གནམ་སྲས་གཟི་དམར།
སྤྱི་བསྒྲགས།

    རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན།   སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885  ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408  རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།

ལི་ཐོ།
    <<  < 2021 - >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
༄༅༈ མཆོད་གཏོར་བཤམ་ཚུལ་ནི། | 2012/5/18 14:20:00

༄༅༈ མཆོད་གཏོར་བཤམ་ཚུལ་ནི། དྲུང་མུ་གཅོད་ཆེན་ལས། རྒྱུ་ནི་ཆུ་གཙང་རྒྱ་མཚོ་ལུ་མིའི་ཆུ། དྲི་ངན་དམར་འབང་ཆང་ལས་སོགས་ ཉམས་སྐྱོན་མེད་པ་གཅེས་པ་ཡིན། གཞན་ཡང་འབྲུ་སྣ་ཚོགས་ཚད་དང་། དཀར་གསུམ་མངར་གསུམ་བཟང་པོ་དྲུག  ག་བུར་གྷི་ཝང་འབྲས་བུ་གསུམ་། ཙནྡ་དཀར་པོ་ཨ་ཀ་རུ། སི་ལ་དྲི་ཞིམ་སྤོས་སྣ་ཚོགས་ མེ་ཏོག་དུག་མིན་རྙེད་ཚད་གསོགས རྐུ་འཕྲོག་བརླམས་པ་དེ་རིགས་མིན་། རུལ་སྲུང་མནོལ་ཆགས་མེད་པ་སྟེ་། ་ཁ་དོག་བཀྲག་མདངས་ལྡན་པ་སོགས་། གསུམ་པ་བཤམས་ཐབས་བསྟན་པ་ནི་ རིན་ཆེན་གསེར་དངུལ་ཁྲི་གདན་རབ་། འབྲིང་ནི་ལྕགས་ཟངས་རྣམས་ཕྱིང་བྱ་། ཐ་ན་ཤིང་དང་ས་སྟེགས་སོགས མཐོ་ལ་ལེགས་པའི་ཁྲི་སྟེང་དུ་ གསེར་དངུལ་ཟངས་ལྕགས་ལི་ཕོར་སོགས་། ཐ་མ་རྫ་ཤིང་མཛེས་པའི་སྣོད་། གཙང་ཞིང་ཡིད་གར་འོང་བར་སུ་།  ཡར་ཡོ་བར་ཆད་འདབས་འདྲེས་མིན་། ཁྱེའུ་བུ་མོ་གཙང་མ་ནི། གོས་གསར་གོན་ཏེ་དྲི་སྨན་བྱུགས། བདུད་རྩི་རྒྱུན་སྦྲེང་ཚུལ་དུ་བཤམས་། བཞི་པ་བཤམས་སྟར་སྐྱོན་ཡོན་ནི་། མཆོད་པ་གཅིག་ལ་གཅིག་རེག་ན། མ་ཕྱེད་འདེབས་འདྲེས་ཞེས་བྱ་སྤང་། དང་པོ་བཤམས་ནས་རེག་མི་བྱ་། རེག་ན་ཡང་གཅིག་སྣོན་པར་བྱ་། མཆོད་དུས་མི་ལགས་མི་རེག་ མཆོད་པར་གཡེན་ན་བར་ཆད་འབྱུང་། ཡོ་ན་རྗེས་སུ་སྲོངས་པ་མིན་། དང་པོ་མ་ཡོ་བརྟན་པོ་རུ་། ཐབས་ཀྱི་དྲང་པོ་བཞག་པ་ཡིན་།  བཀུར་སྟི་སྲིད་ཞིའི་ཚུལ་དུ་བཤམས་། མཆོད་པ་བཤམས་པའི་བར་སྐབས་སུ་། ཕྱག་གིས་འགྲེམ་པའི་ཚུལ་སྟར་བྱ་། མཆོད་པ་བཤམས་ལྟར་བྱ་བ་ཡིན་། ལྷག་མ་བཤལ་ཆུ་རེ་ཡོད་གནད་། འཁྲུག་ཅིང་འཐོར་ན་བསམ་མི་འགྲུབས་། བོར་ཞིང་འཚར་ན་གོད་ཁ་འབྱུང་། དེས་ན་ལེགས་པ་བཤམས་པར་བྱ་།   མཁས་པ་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའི་མཆོད་གཏོར་ཨ་དཀར་ལྷ་རྒྱུན་ལས་བཏུས་།   བོད་ནི་དབུས་གཙང་གཉིས།ཞུང་ཞང་ནི་དང་རྭའི་ས་ཕྱོགས།ལི་ཡུལ་ནི་མངའ་རིས་ཀྱི་་བྱང་ཕྱོགས་ད་ལྟ་ཤས་འཇོམས་ཀྱི་ས་ཆ།བྲུ་ཤ་ནི་མངའ་རིས་ནུབ་ཕྱོགས་དྲང་ཐད་ཕྱིན་པས་ {བདེ་རྒེའི་ཁྲིས}་ ཞེས་པའི་ས་ཆ་དེ་ཡིན།  ཨོ་རྒྱན་ནི་བྲུ་ཤ་ནས་ལྷོ་ནུབ་ཕྱོགས་ཕྱིན་པས་{སོ་བ་བྷ་ལ་}ཞེས་པའི་ས་ཆ་དེ་ཡིན། ་བྲུ་ཤ་དང་ཨོ་རྒྱན་གཉིས་ནི་ད་ལྟ་པ་ལི་སུ་ཏན་གྱི་ཁོང་གཏོགས་ཡིན་།ཁ་ཆེ་ནི་ཨོ་རྒྱན་ནས་ཕྱིན་པས་ཀ་ཤི་མེར་གྱི་ས་ཆ་དེ་ཡིན། སྟག་གཟིགསནི་ཨ་རབ་ཀྱི་རྒྱལ་ཁབ་ནང་ནས{་ཨ་ཕ་ཀ་ལི་སུ་ཏན}་གྱི་ཟུར་ལ{་གཡས་རུམ}ཞེས་པའི་ས་ཆ་དེ་ཡིན།རྒྱ་མཁར་བ་ཆོད་ནི སྟག་ གཟིགས་ཀྱི་ཡུལ།      སམ་སི་ཊྲིའི་སྐད་དེ་སུམ་ཅུ་རྩ་་སུམ་གྱི་ལྷ་གནས་ནསདར་། དེ་ནས་སྟག་གཟིགས་ཡོ་རབ་ཨ་རབ་སོགས་ལ་དར་།  ལས་མཐའ་མ་ལོག་ནི་ཕ་མ་དགེ་ལྡན་གྱི་   བུ་རུ་སྐྱེས་ནས་གཡུང་དྲུང་བོན་གྱི་བསྟན་པ་དང་འཕྲད་པ།།བཀུར་སྟི་ལུས་ངག་ཡིད་གསུམ་གྱིས་གུས་འདུན་བྱེད་པ།།རིམ་འགྲོ་གཙང་སྦྲ་དང་བྱི་དོར་བྱེད་ནས་གུས་ཚུལ་གྱི་མཆོད་པ་འབུལ་བ།             ཕུད་དུད་བྱ་བ་གང་དང་གང་བྱས་ཀྱང་དང་པོ་དེ་ཕྱོགས་སུ་བྱེད་པ་ལ།།བཤགས་པ་དགོངས་པ་མ་འཚོང་ཞེས་པའི་དོན་ཡིན།།མཐོལ་བཤད་པའི་དོན།། ཡིད་རང་རང་གཞན་སུ་ཡིས་བྱ་བ་   གང་བྱས་པ་ལ་ཧ་ཅང་རང་གིས་མོས་པ་བྱེད་པ།།

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.