སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༢༠ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/12/12 19:21:00 | By: dengbijiangcun ]
 
  ༧ བོན་ལུགས་ཀྱི་སྔགས་ཆས་ལ། སྟག་ཞུ་སྟག་བེར་སོགས་ཕོད་ཁ་ཅན་གྱི་གོས་དང་། རྫོགས་ཆེན་ལ་གཟན་དཀར་དང་། ཞྭ་དཀར་མོ་རྩེ་རྒྱལ་དང་། ཁྱུང་ལྡིང་མ་སོགས་ཡོད། ཁྱུང་ལྡིང་མ་ནི་མདོ་སྔགས་རྫོགས་གསུམ་སྤྱི་ལ་རྒྱུག་པའི་ཞྭ་ཡིན་པ་བཤད། བན་དེའི་ཞྭ་དམར་དང་། ཞྭ་ནག་དང་། ཞྭ་སེར་གྱོན་སྲོལ་ཡོད་ལ།    བོན་པོས་ཞྭ་གཙོ་བོ་ཞྭ་དཀར་གསོལ་བས་ཞྭ་དཀར་གཡུང་དྲུང་བོན་ཞེས་འབོད། རྩེ་ཞྭ་ཟེར་བ་འདི་བན་བོན་གཉིས་ཀྱིས་དེང་དུས་གྱོན་སྲོལ་ཡོད་ཀྱང་གཞུང་དོན་ནང་ཁུངས་ལྡན་གྱི་བཤད་པ་འགའ་མེད། །དེ་བཞིན་བན་དེའི་ནང་དེང་དུས་རྔ་བརྡུང་བ་དང་། གཏོར་མར་དམར་པོ་བྱུགས་པ། རླུང་རྟ་འཛུགས་པ། རི་འགོར་གསས་མཁར་བརྩེགས་པ། ལག་འཁོར་བསྐོར་བ་སོགས་འཁོར་ལོའི་རིགས་རྣམས་བོན་གྱི་ལད་མོ་བྱས་པ་ལས་རྒྱ་གར་བན་དེའི་ཆོས་ལ་དེ་འདྲ་མེད་ཅེས་འཛམ་གླིང་གི་མཁས་པ་མང་དག་གཅིག་གིས་ལབ་པ་མ་ཚད་རྒྱ་གར་རང་གི་ལོ་རྒྱུས་ངོ་མའི་ནང་དེ་རྣམས་དཀོན་པ་བཅས་ཀྱིས་རེད།
   ༧གཞན་ཡང་ཞང་བོད་ཀྱི་ཡུལ་འདིར་གཤེན་རབ་བྱོན་ནས་བཟུང་མདོ་སྔགས་རྫོགས་གསུམ་གྱི་གཞུང་གང་འཚམས་དར་མྱོང་བའི་བཀའ་དང་བཀའ་བརྟེན་གྲངས་མང་བཞུགས་པ་མ་ཚད།    མདོ་སྔགས་རྫོགས་གསུམ་གྱི་རྒྱུད་འཛིན་ཤེལ་དཀར་ཕྲེང་བ་ལྟར་བྱོན་པའི་བོན་གཤེན་གྱི་ལོ་རྒྱུས་དང་དེ་རྣམས་ཞབས་བཅགས་པའི་ས་གནས་འདི་ཞེས་ད་ལྟ་ངོས་བཟུང་རྒྱུ་ཡོད་པ་དེ་གངས་རིན་པོ་ཆེའི་རྒྱུད་ལ་ཞང་ཞུང་གི་མཁན་བརྒྱུད་རྣམས་ཀྱིས་ཕྱག་བཏབ་པའི་དགོན་པ། གཡུང་དྲུང་ཚུལ་ཁྲིམས་ཀྱིས་སྤོས་རི་ངད་ལྡན་གྱི་ཤར་ཕྱོགས་ཤེལ་གྱི་བྲག་དཀར་རྩེ་རྫོང་ལ། ༼གཡུང་དྲུང་ལྷ་རྩེའི་གསས་ཁང་༽བཞེངས་ནས་འདུས་སྡེ་བསྐྱངས་པ་དང་། གཙུག་ཕུད་ཚུལ་ཁྲིམས་ཀྱིས་གངས་ཅན་ཧྲོམ་པོ་དཔལ་རི་ལ་༼གཡུང་དྲུང་བརྩེགས་པའི་གསས་ཁང་༽བཞེངས་པ་དང་། ག་ཅུ་གཙུག་ཕུད་རྒྱལ་བས་འདམ་ཤོད་སྣར་མ་རུ་༼གཡུང་དྲུང་ཁྲི་འདུས་འོད་ཀྱི་གསས་ཁང་༽བཞེངས་པ་ནས་འདུལ་བའི་བསྟན་པ་སྐྱོང་བའི་ལོ་རྒྱུས་ཡོད་ལ། གཞན་གསང་སྔགས་ཀྱི་བསྟན་པ་འཛུགས་ས་འདུ་གནས་སོ་བདུན་དང་། རྫོགས་པ་ཆེན་པོའི་ཉམས་ལེན་གནང་ས་སྟོད་དྭང་རའི་རྒྱུད་ལ་འཇའ་ལུས་ཉེར་བཞིའི་བླ་མ་བཞུགས་སའི་སྒྲུབ་ཕུག གནམ་མཚོ་དོ་གླིང་དུ་སྟོང་རྒྱུང་མཐུ་ཆེན་བཞུགས་སའི་བྲག་ཕུག མང་མཁར་ལྕགས་འཕྲང་དུ་ཤ་རི་དབུ་ཆེན་བཞུགས་སའི་བྲག་ཕུག སྨད་ཤེལ་ལེ་རྒྱ་སྐར་ལ་དྲན་པ་ནམ་མཁའ་བཞུགས་སའི་སྒྲུབ་ཕུག །ཤར་དུང་རིའི་བརྒྱུད་དུ་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྒྲུབ་གནས་དང་། ཀན་སུ་བརྒྱུད་ལ་མུ་ཟི་གསལ་བཟང་འགོག་པ་བཞུགས་སའི་གནས་སོགས་དང་། མདོར་ན་ཞང་བོད་ཀྱི་ཡུལ་ལྗོངས་ཕལ་ཆེ་བའི་རང་བྱུང་གི་བྲག་ཕུག་དང་གད་ཕུག་རྣམས་བོན་མདོ་སྔགས་རྫོགས་གསུམ་ཉམས་ལེན་གནང་ས་མ་ཡིན་པ་འགའ་མེད་པ་བོན་གཞུང་རྙིང་པ་རྣམས་སུ་གསལ་བས་ཤེས། །དེ་ལྟར་ལུང་རིག་མང་པོ་གོང་འོག་བསྒྲིག་ནས་ལབ་ན་རིག་དངོས་ཀྱི་རྒྱུ་ཆ་དཀོན་པས། དེང་དངོས་གཙོ་སྨྲ་བ་འགའ་ཞིག་རྣ་བར་འགྲོ་དཀའ་བར་ཡང་ཡོང་སྲིད།   འོན་ཀྱང་སྔར་ཡོད་པའི་དཔེ་གཞུང་ཚང་མ་མ་ནོར་བ་ཡིན་པ་དཀའ་ཡང་། ནོར་འཁྲུལ་རང་ཡིན་པ་དེ་བས་དཀའ། དེས་ན་ཞིབ་འཇུག་ཡང་དག་པ་ཞིག་བྱས་ན་སྔར་སྲོལ་ལྟར་གྱི་གཞུང་དོན་ལ་དཔྱད་ཞིབ་དང་རིག་དངོས་དཔང་པོ་གཉིས་ཀྱི་ཐོག་ནས་གཏན་འབེབ་བྱ་རྒྱུ་ལས། རྙིང་ཆས་ཀྱི་ཆག་རུལ་ཁོ་ན་བཙལ་ནས་དོན་གྱི་ཡིན་ཚུལ་རྙེད་དཀའ་བར་སེམས།།
  ༧མཐོ་ཐོག་སྤྱི་རྒྱུག་མཛོད་ཀྱི་བོན་ཞེས་པའི་དེང་མཛོད་ཞེས་པའི་གཞུང་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད།   དེ་ལ་སྟོན་པ་ཉིད་ཀྱི་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་གཏན་ལ་ཕབ་ནས་ཕྱི་སྣོད་ཀྱི་ཆགས་ཚུལ། ནང་བཅུད་ཀྱི་གྲོལ་ཚུལ་དག་མ་དག་གི་ལས་སྤྱོད་ཀྱིས་ཐར་འཁོར་འབྱུང་སྟངས་སོགས་གྲུབ་མཐའ་རེ་རེའི་བཤད་སྟངས་ཙམ་མ་ཡིན་པར། གྲུབ་མཐའ་སྤྱི་ཡི་ནང་དོན་བཤད་པས་ན་སྤྱི་རྒྱུག་ཞེས་པས་མིང་གིས་བརྒྱན་པ་ཡིན། དེའི་དགོངས་འགྲེལ་ལ་ལྷ་གཤེན་ཡོངས་སུ་དག་པས་མཛད་པའི་༼མཛོད་ལྷ་འགྲེལ་༽དང་། མཁས་པ་མི་བཞིས་མཛད་པའི༼་མཛོད་འགྲེལ་ཆེན་མོ།༽   དྲན་པ་ནམ་མཁས་མཛད་པའི་༼མཛོད་སྒྲ་འགྲེལ་༽བཅས་སྲོང་བཙན་ཡར་སྔོན་གྱི་ཡིག་ཆ་དང་། རྗེས་སུ་དུས་རབ་བཅུ་གཉིས་པའི་སྐབས་འགྲོ་མགོན་དང་། སྒ་སྟོན་གྱིས་མཛད་པའི་མཛོད་འགྲེལ་སོགས་བྱུང་ཡོད། ལྷག་པར་དུ་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་དུས་སུ་ཐོས་པ་གབ་མཛོད་ས་གསུམ་ལ་སྦྱོང་ཞེས་འདི་གཙོ་བོའི་སྦྱང་རྒྱུའི་ཡིག་ཆ་ཡིན་པ་དང་། གནའ་བཤོད་ལ་གཡས་རུ་སྟོན་པ་རེ་རེའི་གབ་མཛོད་ས་གསུམ་གྱི་འགྲེལ་བ་རེ་ཡོད་ཅེས་གསུང་སྲོལ་ཡོད། ད་ལྟ་བཞུགས་པ་གཡས་རུའི་མཛོད་འགྲེལ་ཁ་ཤས་ལས་གཞན་མཐོང་ཡུལ་དུ་མ་གྱུར། གཞན་ཡང་བོན་ལུགས་ཀྱི་མཛོད་གནས་བཅུ་བདུན་དང་། བན་ལུགས་ཀྱི་མཛོད་གནས་བརྒྱད་བཤད་པས་མཛོད་ཀྱི་བསྟན་དོན་ལ་བན་བོན་གཉིས་མི་མཐུན་པ་ཡང་མང་པོ་ཡོད།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.