རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན། སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885 ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408 རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།
- ལུང་རིག་འཁོར་ལོ།
- སྨན་རིའི་ཡོངས་འཛིན
- སྙིང་པོ་རྣམ་གྱི་ཕན
- མ་རྒྱུད་ཐེག་པ་གང་ལ
- མི་སྣ་རིདས་ཕྱི་མ་ག
- བོད་ལ་མི་ཆོས་ཀྱི་ར
- རི་དམར་སྣའི་གྲུབ་ཐ
- སྒོ་བཞི་མཛོད་ལྔའི་
- སུག་བུ་ཆུང་གི་སྐོར
- སྔགས་ཆས།
- གྲོང་ཆོག་སྐོར་གྱི་
- སྔགས་འཆང་བ།
- གནའ་རྫས་རི་མོའི་བོ
- ལོ་རྒྱུས་མི་སྣ་དང་
- རྗེ་མཉམ་མེད་པའི་རྣ
- རྗེ་མཉམ་མེད་པའི་སྐ
- མིའི་བུ་མོ་དང་ཀླུ་
- ངའི་ཕུག་བསམ་གཉིས་ག
- Re:རྒྱལ་ཤོད་ལ་བླ་ག
- Re:སྒོ་བཞི་མཛོད་ལྔ
- Re:ལུང་རིག་འཁོར་ལོ
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:གནའ་རྫས་རི་མོའི
- Re:བོད་ལ་མི་ཆོས་ཀྱ
- Re:བོད་ལ་མི་ཆོས་ཀྱ
- Re:རྗེ་མཉམ་མེད་པའི
- Re:ངའི་ཕུག་བསམ་གཉི
- Re:ངའི་ཕུག་བསམ་གཉི
- Re:བོད་དཔེ་བཀའ་གཏེ
- Re:སྟག་སླག་ཅན་ལ་ཟུ
- Re:2ཁྱུང་ནག་བསམ་གཏ
- Re:ཁྱུང་པོའི་བླ་ཆུ
- Re:ཁྱུང་པོའི་བླ་ཆུ
བསླབ་བྱའི་ཀ་ཕྲེང་བཞུགས།
ཨ་བོ་མདོ་མེད་ཤེས་མེད་གླེན་པ་ངས། །
ཧ་གོ་མིག་རིག་མྱོང་བའི་དོན་འགའ་བཤད། །
ས་སྟེང་འདིར་གནས་སྐྱེ་བོ་གང་དག་ཀུན། །
ཤ་ཚ་ཞི་དུལ་ཁོ་ནའི་མགུ་དཀའ་ཡང༌། །
ལ་ལུང་གང་དུ་འགྲོ་དང་གར་བསྡད་ཀྱང༌། །
ར་ལྟར་གྱོང་བའི་གཤིས་ལ་སུ་མི་དགའ། །
ཡ་རབས་ལམ་སྟོན་བདེན་གཏམ་གཙག་བུའི་དབལ། །
འ་འུར་ངོ་བསྟོད་རྫུན་གཏམ་དར་ལས་འཇམ། །
ཟ་གོས་འབྱོར་བའི་སྐབས་དང་ཕོངས་པའི་དུས། །
ཞྭ་ལྟར་བཀུར་དང་རྒྱང་བྱོལ་གྲོགས་ངན་གཤིས། །
ཝ་ལེ་ཝུ་ལེའི་ཡིད་འཆར་གཏམ་སྣ་ཚོགས། །
ཛ་དྲག་ཁ་ནས་ཐོན་དྲགས་ཆག་སྒོའི་གཞི། །
ཚ་འཇམ་རན་དང་སྐབས་ལ་བབ་པའི་དུས། །
ཙ་ཙེར་འཚེར་སྣང་འཛེམ་ཟོན་དོན་མི་འགྲུབ། །
མ་རབས་གཤིས་ལ་འཇགས་པའི་ངན་སྤྱོད་ཅན། །
བ་གླང་ལྟ་བུ་བཟང་ངན་བླང་དོར་མེད། །
ཕ་རོལ་གཞན་གནོད་རང་ཁེ་སྒྲུབ་པའི་གྲོགས། །
པ་ཏྲའི་རིས་ལྟར་སྦྲེལ་མཐུད་དམ་མ་དྲགས། །
ན་ཚོད་རྒན་གཞོན་ཁས་ཞན་དྲགས་པའི་རིགས། །
ད་གཟོད་རྒྱུས་ཚོད་མ་ལོན་འཕྲད་མ་ཐག །
ཐ་ཤལ་ངོས་དགའ་ལྐོག་བཤད་བློ་གཏད་སོགས། །
ཏ་ལེར་བྱེད་པ་མ་སྔ་རང་ཚུགས་ཟུངས། །
ཉ་ཆུ་ལྟ་བུ་རྒྱུན་རིང་གཤིབ་པའི་ནང༌། །
ཇ་ཆུ་འདྲེས་ལྟར་ཕར་ཚུར་བརྩེ་གདུང་ཅན། །
ཆ་ཤས་སྐྱོན་དང་འབྱོར་ལྡན་ཕོངས་ཀྱང་རུང༌། །
ཅ་བཅོས་གཡོ་སྒྱུས་བརྩེ་གདུང་དོར་མི་རིགས། །
ང་རྒྱལ་རང་ཤེད་རང་སྐྱོན་རྟག་ཏུ་སྤོངས། །
ག་འགྲོ་གར་བསྡད་གྲོགས་དང་མཐུན་པར་མཛོད། །
ཁ་ངག་འཇམ་ཞིང་ཁོག་ཏུ་གྲིམ་པོར་གྱིས། །
ཀ་ཕྲེང་ཚུ༷ལ་འདི་ཡེ༷་ཤེས་ཀྱི༷ས་བསྐུལ་བྲི༷ས། །
ཀ་བ་ལྟ་བུ་བློ་དྲང་ཁོག་ཡངས་མིར། །
ཁ་ཕྱོགས་བློ་བཏད་བྱས་ཀྱང་བསླུ་བ་མེད། །
ག་ནས་དཔྱད་ཀྱང་ངོ་འཛུམ་གཡོ་སྒྱུ་ཅན། །
ང་ཚོའི་གྲོགས་སུ་བསྟེན་ན་ཕུང་བའི་གཞི། །
ཅ་ཅོའི་ཕྱི་ཚུལ་མ་གཟབ་དྲང་བདེན་མཁན། །
ཆ་ལུགས་ཆས་གོས་གཟབ་པའི་གཡོ་ཅན་གཉིས། །
ཇ་ཡུན་ཙམ་གྱིས་བཟང་ངན་ཤེས་དཀའ་བས། །
ཉ་བེ་ཉོ་བེའི་བསྟོད་སྨད་བྱེད་མ་སྔ། །
ཏ་ལ་བཅད་ལྟར་ངན་སྤྱོད་དོར་དཀའ་ཡང༌། །
ཐ་ཤལ་བ་བཞིན་ངན་དགུ་སྤྱོད་ན་མཚང༌། །
ད་རེས་བཟང་པོའི་གྲགས་པ་མ་ལྡན་ཀྱང༌། །
ན་ནོག་གཏམ་ངན་བསྐལ་མཐར་ཁྱབ་ན་འགྱོད། །
པ་རེ་པུ་རེའི་མི་ཚེ་ཡུན་ཙམ་ལ། །
ཕ་རོལ་གཞན་ཕན་ཁོ་ན་མ་འགྲུབ་ཀྱང༌། །
བ་མོས་ལོ་ཏོག་འཇོམས་ལྟར་གཞན་གནོད་ཀྱི། །
མ་བཅོལ་ལས་ལ་འབད་པ་མ་བྱེད་ཅིག །
ཙཀྲ་བསྐོར་ལྟར་མགོ་བསྐོར་བསླུ་མང་ན། །
ཚ་གྲང་འཐབ་བཞིན་ཀུན་འགལ་མི་གྲལ་འབུད། །
ཛ་ལང་ཁེངས་དྲེགས་གཞན་ལ་བརྙས་ཆེ་ན། །
ཝ་སྐྱེས་བཞིན་དུ་ནམ་ཞིག་རང་སྨ་འབབ། །
ཞྭ་བཞིན་ཀུན་གྱིས་བཀུར་འོས་མ་གྱུར་ཡང༌། །
ཟ་རེ་ཟུ་རེའི་ཟོག་པོ་གཡོ་སྒྱུ་ཅན། །
འ་འུར་རྫུན་གྱིས་མི་མགོ་བསྐོར་མཁས་པ། །
ཡ་མེད་དེ་འདྲ་བྱེད་དགོས་ཅི་ཀྱང་མེད། །
ར་མ་ལུག་གི་སྐད་དང་ཆ་ལུགས་སོགས། །
ལ་ལུང་གང་གི་ཚུལ་དང་མ་མཐུན་ན། །
ཤ་གཟན་སྤྱང་ཁུའི་མགོ་ལ་རྭ་སྐྱེས་བཞིན། །
ས་སྟེང་རིགས་མཐུན་མི་ཀུན་ཡ་མཚན་འཛིན། །
ཧ་ཧ་ཨ་མཚར་ཀུ་རེ་སྨྲས་པ་ཡིན། །
ཨ་ཨ་ཅུང་ཟད་ཙམ་ཡང་བདེན་ཤས་ཆེ། །
འདི་ཡང་སྤུན་འོད་ཟེར་མཐའ་རྒྱས་ནས་བསྐུལ་ངོར་མཐའ་ཞུ་ཚུལ་ཁྲིམས་ཡེ་ཤེས་ཀྱིས་བྲིས་སོ། །
- ཟིན་ཐོ་གོང་མ།དཀོན་མཆོག་རྩ་གསུམ་འདུས་པའི་གསོལ་འདེབས་བཞུགས།
- ཟིན་ཐོ་འོག་མ།བྱ་བྲལ་ཚུལ་ཡེ་པས་གསུང་བརྩོམ་ངོ་སྤྲོད་