༄༅།། །། བཤད་སྒྲུབ་བསྟན་པ་རྒྱས་པའི་རེ་སྨོན་མཆོག་གསུམ་རྒྱུད་གསུམ་རྩ་གསུམ་སྲུང་མའི་གསོལ་འདེབས་བཞུགསོ།།
ཨེ་མ་ཧོ། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། སྐྱོབ་པ་བླ་མེད་བཀའ་རྒྱུད་རིན་པོ་ཆེ། འདྲེན་པ་བླ་མེད་སེམས་དཔའ་རིན་པོ་ཆེ། བླ་མེད་དཀོན་མཆོཌ་གསུམ་ལ་གསོལ་བ་འདེབས། གཡུང་དྲུང་བོན་བསྟན་རྒྱས་པར་བྱིན་གྱིས་རླབས།
སོ་ཐར་སྡེ་བཟུང་འདུལ་ཁྲིམས་རྣམ་པར་དག། ཕྱི་རྒྱུད་བླ་མ་རྣྃས་ལ་གསོལ་བ་འདེབས། བསླབ་གསུམ་རྒྱུད་ལ་ལྡན་པར་བྱིན་གྱིས་རླབས། གསང་སྔགས་བསྟན་འཛིན་དབང་དང་དམ་ཚིག་ལྡན། ནང་རྒྱུད་བླ་མ་རྣྃས་ལ་གསོལ་བ་འདེབས། སྣང་བ་ལྷ་སྐུར་རྫོཌ་པར་བྱིན་གྱིས་རླབས།
རྫོཌ་ཆེན་དོན་རྟོཌ་འཁྲུལ་སྣང་ཡེ་ཤེས་ཤར། གསང་རྒྱུད་བླ་མ་རྣྃས་ལ་གསོལ་བ་འདེབས། རང་རིག་སྐུ་གསུམ་སྨིན་གྲོལ་བྱིན་གྱིས་རླབས། རྒྱུད་གསུྃ་བོན་སྡེའི་དབང་ལུང་མན་ངགིས། རྒྱུད་འཛིན་དྲིན་ཆེན་རྩ་བའི་བླྃ་དང་། འདི་ཕྱི་འཇིག་སྐྱོབ་ཕྱི་ནང་ཡི་དམ་ལྷ། བསམ་དོན་སྒྲུབ་མཛད་མཁའ་འགྲོ་བོན་སྐྱོང་སོཌ། རྩ་གསུྃ་སྲུང་མའི་ཚོགས་ལ་གསོལ་བ་འདེབས། བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟེན་པ་དང་། བཤད་སྒྲུབ་བསྟན་པ་རྒྱས་པར་བྱིན་གྱིས་རླབས། གཡུང་དྲུང་བོན་གྱི་བསྟན་པ་རྒྱས་པ་དང་བཤད་སྒྲུབ་སྒོམ་པའི་བསྟན་འཛིན་སྐྱེས་བུ་བླ་མ་མཁན་སློབ་དགེ་འདུན་རྣམས་ སྐུ་ཚེ་བརྟེན་པ་དང་འཆད་ཉན་སྒོམ་སྒྲུབ་གྱི་བསྟན་པ་དར་ཞིང་རྒྱས་ཕྱིར་མཐའ་ཞུ་འོད་རྒྱས་པའི་དགོན་བསམ་གཏན་གླིང་ནས་སྒོ་གསུམ་བརྩེ་གཅིག་མོས་པས་གསོལ་བ་བཏབསོ།།
ཨེ་མ་ཧོ། སྐུ་གསུམ་ངོ་བོ་སྟོན་པ་རྫོཌ་སངས་རྒྱས། ཚད་གསུམ་ཟུང་འབྲེལ་བསྟན་པ་གཡུང་དྲུང་བོན། སྡོམ་གསུམ་རྒྱུད་ལྡན་བསྟན་འཛིན་སེམས་དཔའི་ཚོཌ། སྐྱབས་གནས་དཀོན་མཆོཌ་གསུམ་ལ་གསོལ་བ་འདེབས། སྐུ་གསུྃ་སངས་རྒྱས་འཆི་མེད་གསང་འདུས་གཤེན། བླྃ་ཆེ་དྲུག་གདུང་རྒྱུད་བཅུ་གསུྃ་དང་། མཁས་བཞི་་ལོ་པན་དྲན་པ་ཡབ་སྲས་ཡུྃ། གཤེན་གྱེར་རྨ་དབྱིལ་བྲུ་ཞུ་སྤ་རྨེའུ་ཁྱུང་། མཉྃས་མེད་བླྃ་སྨན་རིའི་མཁན་སློབ་སོཌ། རྒྱུད་གསུྃ་བོན་སྡེའི་དབང་ལུང་མན་ངགིས། རྒྱུད་འཛིན་རྩ་རྒྱུད་བླྃར༔ ཞི་ལྷ་རིགས་ལྔ་ཀུན་བཟང་རྒྱལ་བ་འདུས། སྐུ་གསུྃ་ཁྲོ་རྒྱལ་མེ་རི་དབལ་ཕུར་ནག། སྟག་ལ་ཁྱུང་སོཌ་ཕྱི་ནང་དཀྱིལ་འཁོར་ལྷ། འཇིག་སྐྱོབ་ཡི་དྃ་ཚོཌ་ལ༔
རིགས་ལྔ་བྱམས་མ་སྐྱོབ་པ་མ་བརྒྱད་དང་། བྱྃས་ཆེན་བྱྃས་སྲས་བྱྃས་ཕྲན་བྱེ་བ་འབུྃ། མ་རྒྱུད་མཁའ་འགྲོའི་ཚོཌ་ལ༔
མ་མཆོག་སྲིད་རྒྱལ་དྲེའུ་དམར་ནག་དང་། མ་གསུྃ་སྨན་བཞི་ཡུྃ་སྲས་སྟག་རི་རོང་། སྒྲ་བླ་ཝེར་མ་ཅང་སེང་ལྃ་ལྷ་དང་། བདུད་བཙན་རྒྱལ་པོ་སྨན་མོ་ཡུལ་ས་བཅས། དྃ་ཅན་བོན་སྐྱོང་ཚོཌ་ལ༔། ཁྱེད་རྣྃས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། བར་ཆོད་ཀུན་ཞི་ཚེ་རིང་ནད་མེད་ཅིང་། སྒྲིབ་སྦྱོང་ཚོཌ་རྫོཌ་བསྃ་དོན་དགེ་བ་འགྲུབ། ཡི་དྃ་ཞལ་འཇལ་སྲུང་མ་བྲན་དུ་འཁོལ། སྣང་ཁྃས་དབང་འདུས་སྡེ་རྒྱད་ཟིལ་གྱི་ནོན། འདི་ཕྱི་དོན་གཉིས་འགྲུབ་པར་བྱིན་གྱིས་རླབས། དགོན་བསམ་གླིང་དུ་མཐའ་ཞུ་འོད་རྒྱས་པས་སོ
༄༅། ཨེ་མ་ཧོ།ལེཌ་པ་ཀུན་འབྱུང་ཡིད་བཞིན་ནོར་བུ་ཚུལ། ཐར་པའི་ལྃ་སྟོན་འགྲོ་བ་ཡོངས་ཀྱི་མགོན། བསླབ་གསུྃ་རྣམ་དག་བསྟན་པའི་སྲོག་ཤིང་འཛིན། བརྒྱུད་པའི་མཁན་སློབ་རྣམ་ལ་གསོལ་བ་འདེབས། རྨད་འབྱུང་ཡོན་ཏན་ཀུན་གྱི་གཏེར་འཛིན་ཅིང་། མཛད་པ་དུ་མའི་གདུལ་བྱའི་ཁ་ལོ་བསྒྱུུར། བསྟན་པའི་མངའ་བདག་མཚུང་མེད་ གཙུག་གི་རྒྱན། ཁྲི་གཙུག་རྒྱལ་བའི་ཞབས་ལ་གསོལ་བ་འདེབས།ཀློང་རྒྱས་ལས་སོ།
བསྟན་པའི་མཆོཌ་གྱུར་སངས་རྒྱས་གཡུང་དྲུང་བོན། བསྟན་སྲུང་གཙོ་བོ་མ་བདུད་བཙན་རྒྱལ་ལ། བསྟན་པ་སྲུང་ཕྱིར་འདོད་ཡོན་མཆོད་སྤྲིན་འབུལ། བསྟན་པ་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད།
- ཟིན་ཐོ་གོང་མ།རྗེས་དྲན་གྱི་སྨྲྲེ་ངག་ [ཁྱུང་ཞུ་སྨྱོན་པས།]
- ཟིན་ཐོ་འོག་མ།༄༅༈ མཆོད་གཏོར་བཤམ་ཚུལ་ནི།