སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༡༡ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད། 
[ 2011/10/14 19:10:00 | By: dengbijiangcun ]
 
དེ་ལྟར་ཡིན་པ་ནི་ལོ་རྒྱུས་དང་ལྡན་པ་ཞིག་སྟེ། གཤེན་གྱིས་རྒྱལ་ས་གླིང་བཞི་སོགས་ལ་བོན་འཁོར་སྐོར་བའི་སློབ་མ་མང་པོ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་པ་གཤེན་རབ་གསུང་གི་བསྟན་པའི་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་དེ་ཉིད་ཀྱིས། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་གསས་མཁར་དཀར་ནག་བཀྲ་གསལ་ལ་བོན་འཁོར་སྐོར་ནས་བཤད་སྒྲུབ་ཀྱི་བསྟན་པའི་ལམ་སྲོལ་གཏོད་དེ་བཀའ་ལ་འགྲེལ་བ་ཐོག་མར་བཏབ། །དེའི་གསུང་སྐྱེས་ཀྱི་སློབ་མ་ཡང་འཛམ་གླིང་མཁས་པའི་རྒྱན་དྲུག་སྟེ། ༡རྟག་གཟིགས་ལ་མཁས་པ་དམུ་ཙ་ཏྲ་ཧེ། ༢འགུ་ཧུ་ལུ་སྤར་ཡ། ༣ཁྲི་ཐོག་སྤར་ཚ་གསུམ། ༤རྒྱ་གར་མཁས་པ་ལྷ་བདག་སྔགས་གྲོལ། ༥རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ། ༦ཕྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་བྱུང་། མཁས་པ་དེ་དྲུག་པོའི་ཞང་ཞུང་རྒྱལ་པོའི་བླ་རི་གངས་རིན་པོ་ཆེའི་ཉེ་སྐོར་ཞང་ཞུང་གི་དགོན་སྡེ་ཆེན་པོ་བཞི་བཅས་ལ་བཤད་སྒྲུབ་ཀྱི་བོན་འཁོར་སྐོར་བའི་སློབ་མ་ཞང་བོད་མཁས་པ་མི་བཞི་༼༡ཞང་ཞུང་ལ་མཁས་པ་སྟོང་རྒྱུང་མཐུ་ཆེན། ༢བོད་ཤ་རི་དབུ་ཆེན། ༣མེ་ཉག་ལྕེ་ཚ་མཁར་བུ།  ༤ལྡེའུ་བོན་གྱིམ་ཚ་རྨ་ཆུང་༽བཅས་དང་། །མཁས་པ་མི་བཞིས་གད་ཀྱི་བྱེ་བ་མཁར་སོགས་འདུ་གནས་སོ་བདུན་ཕྱག་བཏབ་སྟེ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས་བའི་སློབ་མ་རིག་འཛིན་ལོ་པན་གཤེན་བརྒྱད་དེ༼༡རྔམ་པ་ལྕེ་རིང་། ༢དམུ་ཚ་གྱེར་མེད། ༣ཟ་རང་མེ་འབར། ༤མུ་སྤུངས་གསལ་ཏང་། ༥དྲན་པ་ནམ་མཁའ། ༦རྒྱུང་ཡར་མུ་ཁོད། ༧རྗེ་ཆེན་ལྷ་སྒོམ། ༨བློན་ཆེན་མུ་ཐུར༽དང་བརྒྱད་བྱུང་། ཁོང་རྣམས་ཀྱིས་མཛད་པའི་སྒྲ་ཚད་ཀྱི་བསྟན་བཅོས་ཀྱང་མང་པོ་ཡོད་པ་སྟེ། ཤ་རིས་མཛད་པའི༼ཞང་བོད་སྒྲ་མདོ་ཆེན་མོ་༽དང་མཁས་པ་མི་བཞིས་མཛད་པའི༼གབ་འགྲེལ་རིག་པའི་རྒྱ་མཚོ་༽ལི་ཤུ་སྟག་རིང་གིས་མཛད་པའི༼གཏན་ཚིགས་རིག་པའི་གལ་མདོ༽ཤ་རི་དབུ་ཆེན་གྱིས་མཛད་པའི༼ཏན་ཏྲ་ཉི་མའི་འཁོར་ལོ༽དང་།     དྲན་པ་ནམ་མཁས་མཛད་པའི་༼ཚད་མ་རྣམ་འབྱེད་འཕྲུལ་ལྡེའུ༽བཅས། སྒྲ་ཚད་ལ་མཁས་པའི་བོན་གཤེན་དང་སྒྲ་ཚད་ཀྱི་བསྟན་བཅོས་སོགས་ཕུན་སུམ་ཚོགས་པོ་སྤྱི་ལོའི་སྔོན་ནས་བོད་ཀྱི་ཡུལ་དུ་དར་བ་ཡིན།    དེ་ཡང་ཞང་བོད་ཀྱི་ཡུལ་འདིར་རྒྱ་གར་ཆོས་བོད་ལ་མ་བྱུང་གོང་ནས་རིག་གནས་དང་གཞུང་དོན་ཕུན་སུམ་འཚོགས་པོ་ཡོད་ལ། རིག་གཞུང་དར་ལ་སྒྲ་ཚད་མ་དར་བ་འོང་ཐབས་དང་བྲལ་བ་ཞིག་ཡིན། སྒྲ་རིག་པ་མེད་ན་གཞུང་གི་བརྗོད་བྱེད་ཡང་དག་པ་ཞིག་མི་ཡོང་ལ། ཚད་མ་རིག་པ་མེད་ན་བརྗོད་བྱའི་དོན་ཟབ་མོ་སྟོན་མི་ཐུབ་པ་བཅས་ཀྱིས་འབྲས་བུ་བོན་མདོ་སྔགས་རྫོགས་གསུམ་གྱི་ནང་དོན་གཏན་ལ་འབེབས་རྒྱུ་ཕར་ཞོག་རྒྱུ་བོན་གྱི་སྐོར་ཡང་ཚད་ལྡན་ཞིག་བསྟན་མི་ཐུབ་པས། སྒྲ་ཚད་རིག་པ་ནི་རིག་གཞུང་གང་ཡིན་གྱི་རྨང་གཞི་ཡིན་པས་གཞུང་དོན་དང་མཉམ་དུ་འཕེལ་རྒྱས་འགྲོ་དགོས་ངེས་རེད།།                             ༧དེ་ལྟར་ན་རྒྱ་གར་གྱི་དམ་ཆོས་ཐོག་མར་བོད་ལ་གདན་དྲངས་པའི་སྐབས་སུ་བོད་ལ་སྒྲ་ཚད་རིག་པ་གྲྭ་རྒྱས་པོ་ཡོད་ན་བོད་ཀྱི་ཆོས་ལ་ཕམ་ཉེས་འགྲོ་མི་སྲིད་བསམ་མཁན་ཡོང་སྲིད། །དེ་ལ་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོས་རྒྱ་གར་ནང་བཞིན་བོན་ལ་ཚད་མ་རིག་པ་དར་སོ་མི་ཆེ། རྒྱུ་མཚན་རྒྱ་གར་ལ་མུ་སྟེགས་དང་ནང་པའི་རྩོད་པ་ནམ་ཡང་ཐུག་ཅིང་བོད་ལ་ཕྱི་པས་རྩོད་པ་འགའ་མེད་པས་རྒྱུ་མཚན་གསུངས་ཡོད། རང་ནས་ཀྱང་སྐབས་དེར་བོད་ལ་ཚད་མ་རིག་པའི་གཞུང་ཡོད་པ་དང་འཆད་ཉན་གྱི་སྲོལ་ཚུགས་ཡོད་ཀྱང་གྲྭ་རྒྱས་པོ་རྒྱ་གར་ནང་བཞིན་དར་དཀའ་ཡོད་པར་སེམས། རྒྱུ་མཚན་སྔར་བོན་གྱི་ལོ་རྒྱུས་རྙིང་པ་འགའ་ཞིག་གི་ནང་དུ།    བན་དེ་རྣམས་ཀྱི་མཆུ་ལ་ངུར་སྨྲིག་ཆགས། བོན་པོ་རྣམས་ནི་ཁ་གཡུང་ལ་དྲན་འཁྲུལ་ཉུང་བར་གསུངས་པའི་ཤུགས་ལ་ཤེས་ཐུབ་པ་མ་ཟད་བོན་པོ་རྣམས།    སྐབས་དེ་དུས་གཙོ་བོ་གཡའ་རི་གངས་བྲག་འགྲིམ་ནས་རི་སྒོམ་གྱི་བསྟན་པ་དར་རྒྱས་འགྲོ་བཞིན་པ་ལས་སྒྲ་ཚད་ལ་བྱང་ཤ་ཆོད་པ་ཞིག་མ་ཡིན་པར་སེམས། གཞན་ཡང་སྔར་མཁས་པ་མི་བཞི་དང་ལོ་པཎ་གཤེན་བརྒྱད་སྐབས་དེར་གཡུང་དྲུང་བོན་གྱི་སྒྲ་ཚད་རིག་པ་དར་ཡང་ཕྱིས་ཁྲི་སྲོང་སྐབས་སྔར་ལས་ཅུང་ཉམས་པ་སོང་བ་མཁས་དབང་ཀུན་གྲོལ་གྲགས་པས་ཀྱང་གསུངས་ཡོད།      འགའ་ཞིག་ནས་རྒྱ་གར་ཆོས་བོད་ལ་མ་དར་གོང་བོད་ལ་སྒྲ་ཚད་ཀྱི་རིག་པ་མེད་ཅེས་ལབ་ཀྱང་དོན་དངོས་དང་མཐུན་དཀའ།    དེས་ན་ཞང་བོད་ཀྱི་ཡུལ་དུ་སྒྲ་ཚད་རིག་པ་དང་པོ་སྟོན་པ་གཤེན་རབ་ཀྱིས་གཏན་ལ་ཕབ་ནས་གདུང་ཚོབ་མུ་ཆོ་དང་འཛམ་གླིང་མཁས་པའི་རྒྱན་དྲུག་མཁས་པ་མི་བཞི། ལོ་པན་གཤེན་བརྒྱད་སོགས་ཀྱིས་འདུས་སྡེ་བསྐྱངས་ནས་རྒྱས་པར་སྤེལ་ཚུལ་སྔར་བཤད་པས་ཤེས།  འོ་ན་དེང་དུས་བློ་རྟགས་བསྡུས་གསུམ་དང་སུམ་རྟགས་དག་གསུམ་གྱི་རྣམ་བཞག་འདི་འདྲ་མོ་སྔར་ཡོད་དཀའ་སྟེ། ལོ་རྒྱུས་ཀྱི་དབང་དུ་གཏང་ནས་བཤད་ན་རིག་པ་གང་ཞིག་ཡིན་ན་དང་པོ་འགོ་ཚུགས་པ་ནས་མཐར་འཕེལ་རྒྱས་ཀྱི་འགྲོ་ལམ་བརྒྱུད་དགོས་པ་ཞིག་ཡིན་གཤིས། ཞང་བོད་ཀྱི་སྒྲ་ཚད་རིག་གཞུང་སྔར་དང་པོ་གཤེན་རབ་ཀྱིས་འགོ་བཙུག་བར་དུ་མཁས་བཞི་སོགས་ཀྱིས་གོང་འཕེལ་བཏང་། མཐར་ཞང་བོད་ཀྱི་སྒྲ་ཚད་ཀྱི་རྨང་གཞིའི་སྟེང་རྒྱ་གར་གྱི་སྒྲ་ཚད་རིག་པ་བསྣན་ཁ་བྱིན་ནས་དེང་དུས་བོད་ཀྱི་ཡུལ་འདིར་སྒྲ་ཚད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། འཐུས་སྒོ་ཚང་བ་འདི་འདྲ་བྱུང་བ་རེད། གཞུང་དོན་གྱི་དབང་དུ་བཏང་ན་དོན་བཟང་གི་ནོར་བུ་ལ་འཁྲུལ་རྟོག་གི་གོས་སྐོན་ནས་ཐ་སྙད་གྲ་རྒྱས་སུ་སོང་བས་དོན་གྱི་གནས་ལུགས་གཏོར་ནས་གྲུབ་མཐའི་ཨ་མཐས་ཀྱིས་བཅིང་ཡོད་པ་འདི་རེད། དེས་ན་འཇིག་རྟེན་དང་མྱང་འདས་ཀྱི་འཕེལ་རྒྱས་གོ་ལྡོག་བསྡད་པ་ཞིག་ལས་འཕེལ་འགྲིབ་མཉམ་དུ་བསྐྱོད་པ་ནི་དཀའ་བའི་གནས་སུ་གྱུར།།
 
 
Re:༡༡ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/10/15 0:50:05 | By: yongzhou ]
 
yongzhouདེ་ཡང་དུས་ཀྱི་བགྲོད་པ་ཡུལ་དང་བསྟུན་ཏེ་ང་རང་ཚོ་བོན་པོའི་ཤེས་རིག་འདི་དག་ཀྱང་བརྡ་འཕྲིན་གློག་ཟམ་བརྒྱུད་དེ་ཀུན་གྱི་སྤྱན་ལམ་དུ་བསྟར་གནང་མཛད་པའི་སྐྱེས་བུ་མང་དག་ཅིག་བཀའ་དྲིན་ཡང་ཡང་ཞུ་བར་འོས། དེ་དང་ཆབ་ཅིག་སྔར་གྱི་བན་བོན་གཉིས་ཀྱི་རིག་གཞུང་ཁག་ལ་དོགས་དཔྱོད་དང་འགལ་འདུ། དགག་གཞག་དང་སུན་འབྱིན། སྙིགས་འདོར་བཅུད་ལེན་གྱི་གདམས་པར་འབད་དགོས་པ་སྨྲོས་ག་ལ་འཚལ། འོན་ཏེ་ང་ཚོས་ཅིས་ཀྱང་ཤེས་དགོས་པ་ཞིག་དང་བསམ་དགོས་པ་ཞིག་ནི། དོན་དམ་གྱི་ང་ཚོས་ལོ་རྒྱུས་ཕྱིར་ཀློག་དང་བདེན་པ་ར་སྤྲོད་དགོས་པ་བོན་པོ་ཙམ་དང་བན་དེ་ཙམ་དེ་ལས་ཀྱང་རིང་ལུགས་ག་གེ་མོ་དང་མདོར་ན་ལོ་རྒྱུས་ཀྱི་ཆེད་དུ་ལོ་རྒྱུས་སུ་མ་སོང་བར་གལ་ཆེ་འགངས་ཟབ་པ་མཐོང་བས་དཔྱོད་ལྡན་རྣམ་གྱིས་བོད་པའི་ཤེས་རིག་ངོས་དང་རིག་གཞུང་ངོས་ནས་དོན་ལ་གཟབ་པར་གནང་རོགས། སྐུ་ཉིད་ཀྱི་རྩོམ་ཡིག་ནམ་རྒྱུན་ཀློག་མཁན་ཡ་བྲང་གཡུ་འབྲུག་གིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.