གནམ་སྲས་གཟི་དམར།
སྤྱི་བསྒྲགས།

    རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན།   སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885  ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408  རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།

ལི་ཐོ།
    <<  < 2021 - >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
{མཁའ་འགྲོ་སྐལ་པ་བཟང་མོའི་དགོངས་སྤྱོད་།}དྭངས་ར་སྤྲུལ་སྐུའི་དགོངས་གཏེར་ | 2012/5/18 14:21:00
{མཁའ་འགྲོ་སྐལ་པ་བཟང་མོའི་དགོངས་སྤྱོད་།}    ཨ༔  རང་སེམས་དཔེ་མེད་བརྗོད་འདས་བོན་གྱི་སྐུ། རང་གསལ་སྣང་ཆ་མ་འགགས་རྫོགས་པའི་སྐུ། རྩལ་སྣང་ གཏེར་མཛོད་སྒྱུ་མ་སྤྲུལ་པའི་སྐུ།རང་རིག་སྐུ་གསུམ་                  ཀློང་ལ་གསོལ་བ་འདེབས།  གཉིས་སྣང་སད་པས་ འཁྲུལ་པའི་མ་རིག་འགྲོ།  དག་སྣང་རིག་པའི་ཡེ་ཤེས་       དོན་རྟོགས་ནས།  གནས་ལུགས་ཕྱག་རྒྱ་ཆེ་ལ་ལོངས་          སྤྱོད་ཤོག། བདག་གི་མདུན་གྱི་ནམ་མཁའི་དབྱིངས་ཀློང        དུ། མ་གཅིག་ཡུམ་ཆེན་སྐལ་པ་བཟང་མོ་ཆེ། ཞལ་གཅིག་        ཕྱག་གཉིས་གྲི་ཁུག་ཐོད་ཁྲག་འཛིན། སྐུ་ལ་དུར་ཁྲོད་ཆས་                         ཀྱི་རྒྱན་དྲུག་རྫོགས། ཞབས་གཉིས་འགྱིངས་སྟབས་རོ་ གདན་སྟེང་དུ་བཞེངས། ཡེ་ཤེས་མེ་དཔུང་འབར་བའི་དབུས ན་བཞུགས། བདག་མེད་ཀློང་ནས་སྐྱེ་མེད་ཡུམ་ཆེན་མོ།           དམིགས་མེད་འཛིན་བྲལ་གཞི་ཡི་ངོ་བོ་རུ། གསལ་སྟོང་ དབྱེར་མེད་མཁྱེན་བརྩེ་ནུས་གསུམ་གྱི། རང་བཞིན་སྣང་ཆ་ མ་འགགས་སྐུ་རུ་བསམ། ཧི༔ ཨ༔མཆོག་གསུམ་རྩ་ གསུམ་བསླུ་མེད་རྒྱ་མཚོ་ཡི། ངོ་བོ་གཅིག་བསྡུས་ཡུམ་ཆེན                   ་སྙིང་རྗེའི་ཀློང་།       སྐྱབས་སུ་མཆིའོ་ཐུགས་རྗེའི་གཟུང་དུ་ གསོལ། མ་རིག་འཁོར་བ་འཁྱམས་པའིགཉིས་སྣང་འགྲོ། བདག་མེད་རིག་པའི་ཡེ་ཤེས་དོན་རྟོགས་ནས། གཉིས་མེད་        ཡུམ་ཆེན་ཀློང་དུ་སངས་རྒྱས་ཤིང་། དག་མཉམ་གཤིས་ཀྱི་          ངང་དུ་སེམས་བསྐྱེད་དོ། ཨེ་མ་ཧོ།བདག་མེད་སྐྱེ་འགགས་        མེད་པའི་ཀློང་ཆེན་ནས། གཉིས་མེད་རང་གྲོལ་རིག་པའི་ངོ་          བོ་ཉིད། གསལ་སྟོང་རང་བཞིན་མཁའ་འགྲོ་སྐལ་བཟང་མ།         དཀར་གསལ་དྲི་མེད་འཁོར་འདས་གཉིས་མེད་དབྱིངས། རྒྱན་དྲུག་གར་གྱི་སྣང་བ་རང་རྩལ་རྫོགས། གཡས་པའི་གྲི་                         ཁུག་བདག་འཛིན་སྙམ་གྱིས་བསྒྲལ། གཡོན་པའི་ཐོད་ ཁྲག་འདོད་པའི་རྩ་བ་གཅོད་། ཞབས་གཉིས་འགྱིངས་ སྟབས་བདག་མེད་རོ་གདན་སྟེང་། ཡེ་ཤེས་རྩལ་སྣང་བདེ་ དྲོད་འབར་བའི་ཀློང་། འཁོར་འདས་དབྱེར་མེད་རྫོགས་ཆེན་         ཉམས་རྟོགས་ནས། མ་གཅིག་ཡུམ་ཆེན་ཀློང་ཆེན་གཤིས་                ཀྱི་ངང་། རེ་དོག་བྲལ་བའི་ངང་ནས་གསོལ་བ་འདེབས།                 བདག་མེད་རིག་པའི་ཡེ་ཤེས་དོན་རྟོགས་ནསབདག་འཛིན   ལྷ་འདྲེའིསྣང་བ་དབང་དུ་བསྡུས། གཉིས་འཛིན་དུག་ལྔའི་        རྟོག་ཚོགས་ཟིལ་གྱིས་གནོན། ངོ་བོ་རིག་སྟོང་སྐྱེ་མེད་གནས         ་བྲལ་ལ། ཡུམ་ཆེན་དགོངས་པའི་གཤིས་སུ་རྟོགས་འགྱུར་            ཅིག། ཧཱུྃ་ཧཱུྃ་ཧཱུྃ། ཕཊ༔ཕཊ༔ཕཊ༔ ཨ༔ རང་སྣང་སྒྱུ་འཕྲུལ་              འགགས་མེད་ཟང་ཐལ་ལེ། སེམས་ཉིད་ངོ་བོ་དབུ་མའི་ ལམ་ནས་ནི། སྐྱེ་མེད་ཡུམ་ཆེན་སྐལ་པ་བཟང་མོ་མ། ཞལ་         གཅིག་ཕྱག་གཉིས་རྒྱན་དྲུག་གར་གྱིས་བཞེངས། གཡས་        པས་གྲི་ཁུག་བདག་འཛིན་ཐོད་པ་བསྒྲལ། སྟོང་གསུམ་ འཇིགས་རྟེན་ཁ་རུ་སྣོད་དུ་བཙུགས། སྲིད་གསུམ་ཀེང་གསུམ་        བདག་ལུས་ཚོགས་སུ་བཤམས། ཡུམ་ཆེན་ཐུགས་ལས་ཨ         ་ཐུང་འོད་ཀྱིས་བཞུས། རོ་བརྒྱ་ལྡན་པའི་དུར་རྫས་ཆེན་པོས་         བཀང་། ཡུམ་ཆེན་ཐུགས་ལས་ཧཱུྃ་ཡིག་བདུད་རྩི་ཐིག། ཀུན་       ཁྱབ་རང་བཞིན་མྱོང་གྲོལ་དམ་རྫས་ཕུལ། བདག་ལུས་ཚོཊ         ཆེན་མཆོད་པ་རྒྱ་ཆེན་འདིས། བདེར་གཤེགས་སྲིད་ཞིའི་           མགྲོན་ལ་མཆོད་པ་འབུལ། སྟོང་ཉིད་ཡེ་ཤེས་གཏེར་གྱི་ དངོས་འགྲུབ་སྩོལ། འཇིག་རྟེན་ཡོན་ཏན་མགྲོན་རྣམས་ དགྱེས་པ་བཞེས། ཅི་བཅོལ་འཕྲིན་ལས་དོན་གཉིས་མྱུར་ སྒྲུབ་མཛོད་། རིག་དྲུག་སྙིང་རྗེའི་མགྲོན་རྣམས་ཚིམ་པར་ མཛོད་། མ་རིག་འཁྲུལ་སྣང་རང་སར་གྲོལ་འགྱུར་ཅིག། ལྷ་        འདྲེ་ལན་ཆགས་མགྲོན་རྣམས་ཀུན་ཚིམ་ནས། ཚེ་རབ་སྔ་ཕྱི         ་ལན་ཆགས་བྱང་གྱུར་ཅིག། ཕཊ༔ ཨ༔གཤིས་ཀྱི་གནས་          ལུགས་བདག་མེད་ཀློང་ཆེན་ནས། བདག་འཛིན་རང་གྲོལ་       སྐལ་པ་བཟང་མོ་ཡིས། བདག་ལུས་ཕུང་པོ་ཤ་རི་ཁྲག་མཚོ་        འཁྱིལ། རྣམ་རྟོག་ལྷ་འདྲེ་མ་ལུས་འདིར་འདུས་ལ། ཤ་ཟོ་           ཁྲག་འཐུང་རུས་ཆོད་ནང་སྙིང་རོལ། མགོ་རྐང་ལྷུ་དུམ་ཐཾས་           ཅད་འཆའ་གྱུར་གྱིས། སྣང་སྲིད་ལྷ་འདྲེའི་འདོད་པ་ཚིམ་ གྱུར་ཅིང་། ཚེ་རབ་སྔ་ཕྱི་ལན་ཆགས་ཀུན་ཁེལ་ནས། གཉིས        ་མེད་བྱང་ཆུབ་སེམས་ཀྱི་ཀློང་ཡང་དུ། བདག་མེད་རིག་པའི ་ངོ་བོ་དོན་རྟོགས་ཤོག། ཕཊ༔ ཨ༔བདག་གི་ཉམས་སྣང་བློ་       རྩལ་འགགས་མེད་ངང་། སྐྱེ་འགགས་མེད་པའི་ཡུམ་ཆེན་           དགོངས་སྤྱོད་འདིས། སྲིད་གསུམ་འཁོར་བ་དོང་ནས་སྤྲུག་          པ་དང་། རང་བྱུང་རིག་པའི་ཡེ་ཤེས་དོན་རྟོགས་ནས། ཁྱབ་        བདལ་རྫོགས་པ་ཆེ་ལ་ལ་བཟླ་ཤོག། ཨ༔ཀུན་འདུས་རང་         སེམས་སྲིད་གསུམ་མི་དམིགས་པ། ཁམས་གསུམ ་ འཁོར་བའི་སྐྱེ་ཤི་སེམས་ཅན་རྣམས། གཉིས་སྣང་རྒྱུ་           འབྲས་སད་པའི་འཁྲུལ་པ་ཀུན། དག་མཉམ་སྤྲོས་བྲལ་ གདོད་མའི་གཞི་དབྱིངས་སུ། འཁོར་བ་མཐའ་ཅན་འཇིག་ རྟེན་སྟོང་པར་ཤོག།   དྭངས་ར་སྤྲུལ་སྐུའི་དགོངས་གཏེར་ལགས་      
Re:{མཁའ་འགྲོ་སྐལ་པ་བཟང་མོའི་དགོངས་སྤྱོད་།} | 2012/5/19 19:09:51
danzengyixi

དྲྭ་གྲོགས་ལགས། ཁྱེད་ཟིན་བྲིས་སྤེལ་སྐབས་ཡིག་གཟུགས་ཅུང་ཆུང་རུ་བཏང་ནས་སྤེལ་ན་ལེགས་སྙམས། གོང་གི་དེ་ཚོ་ཀློག་དུས་དེ་ཙམ་གྱིས་བདེ་པོ་མི་འདུག
ལྷ་གཡག་དར་མས་སེམས་བཟང་ཡིན་ཁུར་ཡིན།
གཤམ་དུ་txlm་ལགས་ཀྱིས་ལན་སློག་པ་ནི་
དྲན་བསྐུལ་གནང་བ་ཐུགས་རྗེ་ཆེ་ཞུ་
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.