སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༣ཞང་བོད་རིག་གནས་སྐོར་གྱི་དཔྱད་གཏམ་གངས་རིའི་རང་འོད།
[ 2011/5/22 20:23:00 | By: dengbijiangcun ]
 

༧ དེ་ཡི་ངོས་འཛིན་སྟངས་གང་ཞིག་ཡིན་ཞེ་ན་སྣང་སྲིད་དཔེ་ཡི་ཡི་གེ་ནི།    ཕྱི་སྣོད་འཇིག་རྟེན་གནམ་རི་ས་བྲག་སོགས་བརྗོད་བྱའི་རྣམ་པ་འདྲ་མོའི་ཡིག་གཟུགས་འབྲི་བའི་ལམ་སྲོལ་སྔ་རབས་སུ་བྱུང་ཡོད་པ་དེ་རྣམས་དང་། བརྗོད་བྱ་དོན་གྱི་ཡི་གེ་ལ་སྐབས་འགར་ངེས་པ་དོན་གྱི་ཡི་གེ་ཞེས་བརྗོད་དེ་ནི་གཞི་གཤིས་ཀྱི་གནས་ལུགས་ལ་ངོས་འཛིན་དགོས། དེ་ལ་ཡི་གེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ།    བོན་ལུགས་ཀྱི་ཡི་གེ་ནི་རང་རིག་པའི་ཡེ་ཤེས་ཀྱི་ས་བོན་དུ་འདོད། དེ་ཉིད་ཀྱི་འབྱུང་གཞི་གཤིས་ཀྱི་གནས་ལུགས་ཡིན་པས་དང་། གཞན་ཡང་དོན་གྱི་དགོངས་པས་གཅིག་ནས་གཅིག་ལ་བརྡ་འཕྲོད་རྒྱུ་ཡོད་པའི་རྒྱུ་མཚན་བཅས་ཀྱིས་སོ། །དེ་ཡང་མདོ་དྲི་མེད་ལས། དཔའ་བོ་འབྲུ་ལྔ་བདུད་ལས་དཔའ། །ཡེ་ཤེས་ལྔ་ཡི་ས་བོན་ཡིན། །དུག་ལྔ་འདུལ་བའི་གཉེན་པོ་ཡིན་ཞེས་དང་། ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། མཚན་མ་སྒྲ་ཡི་གསུང་རྣམས་མི་མངའ་བ། །དགོངས་པ་དོན་རྫོགས་གསུང་གིས་མཇལ་བར་སྤྲད། །ཞེས་པས་ཀྱང་གྲུབ་པ་ལྟར་རོ།།

  ལུས་གནས་རྟགས་ཀྱི་ཡི་གེ་ནི། ལུས་རྩ་ཁམས་ཀྱི་ཡི་གེ་ཞེས་ལུས་ཀྱི་ཟག་ཕུང་ལྷར་འབྱུང་རུང་དུ་ཡོད་པའི་རྟགས་སུ་རྩ་ཡི་མདོ་ཆེན་རྣམས་སུ་ཡིག་འབྲུ་ཞེ་ལྔ་རང་ཆས་སུ་ཡོད་པ་རྣམས་དང་། བརྗོད་བྱེད་སྒྲ་ཡི་ཡི་གེ་ནི། ངོ་བོ་འཕྲུལ་ཡིག་བཞི་བཅུ་སྟེ་དེང་དུས་ཡོངས་སུ་གྲགས་པའི་ཡི་གེ་སོགས་སོ། །ལུང་དེ་རྣམས་ལྟར་ན་སྲོང་བཙན་ཡར་སྔོན་ལ་ཞང་བོད་ཀྱི་ཡི་གེ་ཡོད་པར་ཁས་ལེན་དགོས་པར་གསུངས་པས། དེང་དུས་བོད་ཀྱི་ལོ་རྒྱུས་པ་མང་པོ་ཞིག་གིས་བཤད་ཚུལ་དང་འགལ་བས་གང་འདྲ་དགོས་ཞེ་ན། དེ་ནི་ཆབ་སྲིད་ཀྱི་སྟོབས་ཤུགས་ཀྱིས་ཆགས་པ་སྟེ། བོད་ཀྱི་ཡུལ་འདིར་རྙིང་གཏོར་གསར་བཙུག་གི་ལྟ་བས་བོད་རྒྱ་བསྐྱེད་བཏང་མཁན་ཐོག་མར་་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་སྡེ་བཙན་གཉིས་ཡིན། སྤུ་རྒྱལ་དེ་གཉིས་ཀྱིས་ཁྱིམ་མཚེས་ཀྱི་རྒྱལ་ཁབ་མང་པོ་ཞིག་དབང་དུ་བསྡུས་པ་དང་། ལྷག་པར་དུ་ཞང་ཞུང་དབང་དུ་བསྡུས་ནས་བོད་རྒྱ་བསྐྱེད་བཏང་རྒྱུའི་ལས་འགུལ་སྤེལ་བའི་སྐབས་དེར། ཁོང་གཉིས་ནས་ཞང་ཞུང་གི་ཆབ་སྲིད་དང་རིག་གནས་བོན་གཤེན་བཅས་ཀྱིས་སྲོལ་གཏོད་པའི་ཁྱད་ཆོས་གང་ཞིག་ཡིན་ན། ཆབ་སྲིད་ཀྱིས་བརྡུང་བརྡེག་ཞིག་ལས་སྲུང་སྐྱོབ་བྱ་རྒྱུའི་ལྟ་བ་མེད་པའི་རྐྱེན་གྱིས་གནས་ཚུལ་དེ་ཆགས་པ་རེད། སྤྱིར་བོད་ཀྱི་ལོ་རྒྱུས་གང་ཞིག་བཤད་དགོས་ན་ཞང་ཞུང་དང་མ་འབྲེལ་བ་ཞིག་མེད་ཀྱང་། ཁོང་གཉིས་ནས་ཞང་བོད་སྔ་མའི་ལོ་རྒྱུས་དྲིལ་བསྒྲགས་གནང་སྟངས་ལ།   སྐབས་དེའི་ཆབ་སྲིད་ཀྱི་ལྟ་བས་བསླད་སྐྱོན་བཟོས་པར་བརྟེན། ཕྱིས་བོད་རྒྱུད་ནང་བསྟན་པ་རྣམས་ཀྱིས་ལྟ་ཚུལ་དེའི་ཐོག་ནས་དྲིལ་བསྒྲགས་གནང་གྲགས་པས།    དེང་ཞང་བོད་ཀྱི་ལོ་རྒྱུས་ལ་དུས་རིམ་གྱི་ཆབ་སྲིད་ཀྱིས་དབང་ཤུགས་བརྩན་པས་དོན་དངོས་ཀྱི་ལོ་རྒྱུས་རྟ་མོག་གི་སྤུ་བཞིན་གླེང་བརྗོད་དཀའ་བར་ཆགས་པ་ཚང་མའི་མཁྱེན་གསལ་རེད། དེས་ན་སྤུ་རྒྱལ་ཁོང་གཉིས་བོད་ལ་བཀའ་དྲིན་ཆེ་བ་ཡིན་ཡང་ཞང་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་གནོད་པ་ཡོད་པ་ཞིག་ཀྱང་ཆགས་པས། འཛམ་གླིང་ཐོག་གི་ཕན་གནོད་གཉིས་ལྡན་གྱི་མི་ཆེན་ཞིག་ཏེ་དུས་ཉེར་བྱུང་གི་རིག་གསར་སྐབས་དང་ཚུལ་མཚུངས་པ་རེད།                                    གཞན་ཡང་བཙན་པོ་ཁོང་གཉིས་ནས་སྔར་གྱི་ཕ་མེས་ལས་ཀྱང་ལྷག་པའི་གསར་གཏོད་ཀྱི་ལྟ་བས་བོད་སྔར་མའི་རིག་གཞུང་དང་ཆབ་སྲིད་ལ་གོད་ཆགས་དང་། ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཁག་ལས་དཔེ་བླང་བའི་རྒྱ་གར་གྱི་རིག་གཞུང་དང་རྒྱ་ནག་གི་བཟོ་རྩལ་གདན་དྲངས་ནས་སྔར་དང་མི་འདྲ་བའི་བོད་ཀྱི་རིག་གཞུང་དང་ཆབ་སྲིད་སྤེལ་ཤུགས་ཆེ་བས་བོད་ནང་ཁུལ་ལ་འགལ་ཟླ་སོང་སྟེ་སྐུ་སྲས་རྣམས་ཞལ་འཚོ་མ་ཐུབ་པའི་གནས་ཚུལ་ལྷག་པ་མ་ཟད་བོད་སིལ་བུར་འཐོར་བའི་རྒྱུ་རྩ་ཡང་སོང་ཡོད།    གནས་ཚུལ་དེ་རྣམས་ཀྱིས་རྐྱེན་ནས་བོད་ཀྱི་ལོ་རྒྱུས་ལ་ཡང་འདྲ་མིན་སྣ་ཚོགས་སུ་ལབ་རྒྱུ་འདི་བྱུང་།།                          དེ་ཡང་བསྡུས་ན་བོན་པོའི་ལུགས་དང་། བན་དེའི་ལུགས་ཆེན་པོ་གཉིས་ཡོངས་སུ་གྲགས་ཡོད།། དེ་ཡང་ཞང་བོད་གཤེན་རབ་ཀྱི་རིག་གཞུང་གི་རྗེས་འབྲང་པ་དང་། རྒྱ་གར་བན་དེའི་རིག་གཞུང་གི་རྗེས་འབྲང་པ་གཉིས་ཀྱི་དབང་གིས་ལུགས་ཆེན་པོ་གཉིས་སོང་བ་ཡིན།། དེ་གཉིས་ཀྱི་རྒྱུད་འཛིན་གྱི་མཁས་པ་ལ་ལས་རང་རང་གི་ལྟ་བ་ལོ་རྒྱུས་སུ་བྱས་པས་ཕྱིས་ཞིབ་འཇུག་པ་རྣམས་ཀྱིས་བཤད་དཀའ་བའི་གནས་ཚུལ་མང་པོ་ཞིག་ཀྱང་ལྷག །ཕྱིས་སུ་ཆབ་སྲིད་ལ་བརྟེན་པའི་དེབ་ཐེར་མང་ཆེ་བའི་ནང་དུ་སྲོང་བཙན་ཡར་སྔོན་གྱི་བོད་ལ་ཡི་གེ་དང་རིག་གནས་གང་ཡང་མེད་པ་ཡང་ཡང་བཤད་ཀྱི་ཡོད།    དེའི་དབང་གིས་བོད་ཀྱི་ཡི་གེའི་ནང་འཁོད་པའི་ལོ་རྒྱུས་ལ་ཡིད་གཏན་མི་བཅའ་བར་ཅ་དངོས་ཁོ་ན་ལ་མཐོང་ཆེན་བྱེད་ནས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ལམ་སྲོལ་འདི་ཆགས།།               ངེས་པར་བརྟག་ན་ཡིག་ཆའི་ནང་བཤད་ཚད་བདེན་པ་ཡིན་པ་དཀའ་ཡང་ཡིག་ཆ་ལ་མ་བརྟེན་པར་ལོ་རྒྱུས་བཤད་དཀའ་བ་མ་ཚད་ཡིག་ཆ་ཡང་བན་བོན་གཉིས་ཀྱི་ཡིག་ཆར་ཞིབ་འཇུག་ཚད་ལྡན་ཞིག་མ་བྱས་ན་ཕྱོགས་གཅིག་ཁོ་ནས་གནད་ལ་ཁེལ་བ་ཞིག་ཡོང་ཐབས་དང་བྲལ་ཡོད། ཡིག་ཆ་ཡང་སྐབས་དེ་དུས་བྲིས་པ་ཞིག་དེང་ཤིན་ཏུ་བརྙེད་དཀའ།    རྒྱུ་མཚན་ཕྱིས་བོད་ལ་རྙིང་གཏོར་གསར་འཛུག་དྲིལ་བསྒྲགས་སྤེལ་ཆེ་བས་བོད་མི་མང་ལ་དེའི་ཤུགས་རྐྱེན་ཐུབ་ཡོད་པ།    དཔེར་ན་དེང་དུས་ཀྱང་གྲོང་གསེབ་ལ་དཔེ་ཆ་དང་གས་ཆག་ཅན་གྱི་སྐུ་འདྲ་བཅས་རྙིང་པའི་རིགས་ཡོད་ན་མེ་ཆུ་རླུང་གསུམ་མམ་ས་སྟོང་རི་སྟོང་ལ་འབུལ་རྒྱུ་ལས། བཟུང་ན་ཉེས་པ་འབྱུང་བ་ལབ་ཀྱི་ཡོད་པ་མ་ཟད་སྔར་ཕ་མཉེས་ཀྱི་ཆོས་ལུགས་སྤེལ་སའི་རི་བྲག་རྣམས་བདུད་རི་དང་དེའི་ལྷ་སྲུང་རྣམས་འདྲེ་བདུད་ཡིན་པ་བཅས་ཀྱི་བོད་ལ་སྤྱི་ཚོགས་གསར་པ་ཞིག་བྱུང་བ་དེའི་དབང་གིས་རེད། ངེས་པར་ཞིབ་ན་བན་བོན་ཀྱི་ཡིག་ཆ་མང་པོ་ཞིག་གི་ནང་སྲོང་བཙན་ཡར་སྔོན་གྱི་ལོ་༣༠༠༠གོང་ནས་ཞང་བོད་ལ་ཡི་གེ་ཡོད་པ་གསལ་བ་མ་ཟད་ཡི་གེ་ལ་ཡང་རིགས་མི་འདྲ་བ་མང་པོ་ཡོད་པ་སྟེ། ཞང་ཞུང་གི་སྨར་ཆེ་ཆུང་དང་བོད་ཀྱི་དབུ་ཅན་དང་དབུ་མེད་ཀྱི་ཡི་གེ་ཡོད་པ་དང་། གཞན་ཡང་ཡིག་གཟུགས་འགའ་རེ་ལ་བརྗོད་བྱའི་དོན་གང་ཡང་རུང་བ་ཞིག་རྗོད་བྱེད་ཀྱི་ཡི་གེ་འབྲི་ཚེ་ཅ་དངོས་དེ་ཡི་གཟུགས་དབྱིབས་འདྲ་མོའི་ཡི་གེ་བྲིས་པ་ལོ་རྒྱུས་ཡོད་པ་མ་ཚད་ད་སྐབས་ཀན་སུའུ་དང་ཡུན་ནན་སོགས་ས་ཆ་འགའ་ལ་དེའི་ལམ་སྲོལ་རྒན་རབས་རྣམ་པས་ངག་ནས་ལབ་ཀྱི་ཡོད་པ་དང་།   དེ་བཞིན་དེང་མཁོ་སྤྱོད་བྱེད་བཞིན་པའི་རྒྱ་ཡིག་འདི་ཡང་ལོ་རྒྱུས་ཐོག་དང་པོ་བྲིས་སྐབས་སྣང་སྲིད་དཔེ་ཡི་ཡི་གེ་ལྟར།    བརྗོད་བྱའི་གཟུགས་དབྱིབས་འདྲ་མོ་བྲིས་ཡོད་པས་ཚུལ་ད་ལྟའི་རྒྱ་ཡིག་ལ་ཡང་མངོན་གསལ་དོད་པོའི་ཁྱད་ཆོས་ལྡན་པས་ལོ་རྒྱུས་ཀྱི་རྒྱབ་བརྟེན་དུ་གྱུར་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.