རྩེ་དྲུག་དཔོན་སློབ་ཟིན་བྲིས།
ཟིན་བྲིས་ལི་ཐོ།
<<
<
2021
-
5
>
>>
༧
༡
༢
༣
༤
༥
༦
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
31
སྤྱི་བསྒྲགས།
ཆེད་སྒྲིག་རྣམ་དབྱེ།
མདུན་ངོས།
པར་དེབ།
ཤོག་བྱང་།
དཔྱད་རྩོམ་ལུང་རིག་ངར་སྐད།(25)
ཞང་བོད་ལོ་རྒྱུས་ཀྱི་ཆུ་རྒྱུན།(10)
ཟིན་ཐོ་གསར་བ།
༣དབང་ལྡན་ཞུ་ཡི་བཙུ
༢དབང་ལྡན་ཞུ་ཡི་བཙུ
༡དབང་ལྡན་ཞུ་ཡི་བཙུ
༢༡ཞང་བོད་རིག་གནས་ས
༢༠ཞང་བོད་རིག་གནས་ས
༡༩ཞང་བོད་རིག་གནས་ས
༡༨ཞང་བོད་རིག་གནས་ས
༡༧ཞང་བོད་རིག་གནས་ས
༡༦ཞང་བོད་རིག་གནས་ས
༡༥ཞང་བོད་རིག་གནས་ས
དཔྱད་གཏམ་གསར་བ།
Re:༡དབང་ལྡན་ཞུ་ཡི་
Re:༡དབང་ལྡན་ཞུ་ཡི་
Re:༡༣ཞང་བོད་རིག་གན
Re:༡༣ཞང་བོད་རིག་གན
Re:༡༡ཞང་བོད་རིག་གན
Re:༡༠ཞང་བོད་རིག་གན
Re:༩ཞང་བོད་རིག་གནས
Re:༩ཞང་བོད་རིག་གནས
Re:༥ཞང་བོད་རིག་གནས
Re:འབོད་བསྐུལ།
ཆེམས་གསར་བ།
ཆེམས་འཇོག་པ།
འཚོལ་བཤེར།
ཟིན་ཐོའི་ཁ་བྱང
ཟིན་ཐོའི་ནང་དོན
སྦྲེལ་མཐུད།
དབྱིན་ཡིག་པར་ཁུག
ཐོན་བྲིས་སྤྱི་བསྡོམས།
གནས་ཚུལ།
སྔོན་མངག(0)
གྲོགས་སྒྲིག
འཕྲིན་ཐུང་།
ཟིན་ཐོ། 23
དཔྱད་བརྗོད། 11
ཆེམས། 0
ཀློག་གྲངས།
6244
༤ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/5/23 22:33:00 | By:
dengbijiangcun
]
0
推荐
༧གཞན་ཡང་རྒྱ་ནག་གི་ཆོས་ལུགས་ནང་ལོ་རྒྱུས་ལྡན་པའི་ཁུང་ཙིའི་རིག་གཞུང་སོགས་དཔྱད་ན་བོན་གྱི་རིག་གཞུང་དང་ཉེ་བ་ཅི་རིགས་ཡོད་པའི་བཤད་ཚུལ་འདུག་པ་མ་ཚད་བོན་གྱི་ལོ་རྒྱུས་ནང་འཁོད་པའི་ཏ་ཟིག་དང་པ་སིག་ཏུ་འབོད་པ་དེང་དབྱི་ལང་དུ་བཤད་པ་འདིའི་ལོ་རྒྱུས་བཅས་ལ་ཞིབ་དཔྱད་གནང་ཐུབ་ན་བོན་ལུགས་ཀྱི་ལོ་རྒྱུས་རིང་དྲག་པའི་དོག་པ་ཡང་སེལ་སྲིད།
དེས་ན་ཞང་ཞུང་གི་ཡི་གེ་ནི་གཤེན་རབ་ཉིད་ཀྱིས་སྲོལ་གཏོད་པ་བོད་རྙིང་པའི་ལོ་རྒྱུས་ལས་མངོན་པ་མ་ཟད་ཞང་བོད་ལ་ཡི་གེ་དར་ནས་ལོ་༥༠༠༠ཡན་ལ་བརྒལ་ཡོད་ཅེས་ལབ་ན་གོང་གི་ལོ་རྒྱུས་ཀྱིས་དཔང་བཞུགས་མི་ཐུབ་པ་ཞིག་མེད།
མཁས་དབང་ནམ་མཁའི་ནོར་བུས།
བོན་གྱི་གཤེན་རབ་མ་བྱོན་གོང་ནས་བོད་ལ་ཡི་གེ་ཡོད་པར་གསུངས་ལ།
རིག་པས་བརྟག་ན་ཞང་བོད་ཀྱི་རིག་པའི་སྲོལ་གཏོད་པ་སྟོན་པ་གཤེན་རབ་བྱོན་པ་ནས་བཟུང་ཞང་བོད་ལ་གོང་གསལ་གྱི་ཡི་གེ་རྣམས་ཡོད་དགོས་པར་གྲུབ་པ་མ་ཚད་བན་བོན་གཉིས་ཀྱི་ཡིག་ཆའི་ལུང་གིས་གསལ་བ་སྟེ། བོན་གཞུང་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས།
དཀར་ཐོན་མདངས་དང་ལྡན་པའི་ཤོག་ཤོག་ལ།
།རིན་ཆེན་ཁ་དོག་གསལ་བའི་ཡི་གེ་བྲིས། །ལྐུགས་པ་ཁ་འབྱེད་ཡི་གེ་མཚན་མར་གསལ།
།བྱེ་བྲག་སྒྲ་གནས་ཕུང་པོ་ལྷ་དང་སེམས།
།རྫུ་འཕྲུལ་དྲྭ་བ་ཕྱི་ནང་གསང་བར་འབྲེལ། །ངོ་བོ་འབྱུང་གནས་བྱེ་བྲག་ཅི་ལྟར་སྦྱར།
།སྐྱེ་བ་མེད་པ་བོན་གྱི་དབྱིངས་ཉིད་ནས།
།འགག་པ་མེད་པ་ཐུགས་རྗེའི་འོད་སྤྲོས་པས། །ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ཡི་གེ་བྱུང༌། །བཞི་བཅུ་རྩ་ལྔ་ལྷ་ཡི་དམིགས་སུ་བཅས། །མཚན་མ་རྩལ་ལྔ་ཕུང་པོ་གནས་སུ་སྦྱར།
།སྣང་ལ་དངོས་མེད་སེམས་ཉིད་བཞི་བཅུ་ལྔ།
།ཕྱི་ནང་གསང་བ་རྫུ་འཕྲུལ་དྲྭ་བ་འདྲ།
ཨ་ཨཱོྃ་ཧཱུྃཾཾཾཾྃཿ པ་ཕ་བ་མ།
ར་ལ་ཤ་ས།
ཀ་ཁ་ག་ང༌།
ཙ་ཚ་ཛ་ཝ།
ཅ་ཆ་ཇ་ཉ།
ཏ་ཐ་ད་ན།
ཞ་ཟ་འ་ཡ།
ཧ་ཧཿ
ཧུ་ཧེ་ཧོ།
ཞེས་དང༌།
གཡུང་དྲུང་ལས་དག་ལས།
།འཕྲུལ་གྱི་ཡིག་སྨད་སུམ་ཅུའི་འབྲུ་བཀོད་ཅིང༌།
།ལྷག་པའི་ཡིག་ཕྲན་བརྒྱད་ཀྱི་རྒྱན་བཀོད་ན།
།ཞེས་དང༌། མ་རྒྱུད་སྐྱེ་མེད་ཐིག་ལེ་ལས། །འཕྲུལ་གྱི་ཡིག་འབྲུ་སུམ་ཅུས་གོ་ཕྱེ་ན། །ཀྴ་ཡིས་ལམ་དྲངས་ཨ་ཡིས་བར་ཡང་འབྱེད།
།ཥྚ་ཡིས་མདོ་བཅད་ཨི་ཨུ་ཨེ་ཨོ་ཨྃ།
།སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །བྷི་མྷིང་སྤུགས་པའི་བཞི་བཅུ་འགྱུར།
།ཞེས་དང༌། མདོ་དྲི་མེད་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། །འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།
།ཚེག་གིས་བར་ཕྱེ་མི་འཁྲུག་གསལ་བར་སྙོམས།
།གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས།
།སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།
།ཞེས་པས་སྤྱིར་ཡི་གེ་ཙམ་མ་ཟད་ཡི་གེའི་འགོ་ཤད་ཚེག་དང་བཅས་པ་གསལ་པོར་བསྟན།།
༧
གཉིས་པ་བན་དེ་སྡེ་དགེའི་ཤིང་པར་མ་ནི་བཀའ་འབུམ་ལས།
རྒྱལ་པོ་ལྷ་ཐོ་ཐོའི་རིང་ལ་པང་ཀོང་ཕྱག་རྒྱ་པ་དང༌།
མདོ་སྡེ་ཟ་མ་ཏོག་བཅས་བོད་ཀྱི་ཡི་གེ་རུ་བྱུང་།
།ཞེས་དང༌། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས།
བོད་ཀྱི་ཡི་གེ་ནི་ཁྲི་ཡེར་བཙན་པོའི་དུས་ནས་བྱུང༌།
ཁྲི་ཡེར་བཙན་པོ་ནི་གནམ་གྱི་ཁྲི་བདུན་གྱི་བཞི་པ་ཡིན་ཞེས་དང༌།
བན་དེ་གཡའ་སེལ་ལས་བོད་ཀྱི་ཡི་གེ་ནི་ལྷ་མོ་དྲི་མ་མེད་པ་ལ་སོགས་དུ་མ་དང་དུས་འཁོར་འགྲེལ་ཆེན་དུ་བོན་ཀྱི་སྐད་ཀྱིས་བྲིས་ཞེས་དང༌།
དྲི་མ་མེད་པ་མདོར་བསྡུས་བཞི་པ་ལས།
ཐམས་ཅད་མཁྱེན་པའི་ཆོས་རྣམས་སྡུད་པར་བྱེད་པ་དག་གི་བྲིས་སོ་དེ་བཞིན་དུ་བོད་ཀྱི་ཡུལ་དུ་ཐེག་པ་གསུམ་བོད་སྐད་ཀྱིས་བྲིས་ཏེ་ཞེས་དང༌།
སློབ་དཔོན་པད་མའི་ཞལ་ནས། རྒྱ་གར་ཡི་གེ་བོད་ལ་བསྒྱུར་བའི་ཚེ།
།རྒྱ་གར་ཡི་གེ་བོད་ལ་བསྒྱུར་མ་ཐུབ། །ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། །ཞེས་དང༌།
མཁས་དབང་ནམ་མཁའི་ནོར་བུས་ང་ཚོས་དྲང་བདེན་གྱི་སྒོ་ནས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱས་པ་ཡིན་ན།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དེར་བོད་ལ་ཡི་གེ་འབྲི་སྲོལ་ཡོད་པ་ནི་ལུང་དང་རིག་པ་གཉིས་ཐོག་ནས་བདེན་དོན་མཐིལ་འདོན་ཐུབ་ཡོད་ཅེས་པས་ལུང་གིས་གསལ་ཡོད་ཞེས་གསུངས། དེར་བརྟེན་དེང་དུས་ཀྱང་མཁས་པ་མང་པོ་ཞིག་གིས་སྔར་ནས་ཞང་བོད་ཀྱི་ཡི་གེ་ཡོད་པར་བསྟན་པས། ང་ཚོ་བོད་རིགས་རྣམས་ཀྱིས་བོད་སྔ་རབས་པའི་ལུང་པ་ནི་རིག་གནས་དང་གཞུང་དོན་གང་ཡང་མེད་པར་ཆེས་ཀླ་ཀློ་དང་མུན་ནག་གི་རྣམ་པ་ལྡན་པའི་ཡུལ་ཞིག་དང༌། རྒྱ་གར་ནས་བན་དེའི་ཆོས་གསར་དུ་བྱུང་ནས་བོད་ལ་དབྱར་མཚོ་རྒྱས་པ་ལྟ་བུ་རིག་གནས་དང་གཞུང་དོན་བཅས་ཀྱི་ཉི་མ་གསར་པ་ཞིག་ཤར་བ་ཡིན་པ་བློ་ལ་ཤ་འཇགས་རུས་འཇགས་བྱས་ནས་བསྡད་ན་བོད་མི་རིགས་ལ་སྨན་པའམ་གོ་ཆོད་པའི་ལ་རྒྱ་ཞིག་ཡོང་དཀའ་བར་སེམས།
བལྟ་ཀློག
(201)
|
ལན་སློག(0)
|
གནད་དོན་ཡར་ཞུ
|
འདྲེན་བཀོལ་སྤྱི་བསྒྲགས
(0)
|
རྩོམ་སྒྲིག
ཟིན་ཐོ་གོང་མ།
༣ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
ཟིན་ཐོ་འོག་མ།
༥ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
དཔྱད་གཏམ་སྤེལ་བ།
ཐོ་མིང་།
གསང་གྲངས།
(སྐུ་མགྲོན་གྱིས་གསང་གྲངས་ནང་འཇུག་བྱེད་མི་དགོས།)
དྲ་ངོས།
ཁ་བྱང་།