སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༡༥ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/11/2 22:32:00 | By: dengbijiangcun ]
 

                   ༈ ལེའུ་དྲུག་པ་ཕྱི་རིག་པའི་སྐོར།

   ༧ཞང་བོད་རིག་པའི་སྲོལ་གཏོད་པ་གཤེན་རབ་ཉིད་ཀྱིས་སྤྱིར་འཇིག་རྟེན་ཐོག་གི་འགྲོ་བ་གང་ཞིག་ཡིན་ན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཞིག་ཡིན་པ་གཅིག་མཚུངས་ཡིན་ཀྱང་། བདེ་བ་བསྒྲུབ་ཚུལ་ལ་རྨོངས་པའི་དབང་གིས་དུས་དང་རྣམ་པ་ཀུན་ཏུ་དུས་གཏན་གྱི་བདེ་བའམ་དོན་དམ་པའི་བདེ་བ་དང་མ་འཕྲད་པར་སྡུག་བསྔལ་བའི་རང་བཞིན་གྱི།    འཇིག་རྟེན་གྱི་ཁམས་འདིར་མཐའ་མེད་དུ་གནས་པའི་ཚུལ་ལ་གཟིགས་ནས། དེ་རྣམས་ལ་ཕན་བདེ་སྒྲུབ་ཐབས་ཀྱི་གཞུང་དོན་མང་པོ་ཞིག་བསྟན། དེ་ཡང་བསྡུས་ན་ཕྱི་ནང་གསང་བ་གསུམ་གྱི་རང་འབྱུང་གི་ཁམས་མ་མཐུན་པའི་རྐྱེན་གྱིས་གནས་སྐབས་ཀྱི་མི་མཐུན་ཕྱོགས་ཀྱི་འགལ་བ་སེལ་ཐབས་ཕྱི་རིག་པའི་གཞུང་དང་། ནང་ལས་དང་ཉོན་མོངས་པས་རང་རྒྱུད་ལ་མཐའ་མེད་ཀྱི་སྡུག་བསྔལ་གཏད་པ་དེ་བསལ་ཐབས་ནང་རིག་པའི་གཞུང་གཉིས་གཏན་ལ་ཕབས་པ་ཡིན།  དེ་ལ་ཕྱི་རིག་པ་དང་ནང་རིག་པ་ཞེས་པ་གཙོ་བོ་ཕྱི་རང་འབྱུང་ཁམས་མཐུན་མིན་གྱིས་བདེ་སྡུག་འབྱུང་ཚུལ་ལ་དང་། ནང་ཤེས་རྒྱུད་ཀྱི་ལས་བཟང་ངན་གྱིས་བདེ་སྡུག་གི་ཚུལ་གཉིས་ལ་ལྟོས་ནས་ཕྱི་རིག་པའི་གཞུང་དང་ནང་རིག་པའི་གཞུང་ཞེས་བརྗོད་དགོས་པར་གསུངས།།        གཞན་ཞང་བོད་ཀྱི་རིག་གཞུང་ནང་དུ་རང་འབྱུང་གི་ཁམས་ལ་ཕྱི་ནང་གསང་བ་གསུམ་བསྟན་ཏེ་ཕྱི་མེ་ཆུ་ས་རླུང་ནམ་མཁའ་ལྔ་འམ་ཤིང༡་མེ༢་ས༣་ལྕགས༤་ཆུ༥་ལྔ་ལ་དང་། ནང་བཅུད་ཀྱི་ཤ༡་ཁྲག༢་དྲོད༣་དབུགས༤་སེམས༥་དང་ལྔ་ལ་ནང་དང་། གསང་བ་སྲོག༡་ལུས༢་དབང་ཐང༣་ཀླུང་རྟ༤་བླ་ཚེ༥་དང་ལྔ་ཡིན། །དེ་ཡང་ཕྱི་ཡི་ཁམས་མ་མཐུན་པའི་རྐྱེན་གྱིས་རླུང་ཆེན་སྡང་བ་དང་། ཆུ་བཤའ་རྒྱུག་པ་ས་འགུལ་བ་མེ་འབར་བ་སོགས་ཀྱིས་སྐྱེ་འགྲོ་སེམས་ཅན་གྱི་རྟེན་གནས་ཉམས་རྒུད་འགྲོ་བ་དང་ལྷན་དུ། ནང་ཤ་ཁྲག་དྲོད་དབུགས་ལ་རླུང་མཁྲིས་བད་ཀན་བཅས་ཀྱིས་ན་ཚ་སྡང་བ་དང་། གསང་བ་སྲོག་ལུས་དབང་ཐང་ཉམས་ནས་མཐར་འགྲོ་བའི་ཚེ་སྲོག་བྲལ་བའི་སྡུག་བསྔལ་སོགས་གཅིག་ལ་གཅིག་བརྟེན་དུ་གྲུབ་པའི་ཚུལ་མངོན་ཡོད། དེ་རྣམས་ཁམས་མཐུན་དང་འཕྲོད་སྦྱོར་གྱི་སྲུང་སྐྱོབས་ཆེད་དུ་གཤེན་རབ་ཉིད་ཀྱིས་ཕྱི་རང་འབྱུང་ཁམས་ཀྱི་ལྷ། ས་བདག་དང་ཀླུ་གཉན་སྒྲ་བླ་ཝེར་མ་དང་། ནང་ཕུང་ཁམས་སྐྱེ་མཆེད་ལ་ལྟོས་པའི་འགོ་བའི་ལྷ་ལྔ་སོགས་འཇིག་རྟེན་ཁམས་ཀྱི་ལྷ་མང་པོ་ཞིག་འབྱུང་ཁམས་ཀྱི་བདག་པོ་རུ་ཐབས་མཁས་ཀྱིས་མངའ་གསོལ་ནས་རང་འབྱུང་ཁམས་སྲུང་སྐྱོབས་དགོས་པར་གསུང་བ་ནི།  ང་ཡི་རྗེས་འཇུག་གང་ཞིག་གིས་རང་འབྱུང་ཁམས་བེད་སྤྱོད་དགོས་ན་དང་ཐོག་ས་བདག་ཀླུ་གཉན་དེ་རྣམས་ལ་གནང་བ་མ་ཞུས་པར་གང་བྱུང་དུ་སྤྱོད་མི་ཆོག་པའི་ཐ་ཚིག་ཀྱང་བགོས་ཡོད་པ་སྟེ། དཔེར་ན་བོད་སྔར་མའི་ལམ་སྲོལ་ལ་རང་བྱུང་ཁམས་ལ་གནོད་པའི་ཞིང་ལས་དང་ཁང་ལས་སོགས་ཀྱི་བྱེད་སྒོ་གང་ཞིག་དང་། དེ་བཞིན་ས་ཆ་གང་ལ་ཆོ་གའི་མཛད་སྒོ་ཞིག་སྤེལ་བ་བཅས་ལ། དང་ཐོག་ཡུལ་དེ་གའི་ས་བདག་ཀླུ་གཉན་ལ་དཀར་མངར་དང་གསེར་སྐྱེམས་སྦྲན་པའི་བསང་གསོལ་གྱི་མཆོད་པ་ཕུལ་དགོས་པ་དང་། དེ་མཆོད་ཐབས་ཀྱི་ཆོ་ག་གང་ཞིག་ཡིན་ན་དེའི་འདོན་ཚིག་ནང་། སྔོན་གྱི་ཐ་ཚིག་མ་བསྙེལ་བར། །འདིར་སྤྱོན་རྒྱན་གྱི་མཆོད་པ་བཞེས།  །གཡུང་དྲུང་བོན་གྱི་བསྟན་པ་བསྲུང་།  །སྒྲུབ་གཤེན་བདག་ལ་སྡོང་གྲོགས་མཛོད། །ཅེས་པའི་ཚིག་གསལ་བས་གྲུབ།།          

        དེ་ལྟ་བུའི་རྒྱུ་མཚན་དང་དགོས་པ་ལ་བརྟེན་ནས་གཤེན་རབ་ཀྱིས་ཡེ་དབང་ས་ཡི་རྒྱལ་པོའི་དགོངས་པ་བཞིན་ཕྱི་རིག་པའི་འབུམ་གསུམ་གསུངས་པ་ནི། སྣང་སྲིད་ཀྱི་གཏོ་འབུམ་ནག་པོ།  རིན་ཆེན་གྱི་ཀུན་འབུམ་ཁྲ་བོ། གཙུག་ལག་གི་དཔལ་འབུམ་དཀར་པོ་དང་གསུམ་ཀོང་ཙེ་འཕྲུལ་རྒྱལ། ཀོང་ཚ་འཕྲུལ་བུ་བཅས་ལ་གཉེར་གཏད་མཛད་པ་མ་ཟད་དབང་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ། རྒྱུད་ལེའུ་སྟོང་ཕྲག་བརྒྱད་པ་གསུང་ནས་སློབ་མ་གསེར་ཐུབ་འོད་སྲུང་ལ་གཉེར་དུ་གཏད་པའི་ཚུལ་དང་། གཞན་དྲི་མེད་ཕྱྭ་གཤེན་ཐེག་པའི་མདོ་ལས། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། །སྒོས་སུ་རྣམ་གྲངས་བཞི་རུ་བསྟན།   །པྲ་ལྟས་མོ་དང་རྣོ་མཐོང་རྩིས། །ན་གསོ་གཏོ་དང་འཆི་བསླུ་དཔྱད། །མོ་རྩིས་གཏོ་དཔྱད་རྣམ་པ་བཞི།། །དང་པོ་ཐོག་མ་གང་གི་སྔ།   །བར་དུ་གསོ་རྐྱེན་གང་གིས་བྱེད། །མཐའ་མ་ལས་མཐའ་གང་གིས་བསྡུ།།   །ཐོག་མར་སྤྱི་ཡི་རྣམ་གྲངས་ནི། །པྲ་ལྟས་མོ་ཡི་མཚན་ཉིད་ལ། །མོ་པྲ་སུམ་བརྒྱ་དྲུག་ཅུ་མཆིས།།    །རྣོ་མཐོང་རྩིས་ཀྱི་མཚན་ཉིད་ལ། །གབ་རྩེ་སུམ་བརྒྱ་དྲུག་ཅུ་མཆིས།།    །ན་གསོ་གཏོ་ཡི་མཚན་ཉིད་ལ། །གཏོ་ཐབས་སུམ་བརྒྱ་དྲུག་ཅུ་མཆིས།། །འཆི་བསླུ་དཔྱད་ཀྱི་མཚན་ཉིད་ལ། །དཔྱད་ཐབས་ཉིས་ཁྲི་གཅིག་སྟོང་མཆིས།། །མོ་ལ་རྣམ་པ་བཞི་ཡིན་ཏེ། །ཡེ་སྲིད་འཕྲུལ་གྱི་ཇུ་ཐིག་དང་། །ཡེ་མཁྱེན་སྒྲ་བླའི་མངོན་ཤེས་དང་། །ཡེ་རྗེ་སྨོན་པའི་རྨི་ལམ་དང་། །ཡེ་དབང་ལྷ་ཡི་བཀའ་བབ་དང་།     །རྣམ་པ་བཞི་རུ་ཤེས་པར་བྱ།། །རྩིས་ལ་རྣམ་པ་བཞི་ཡིན་ཏེ། །གབ་ཙེ་འཕྲུལ་གྱི་མེ་ལོང་དང་། །སྤར་ཁ་སྨེ་བའི་གླིང་སྐོར་དང་། །འབྱུང་བ་དུས་ཀྱི་འཁོར་ལོ་དང་། །ཇུ་ཞག་རྟེན་འབྲེལ་ལས་རྩིས་དང་། །རྣམ་པ་བཞི་རུ་ཤེས་པར་བྱ།། །གཏོ་ལ་རྣམ་པ་བཞི་ཡིན་ཏེ། །འབྱུང་བ་འཁྲུག་པའི་ཡོ་གཏོ་དང་། །མདོས་ཆ་རྟེན་འབྲེལ་བརྡིག་གཏོ་དང་། །བག་གཉིས་བཟློག་པའི་ཐུན་གཏོ་དང་། །མཉམ་གཉིས་བསོར་བའི་བརྗེ་གཏོ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ།། །དཔྱད་ལ་རྣམ་པ་བཞི་ཡིན་ཏེ། །རྒྱུ་རྐྱེན་མཐོང་ལ་དཔྱད་པ་དང་། །ངོས་འཛིན་རྩ་ལ་དཔྱད་པ་དང་། །ཕན་གནོད་ཆུ་ལ་དཔྱད་པ་དང་། །འཆི་སོས་ཁམས་ལ་དཔྱད་པ་དང་། །རྣམ་པ་བཞི་རུ་ཤེས་པར་བྱ།།  །ཞེས་སོགས་ཀྱི་ལུང་གིས་ཕྱི་རིག་པའི་གཞུང་གཏན་ལ་ཕབ་ཡོད། དེ་ལ་ཕྱི་རིག་པའི་སྐོར་གྱི་ནང་དོན་གཙོ་བོ་འགལ་རྐྱེན་གང་གིས་གནོད་པ་བརྟག་ཐབས་མོ་དང་རྣོ་མཐོང་གི་རྩིས་གཉིས། འབྱུང་ཁམས་དང་ཕུང་ཁམས་ལ་གནོད་བྱེད་གང་ངོས་ཟིན་པ་གསོ་ཐབས་ལ་གཏོ་དང་སྨན་དཔྱད་གཉིས་ཏེ་བཞི་རུ་བསྟན་པ་ཡིན།         དེ་རྣམས་ཀྱི་ནང་དོན་ཟུར་ཙམ་བཤད་ན་མོ་ཞེས་པ་ནི་ཆེས་ལྐོག་ཏུ་གྱུར་པའི་གསང་བའི་དོན་གང་ཞིག་བརྟག་ཐབས་ཁྱད་པར་ཅན་ཏེ་ཡེ་མཁྱེན་སྒྲ་བླའི་མངོན་ཤེས་ལྡན་པའི་སྒྲ་བླ་ཝེར་མ་བཅས་ལྷ་སྲུང་ཚོགས་ལ་གསོལ་འདེབས་དང་། བདེན་བདར་གྱི་སྒོ་ནས་པྲ་དང་རྡེའུ་ཆོ་ལོ་སོགས་ལ་བརྟེན་ནས་ཆེས་མི་སྣང་བའི་ལྐོག་ཏུ་གནས་པ་རྣམས་མཐོང་ཐོབ་པར་སྒྲུབ་བྱེད་ཀྱི་རིག་པ་ཞིག་དང་། དེ་ལ་ཡང་ཇུ་ཐིག་དང་ལྷ་བབ་་ཤོ་མོ་པྲ་དང་རྨི་ལམ་སོགས་ཡོད། དེའི་ནང་རྣོ་མཐོང་རྩིས་ཀྱི་རིག་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་བཅས་ལ་འབྱུང་ལྔ་དང་དུས་ཚོད་ཕན་ཚུན་ཞིབ་དཔྱད་ཀྱིས་རྩིས་པའི་དུས་བཞིའི་འགྱུར་ལྡོག་དང་། གཟའ་སྐར་བགྲོད་སྟངས་དང་གནམ་གཤིས་དྲོ་གྲང་སོགས་བརྟག་ཐབས་སྐར་རྩིས་དང་ཕྱི་ནང་གི་འབྱུང་ཁམས་འཕྲོད་སྦྱོར་གྱི་བྱེད་ལས་དང་ནུས་པའི་ཆ་ལས་སྐྱེ་འགྲོ་སེམས་ཅན་གྱི་སྲོག་ལུས་དབང་ཐང་རླུང་རྟ་དར་མི་དར་གྱི་ལུས་ཁམས་བདེ་མིན་སོགས་བརྟག་ཐབས་འབྱུང་རྩིས་གཉིས་ཡོད།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.