སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༥ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད། 
[ 2011/6/25 20:18:00 | By: dengbijiangcun ]
 

༧དེ་ཡང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཐུབ་བསྟན་ཕུན་ཚོགས་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་པད་མ་ར་གའི་ལྡེ་མིག་ལས། སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བན་བོན་བར་དུ་གྲུབ་མཐའི་ཆགས་སྡང་གི་འཁྲུགས་པ་བྱུང་སྟེ། མཐར་བོན་པོ་ཕམ་སྟེ་བན་དེ་ལ་རྒྱལ་ཁ་ཐོབ། དེ་ནས་བཟུང་བོད་གཞུང་ནས་བོན་གྱི་ལོ་རྒྱུས་མཐའ་དག་བསུབ་རྐྱང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་ཆགས་ཏེ།  དམ་ཆོས་བོད་དུ་མ་དར་གོང་ལ་བོད་འདི་ཤེས་རིག་ཡོན་ཏན་གང་ཡང་མ་དར་བའི་ཀླ་ཀློ་དང་མུན་ནག་གི་ཡུལ་ལྟ་བུ་ཞིག་ལ།    ཐུབ་བསྟན་བོད་དུ་དར་ནས་བཟུང་བོད་འདིར་ཤེས་རིག་ཡོན་ཏན་ཐམས་ཅད་དབྱར་མཚོ་ལྟར་རྒྱས་ནས། བོད་ཡུལ་སྐྱིད་པའི་ཉི་མ་གསར་པ་ཞིག་ཤར་ཡོད་ཅེས་དྲིལ་བསྒྲགས་ཤུགས་ཆེན་པོར་བྱས་པར་བརྟེན།    དེའི་རྗེས་ཀྱི་མཁས་པ་རྣམས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བོད་མཐའ་འཁོབ་ཡིན་པ་དང༌། ཀླ་ཀློ་ཡིན་པ་མུན་ནག་གི་ཡུལ་ཡིན་པ་སོགས་དམ་པའི་ཆོས་ལ་ཆེ་བསྟོད་བྱེད་པའི་ཆེད་དུ་རང་གི་མི་རིགས་ལ་དམའ་འབེབས་བྱེད་རྒྱུ་དེ་ངོ་མཚར་ཆེ་བ་དང་གཟི་བརྗིད་ལྡན་པ་འདྲ་པོ་ཞིག་ཏུ་རྩིས་ནས་གསུངས་གིན་ཡོད་སྟབས། བོད་ཀྱི་ཡི་གེ་བཤད་པའི་སྐབས་སུའང་སྲོང་བཙན་གོང་ན་བོད་དུ་ཡི་གེ་འབྲི་སྲོལ་མེད་པ་དེ་ཡང་ཆོས་དང་ཆོས་རྒྱལ་རྣམས་ཀྱིས་མཛད་འཕྲིན་ཡིན་པར་བཤད། དེ་ལྟར་ཆབ་སྲིད་རང་བཞིན་ལྡན་པའི་དྲིལ་བསྒྲགས་ཀྱི་ལས་ཀ་དེ་ལོ་ངོ་བརྒྱ་ཕྲག་མང་པོར་བརྒྱུད་ནས་བྱུང་ཡོད་པས། ཕྱིས་ཀྱི་མཁས་པ་ཁག་ཅིག་གིས་དེ་ལྟར་དུ་ཡིན་པར་རློམ་ནས་དེའི་རྗེས་སུ་མ་དཔྱད་པར་འབྲང་པ་དང་ཞེས་དང༌། ཡང་དེ་ཉིད་ལས། དེ་ལྟའང་གཤེན་རབ་མི་བོ་ཆེ་བྱོན་ནས་ཁོང་གིས་ཡི་གེ་སྲོལ་གསར་པ་ཞིག་བཏོད་པར་མཛད་པའི་ཚུལ་ནི་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས།      གཤེན་རབ་མི་བོ་ཆེའི་དུས་ནས་བཟུང༌། ཡ་ཐོག་ཞང་ཞུང་གི་ཡི་གེར་བྱུང་བ་ཡིན་ཞེས་ངེས་པར་དུ་བཤད་ཐུབ་པ་ཡིན། །ཞེས་དང་གཞན་ཡང་གཅིག་དགུའི་གོ་བཞིའི་ལོའི་ཟླ་བ་གཉིས་པའི་མཚོ་སྔོན་བོད་ཡིག་གསར་འགྱུར་ཐོག་འཁོད་པའི་བོད་ལྗོངས་ནས་ལོ་ངོ་སུམ་སྟོང་སྔོན་གྱི་གནའ་བོའི་ཡི་གེ་རྙེད་ཅེས་པའི་གསར་འགྱུར་ཐུང་ངུ་ཞིག་གི་ནང་གཤམ་གསལ་ལྟར་བཀོད་ཡོད་དེ། ཉེ་ཆར་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་ཁ་རྒྱུན་དུ། ལྷག་པའི་སྨར་ཡིག་གི་འབྱུང་གནས་གནའ་བོའི་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་སྟེ་ད་ལྟའི་མངའ་རིས་ས་ཁུལ་ནས་བྲག་ངོས་རི་མོའི་ནང་དུ་སྨར་ཡིག་གི་རྗེས་ཤུལ་རྙེད་བྱུང༌། བྲག་ངོས་ཀྱི་རི་མོ་དེ་དག་ནང་གི་ལ་ལ་ནི་སྤྱི་ལོ་སྔོན་གྱི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་རི་མོ་རེད། གསར་རྙེད་འདིས་བོད་ཀྱི་ཡི་གེ་བྱུང་ལོ་སྟོང་ཚོ་གཉིས་ཙམ་སྔ་སྣུར་བྱས་ཡོད། སྲོལ་རྒྱུན་གྱི་ལྟ་བ་ལྟར་ན་བོད་ཡིག་ནི་སྲོང་བཙན་སྒམ་པོའི་སྐབས་སུ་གནའ་དུས་ལེགས་སྦྱར་གྱི་ཡི་གེར་དཔེ་བལྟས་ནས་གསར་སྐྲུན་བྱས་པ་དང༌།    ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལྷག་འགོར་ཡོད་པར་གསུངས་ཡོད། ཡིན་ནའང་བོད་ལྗོངས་ཀྱི་བོན་པོའི་དེབ་ཐེར་ནང་དུ་བོད་ཡིག་འདིའི་ཁུངས་དེད་ན་ད་ལྟའི་བར་དུ་ལོ་བདུན་སྟོང་ནས་བརྒྱད་སྟོང་ཡན་ཡིན་པ་དང༌། དེའི་སྐབས་སུ་མི་རྣམས་ཀྱིས་བཀོལ་བའི་ཡི་གེ་ལ་སྨར་ཡིག་ཟེར་བ་རེད་ཅེས་བྲིས་ཡོད།   ཉེ་ཆར་རྙེད་པའི་ཡི་གེ་དེར་བལྟས་ན་སྨར་ཡིག་དེ་ངོ་མ་གནས་ཡོད་པ་ཞིག་རེད། ཅེས་གསུངས། དེ་ལྟར་ན་སྔར་ཐོག་བོད་ལ་ཡི་གེ་ཡོད་པ་དང༌། དེང་དུས་དེབ་ཐེར་མང་ཆེའི་བཤད་སྟངས་དེ་ཆབ་སྲིད་ཀྱི་དབང་བསྒྱུར་འོག་ཏུ་ཚུད་པའི་བཤད་སྟངས་ལས་དོན་དངོས་ཀྱི་ལོ་རྒྱུས་མ་ཡིན་པ་ཁ་གསལ་གོ་བདེ་བར་ལུང་རིག་དང་། བདེན་དཔང་གི་རིག་དངོས་བཅས་ཟུང་དུ་འབྲེལ་ནས་བཤད་པས་ཡིད་མི་ཆེས་པའི་གནས་ཤིག་མ་མཆིས་སོ།  །སྔར་བོན་ལུགས་ཀྱི་གཤེན་རབ་བྱོན་པ་ནས་དེང་དུས་བྲིས་པའི་ཡི་གེ་འདི་འདྲ་ཆ་ཚང་ཡོད་དམ་ཞེ་ན། སྐབས་དེ་དུས་ཡོད་པའི་ཡི་གེ་ལ་འགོ་ཤད་ཚེག་གསུམ་དང་འདོགས་ཅན་དབྱངས་སོགས་ཆ་ཚང་ཡོད་པའི་ཡི་གེ་འབྲི་སྲོལ་ཡོད་ཀྱང༌། ད་སྐབས་ནང་བཞིན་རྣམ་དབྱེ་དང་ཕྲད་ཀྱི་འགྲོ་སྟངས།   དེ་བཞིན་ཡིག་གཟུགས་ལ་ཡང་དབུ་ཅན་དབུ་མེད་ཚུགས་ཐུང་རྒྱུགས་བྲིས་སོགས་ཆ་ཚང་བ་འདི་འདྲ་ཡོད་དཀའ་བ་ནི་འཇིག་རྟེན་པའི་ཆོས་ཉིད་ལས་མ་འདས་ཏེ། འཇིག་རྟེན་པའི་ངོས་ལ་ཡོད་པའི་དོན་གང་ཞིག་ཡིན་ཡང༌། དང་པོ་འགོ་ཚུགས་པ་ནས་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུད་དགོས་པ་ཞིག་ཡིན། །ཐར་པ་མྱང་འདས་ཀྱི་ངོས་ནས་བཤད་ན་རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་སྐབས་ལས་ད་ལྟ་འཕེལ་རྒྱས་སོང་ཞེས་བརྗོད་དཀའ་བ་སྟེ། རྣམ་རྟོག་ག་ཚོད་སྤྲོས་ན་ཡང་དག་གི་དོན་ལ་སྒྲིབ་བསྡད་པ་ཞིག་ལས་མེད་པས་རྒྱུ་མཚན་གྱིས་ཡིན་པས་སོ།    །དེས་ན་ལོ་རྒྱུས་ནི་འཇིག་རྟེན་པའི་དབང་དུ་བཏང་བ་ལས་དོན་དམ་གྱི་དབང་དུ་མ་ཡིན་པས་ལོ་རྒྱུས་དང་གཞུང་དོན་གྱི་ལྟ་ཚུལ་མི་འདྲ་བའི་ཚུལ་ཤེས་དགོས་རྒྱུ་གལ་ཆེ།།    ༧སྐབས་འདིར་ལོ་རྒྱུས་ཀྱི་དབང་དུ་བཏང་ན།     སྟོན་པ་གཤེན་རབ་ཀྱིས་རིག་གནས་དང་གཞུང་དོན་གྱི་རྨང་གཞི།      ཞང་བོད་ཀྱི་ཡི་གེ་ཐོག་མར་སྲོལ་གཏོད་ནས་རིག་གནས་ཀྱི་ཡོན་ཏན་རྒྱན་དྲུག་གི་ནང་ཚན་ཡི་གེ་འཕྲུལ་ཆུང་ལ་གཉེར་གཏད། དེ་ནས་ཞང་བོད་མཁས་པ་མི་བཞི་སོགས་ཞང་བོད་ཀྱི་མཁས་གྲུབ་རྣམ་པས་ཞང་ཡིག་སྨར་ཆེ་ཆུང་དང་བོད་དབུ་ཅན་དབུ་མེད་ཀྱི་ཡི་གེ་བྲིས་པ་དང་།   དེ་རྗེས་རྒྱ་གར་ཆོས་བོད་ལ་དར་སྐབས་སྔར་གྱི་ཡི་གེ་ལ་བསྒྱུར་བཅོས་བྱས་ནས་འབྲི་སྟངས་སྟབས་བདེ་རུ་བཏང་བས་ཕྱིས་བོད་མི་རྣམས་ཀྱིས་ཐོན་མིས་བོད་ཡིག་གསར་བཟོ་གནང་ཞེས་སོགས་ཀྱིས་ཆེ་བསྟོད་ཀྱང་བྱས་མྱོང་། དེ་བཞིན་ཕྱིས་བྱོན་བོད་ཀྱི་ཡིག་མཁན་རྣམས་ནས་ཚུགས་ཐུང་རྒྱུགས་བྲིས་སོགས་ཡིག་གཟུགས་འབྲི་སྟངས་དང༌།   རྣམ་དབྱེ་དང་ཕྲད་ཀྱི་ཁྱད་པར་བཅས་ལ་ཞིབ་ཚགས་དང་མཛེས་ཆ་ཇེ་བཟང་ཇེ་ལེགས་བཏང་བ་ལོ་རྒྱུས་ལ་བལྟས་ན་མཐོང་ཐུབ།།                   ༧ད་ལྟའི་བོད་ཡིག་དབུ་ཅན་དང་འབྲུ་མ་འདི་ཉིད་འབྲི་འགོ་ནམ་ཚུགས་ལ་དཔྱད་ན།  སྤྱིར་བོད་ཞེས་པ་འདི་སྔར་ཐོག་གཉའ་ཁྲི་མ་བྱོན་པའི་ཡར་སྔོན་ལ་ཞང་བོད་རྒྱལ་ཁབ་གཅིག་ལས་གཉིས་སུ་མ་གྱེས། གཉའ་ཁྲི་ནས་བཟུང་བོད་ཀྱི་རྒྱལ་ཁབ་ཟེར་བ་ཞིག་ད་ལྟ་གཉན་ཁྲི་དང་ལྷོ་དབུས་གཙང་ཁུལ་ལ་བོད་ཀྱི་རྒྱལ་ཁབ་ཞིག་གསར་དུ་བཙུགས་པ་ལ་བརྟེན་ནས་བོད་ཀྱི་ཡི་གེ་ཟེར་བ་ཞིག་ཞང་ཞུང་ཡི་གེ་ལས་ལོགས་སུ་བཀར་ནས་བྲིས་པ་ནི། ཁམས་བརྒྱད་སྟོང་ཕྲག་བརྒྱ་པ་ལས། ཡུལ་བྱེ་མ་ལ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོ་བོ་རུ་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་དང་བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གཉིས་ཀྱིས་འབུམ་རྒྱས་འབྲིང་བསྡུས་གསུམ་རྣམས་ཞང་ཞུང་སྐད་ལས་བོད་སྐད་དུ་བསྒྱུར་ཞེས་དང་།   སྤ་བསྟན་རྒྱལ་བཟང་པོས་བྲིས་པའི་དར་རྒྱལ་གསལ་སྒྲོན་ལས།   རྟག་གཟིགས་ཀྱི་སྤུངས་ཡིག་ལས་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཅན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་པས་སོ། །དེ་ལྟར་ན་སྐབས་དེར་བོད་ཀྱི་རྒྱལ་ཁབ་ཀྱི་སྐད་རིགས་ལ་བསྟུན་ཏེ་ཡིག་གཟུགས་གསར་པ་ཞིག་བསྐྲུན་ནས་མཁས་པ་ཁོང་རྣམ་པས་ཡུལ་དེའི་སྐད་དང་ཆབ་སྲིད་ཀྱི་དགོས་མཁོ་སྐོང་བ་ཡིན།  ཡི་གེ་དེ་རྣམས་ཀྱི་གཟུགས་དབྱིབས་སྔར་གྱི་དཔེ་རྙིང་འདི་ལྟར་རོ།། །།

 
 
Re:༥ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/6/25 22:19:36 | By: crzb ]
 
crzb༄༅།། དེ་དང་དེ་འདྲའི་རྒྱུད་ལ་ཕན་འདོགས་པའི།།
ལོ་རྒྱུས་དང་ནི་གཞན་པའི་རིག་གནས་སོགས།།
གང་མང་སྤེལ་བའི་མཛདའཕྲིན་རླབས་པོ་ཆེ།།
ཡར་ངོའི་དཔལ་བཞིན་རྒྱས་པའི་བཀྲ་ཤིས་ཤོ
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.