱི་ལྷ། ཕྱག་ན་སྨན་གྱི་རྒྱལ་པོ་གསེར་མདོག་འཛིན། འགྲོ་ཀུན་ སྡུག་བསྔལ་ནད་རྣམས་འཇོམས་པར་མཛད །བདག་ཅག་རྣམས་ལ་དབང་བཞི་མཆོད་ བསྐུལ་གྱིས། དད་གུས་མོས་འདུན་གདུང་བ་ཆེན་པོ་ཡིས། སེམས་དཔའ་ཆེན་པོའི་དགོངས་པ ་གནས་པར་བགྱི། ཨ༔བདུད་རྩི་གཡུ་འོད་འབར་བའི་མཆོད་སྦྱིན་འདིས། འཁོར་བའི་སེམས་ཅན་བག་ ཆགས་དྲི་མ་བཀྲུ། ཉོན་མོང་རྒྱུ་འབྲས་ནད་ཀྱི་མུན་པ་འཇོམས། རང་རིག་ཡེ་ཤེས་རྣམ་པར་དག་འགྱུར་ ཅིག། ཨ༔དེ་བཞིན་རྣམ་པར་དག་པའི་གཞལ་ཡས་ནས། སྣང་བ་སྣོད་བཅུད་དག་པ་རབ་འབྱམས་ཞིང་། མར་མེ་མེ་ཏོག་ཚན་ཆབ་སྤོས་ལ་སོགས་། འདོད་ཡོན་ལྔ་ལྡན་ཚང་པའི་མཆོད་པ་འདིས། སངས་ རྒྱས་སྨན་གྱི་ལྷ་དང་རིག་འཛིན་གྱི། རང་རང་བརྒྱུད་པ་ཁྱེད་ལ་མཆོད་པ་འབུལ། ཁྱེད་རྣམས་ཐུགས་ དགྱེས་མཉེས་ཤིང་མཉེས་པ་ཡིས། འཆི་མེད་ནད་སེལ་སྨན་གྱི་དངོས་འགྲུབ་སྩོལ། ཨ༔དུས་གསུམ་ བདེར་གཤེགས་གཤེན་རབ་རྒྱལ་བའི་མཆོག། ཐུགས་རྗེས་སྤྲུལ་པ་སྐུ་ཡི་སྲས་བཞི་ཡིས། འགྲོ་ཀུན་ སྡུག་བསྔལ་མ་ལུས་སེལ་བའི་ཕྱིར། སོ་སོ་རང་རང་རིགས་པའི་གནས་ལྔའི་བཟུང་། འགྲོ་ཀུན་སྡུག་ བསྔལ་ནད་ལས་གྲོལ་བ་ཡི། དཔྱད་བུ་ཁྲི་ཤེས་སངས་རྒྱས་སྨན་གྱི་ལྷ། སྐུ་མདོག་སེར་མདངས་རང་རང་ མཛེས་དང་ལྡན། ཕྱག་ན་སྨན་གྱི་རྒྱལ་པོ་གསེར་མདོག་འཛིན། བདག་ཅག་དད་ལྡན་གཡུང་དྲུང་སེམས་ དཔའ་ལ། སངས་རྒྱས་སྨན་གྱི་ལྷ་ཡིས་དབང་བསྐུར་བས ཇི་སྲིད་འཁོར་བའི་སེམས་ཅན་ཐམས་ཅད་ ཀུན། དེ་སྲིད་བདེ་བ་ཆེན་པོ་མ་ཐོབ་པར། སེམས་བསྐྱེད་རྣམ་པར་དག་པའི་གཞི་བཞག་ནས། སེམས་ཅན་ དོན་དུ་སྨན་གྱི་སྦྱིན་པ་འདིས། རྒྱུ་འབྲས་ནད་ཀྱི་མུན་པ་ཀུན་སེལ་ནས། ཐར་པ་མཆོག་གི་འབྲས་བུ་ཐོབ་ པར་ཤོག། ཨ༔དཔྱད་བུ་ཁྲི་ཤེས་སངས་རྒྱས་སྨན་གྱི་ལྷ། སུམ་བརྒྱ་དྲུག་ཅུ་བཞི་བརྒྱ་རྩ྄་བཞིའི་གཟུངས། གང་ལ་གང་འདུལ་དེ་ལ་དེ་སྟོན་ཅིང་། ཕན་དཔྱད་བརྒྱུད་སྡེ་བཞི་ཡི་ལམ་སྟོན་ནས། བདག་ཅག་རྣམས་ལ ་ཚད་མེད་བཞི་ལྡན་གྱི། དངོས་འགྲུབ་དམ་པ་མཆོག་ཐུན་སྩལ་ནས་ཀྱང་། འགྲོ་ཀུན་སྡུག་བསྔལ་ནད་ ལས་གྲོལ་བ་དང་། མཐར་ཐུགས་སྨན་གྱི་ལྷ་ཡི་གོ་འཕང་མཆོག། མངོན་པར་རབ་རྫོགས་སངས་རྒྱས་ས་ ཐོབ་ཤོག།།    དྭངས་ར་བ་ ཀུན་བཟང་བསྟན་འཛིན་རིན་པོ་ཆེས་མཛད་པའོ།།

                  

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.