སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༢༡ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/12/18 22:49:00 | By: dengbijiangcun ]
 

༧བཀའ་འཁོར་མཐའ་མར་ཕྱི་ནང་གསང་གསུམ་ཞེས་པའི་ཕྱི་སྤང་ལམ་མདོ་ཡི་སྐོར་ནི་གོང་གི་མདོ་འབུམ་གཉིས་ཀྱི་གཞུང་རྣམས་དང་། བསྒྱུར་ལམ་གསང་བ་སྔགས་ཞེས་པ་ནི་གོང་གི་ཆབ་དཀར་དང་གཅིག་མཚུངས་ཡིན། གྲོལ་ལམ་རྫོགས་པ་ཆེན་པོ་ནི་གོང་གི་དཔོན་གསས་དང་བསྟན་དོན་གཅིག་པས་སྐབས་འདིར་དེ་རྣམས་ཀྱི་བཤད་པ་གོང་མ་རྣམས་ཀྱི་གོ་ཆོད་པར་བྱས་ཏེ་རེ་ཞིག་བཞག་གོ །།

གཏིང་ཟབ་གཤེན་བསྟན་རྒྱ་མཚོའི་འཇུག་ངོགས་སུ། །
ལོ་མང་འཆད་རྩོད་རྩོམ་ལ་འབད་བྱས་ཏེ། །
ལྔ་རིག་ལོ་རྒྱུས་སྨྲ་རྒྱུ་དམ་བཅས་ཀྱང་། །
ཀུན་ལ་འོས་པའི་གཏམ་ཞིག་དཀའ་བར་སེམས། །
གལ་སྲིད་དོན་གྱི་རྣམ་དཀར་ཆ་ལྡན་ན། །
མཐའ་མེད་འཁོར་མཚོར་འཁྱམས་པའི་མ་རྒན་རྣམས།
བློ་སྒྲོམ་ལྐུགས་ཁ་འབྱེད་པའི་ལྡེ་མིག་ཏུ།
འགྱུར་ནས་རྒྱལ་བསྟན་རྒྱས་པའི་དཔལ་དུ་སྨོན།།

༧ བོན་གྱི་རིག་གནས་ལྔ་ཡི་ལོ་རྒྱུས་འདི་ལྟར་འབྲི་དགོས་དོན་ནི་རྩེ་བླ་གར་དབང་རྣམ་རྒྱལ་གྲགས་པས། ད་སྐབས་སྤྱི་ཚོགས་ཐོག་དཔལ་ཡོན་གཉིས་ལྡན་གྱིས་རྒྱལ་ཁབ་འཛུག་སྐྲུན་བྱེད་བཞིན་པའི་སྐབས་འདིར་ཁྱོད་ནས་བོན་གྱི་རིག་གནས་སྐོར་གྱི་ལོ་རྒྱུས་ཤིག་བྲིས་ཞེས་བཀའ་བསྩལ་བ་དང་སྟབས་གཅིག་འབྲི་གཞིའི་ཤོག་བུ་དང་ཀྲུང་སྒོར་༡༠༠བཅས་བཀའ་དྲིན་གནང་བ་ལ་བསྟེན་རྩེ་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་མཚན་ཉིད་བཤད་ཁྲིད་ཀྱི་ཐུན་མཚམས་རྣམས་སུ་བྲིས་པས། གཅིག་ནས་དུས་ཚོད་མང་པོ་བེད་སྤྱོད་རྒྱུ་མ་བྱུང་བ་དང་། གཉིས་ནས་རང་ཤེས་ཡོན་ཞན་པ་དང་། གསུམ་ནས་རྩོམ་སྦྱར་དང་པོར་སོང་བ་སོགས་ཀྱིས་ནོར་འཁྲུལ་ཡོད་ངེས་པས་མཁྱེན་ལྡན་རྣམ་པས་སློབ་སྟོན་ཞུ་བ་དང་བཅས་སོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.