ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/4 0:41:00
(ཁྲོ་བོ་རྒྱུད་དྲུག་ལས་དྲངས།)
བཤད་ཅིང་ཉན་པའི་ཚུལ་ལ་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་དང་གསུམ་མོ། དང་པོ་སྔོན་དུ་འགྲོ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཙོ་བོ་ཡིན་ཏེ། དེ་ཡང་དཔོན་སློབ་གཉིས་ཀས་འཇིག་རྟེན་གྱི་ཁེངས་གྲགས་རང་དོན་རྐྱང་པ་ལ་སོགས་ དོར་ལ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བའི་དོན་དུ་བཤད་ཉན་ལ་ འཇུག་པར་བྱ་སྟེ། སེམས་བསྐྱེད་སྔོན་དུ་མ་སྐྱལ་ཞིང་པས་རྒྱུ་བརྗེད་འདྲ། སེམས་བསྐྱེད་དོན་དང་ལྡན་པའི་གཤེན་རབ་ནི། མཁའ་ལ་ཆར་བབ་རྒྱ་མཚོའི་རུ་མ་འདྲ། ཞེས་གསུངས་པའོ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་འཆད་པ་པོས་ཇི་ལྟར་བཤད་པ་ལ་ལུས་མ་དག་པ་སྲོག་གཅོད་པ་ལ་སོགས་མི་དགེ་བ་ དང༌། ཉན་པ་པོ་ལ་རྒྱབ་སྟོན་པ་ལ་སོགས་པ་རྣམ་འགྱུར་མ་དག་པ་དག་ཡོངས་སུ་སྤངས་ལ། རྣམ་པར་དག་པ་ལུས་ཀྱི་དགེ་བ་དང་འབྲེལ་བའི་སྒོ་ནས་རྟེན་སྔགས་བཙུན་ལ་སོགས་གང་ ཡིན་ཀྱང༌། རང་རང་གི་གདན་ནབ་བཟའ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ་དག་དགའ་བ་དང་བརྗིད་པའི་ སྒོ་ནས་བཤད་པར་བྱ་སྟེ། འབུམ་ལས། སྟོན་པ་གཤེན་རབ་མི་བོ་ནི་གསས་མཁར་རི་རབ་དཔེར་བཞག་གི་ནང་ན། ཤེལ་གྱི་སེང་གེ་བཞི་བཞི་བརྒྱད་ཀྱི་ཁྲི་ལ་ནི་བཞུགས། དབུ་ལ་རིན་པོ་ཆེའི་པྲོག་ཞུ་ནི་གསོལ། ཕྱག་ན་སྲིད་པ་སྐོས་ཀྱི་ཆགས་ཤིང་ནི་བསྣམས་ནས་དགའ་བའི་མདངས་དང་བརྗིད་པའི་ཚུལ་ གྱིས་སེམས་ཅན་རྣམས་ལ་བོན་སྟོན་ཞེས་གསུངས་སོ། ངག་གིས་ངག་འཁྱལ་ལ་སོགས་མི་དགེ་བ་དང༌། གླུ་སྒྲུང་བྲེ་མོ་ལ་སོགས་མ་དག་པ་དང༌། མ་བཤད་ལོག་བཤད་ལ་སོགས་པ་ཧ་ཅང་ཐལ་བ་ལ་སོགས་སྤངས་ལ། ངག་གིས་དགེ་བ་དང་འབྲེལ་བའི་སྒོ་ནས་གཙང་ལ་དག་པ་གཞུང་གི་དགོངས་པ་ཁྲོལ་བར་བཤད་ པར་བྱ་སྟེ། གབ་པ་ལས། བདེན་པའི་ཚིག་དང་དོན་དུ་སྦྲེལ་ཞིང་དཀྱུས་ནས་འབྱུང་བ་བཞིན་ཞིབ་ཏུ་བཤད་པ་ལ་ བྱའོ། ཞེས་གསུངས་སོ། ཡིད་ཀྱིས་མངན་སེམས་ལ་སོགས་མི་དགེ་བ་དང༌། ཞེ་སྡང་ལས་སོགས་ཉོན་མོངས་དང༌། སྙན་གྲགས་ལ་སོགས་མ་དག་པ་རྣམས་སྤངས་ལ། ཡིད་དག་པ་སེམས་བསྐྱེད་དང་དགེ་བ་འབྲེལ་བའི་སྒོ་ནས་བཤད་པར་བྱ་སྟེ། འབུམ་ལས། སེམས་ཅན་རྣམས་ཡོངས་སུ་སྨིན་ཅིང་འཁོར་རྣམས་ཤེས་པའི་རྒྱུད་སྦྱོང་བའི་ཕྱིར་ བཤད་ཀྱིས། འདི་ལ་རབ་ཏུ་ཉོན་ཅིག་ཅེས་གསུངས་སོ། གཉིས་པ་ཉན་པ་པོས་ཉན་ཚུལ་ལ་ལུས་ཀྱིས་མི་དགེ་བ་དང་ཁྲི་དང་ཤ་ཉལ་ལ་སོགས་སྤངས་ལ། ཅོག་པུའམ་པུས་བཙུགས་ལ་སོགས་དག་པའི་སྒོ་ནས་ཉན་ཏེ། མདོ་ལས་ཀྱང༌། ལུས་ཀྱང་ཐུད་ལ་ཡན་ལག་གསུམ་པུས་མོ་ཚུགས་ལ་ཐལ་མོ་སྦྱོར་ཞེས་གསུངས་སོ། ངག་གིས་ངག་འཁྱལ་བླ་བོ་ལ་སོགས་སྤངས་ལ། སྨྲ་བཅད་ཀྱི་ཚུལ་དུ་ཉན་པར་བྱ་སྟེ། སེམས་ཕྲན་ལས། ངག་ཁ་ལག་གཞན་དང་མ་འདྲེས་པར་བསྒྲུབ་ན་འགྲུབ་ཅེས་གསུངས་སོ། ཡིད་ཀྱིས་མི་དགེ་དུག་ལྔ་རང་དོན་ལ་སོགས་སྤངས་ལ། སེམས་བསྐྱེད་དང་འབྲེལ་བའི་སྒོ་ནས་མ་ཡེངས་པར་དད་པས་ཉན་ཏེ། མདོ་ལས། དབང་པོ་མ་ཡེངས་བརྟན་པར་ཉོན། ཅི་འདོད་སེམས་ཀྱི་དཀྱིལ་དུ་བཤད། ཅེས་གསུངས་སོ། གསུམ་པ་རྗེས་ཀྱི་བྱ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ། དེ་ཡང་བཤད་ཉན་ལས་སོགས་རང་དང་གཞན་གྱིས་དུས་གསུམ་དུ་བསགས་པའི་དགེ་བ་བློས་ བསྡུས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། ཚུལ་ནི་མི་དམིགས་པའི་ཤེས་རབ་རྣམ་པར་དག་པས་བསྔོ་ཞིང་ཡུལ་ནི་རང་གཅིག་པུའི་ དོན་མ་ཡིན་གྱིས་འགྲོ་བ་ཐ་དག་གི་དོན་དུ་བསྔོ་བ་སྟེ། འབུམ་ལས། དགེ་བ་ཉུང་ཞིང་བསམ་པ་ཆུང་བའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་སྟེ་བླ་ན་ མེད་པའི་བྱང་ཆུབ་ཏུ་བསྔོས་པས་དེ་བཞིན་ཉིད་རྣམ་པར་དག་པའི་འབྲས་བུ་ཐོབ་པར་ འགྱུར་ཞེས་དང༌། སྦྱིན་པའི་རྒྱུ་དང༌། གནས་དང༌། ལམ་དང༌། དེ་བཞིན་ཉིད་མི་དམིགས་པའི་ངང་ལ་བཞག་ན་རྒྱ་ཆེ་ཞེས་གསུངས་སོ། ད་གསུམ་པ་འབྲས་བུ་ལ་གཉིས་ལས། མ་དག་པ་ཉེས་དམིགས་ཀྱི་འབྲས་བུ་ནི་ལུས་མ་དག་པས་ཚེ་འདིར་ཚེ་ཐུང་ནད་མང༌། རྟེན་མི་མཛེས་པ། གཞན་གྱི་ཕྱག་སྐྱབས་ཀྱི་ཡུལ་དུ་མི་འགྱུར་བ་ལ་སོགས་འབྱུང་ལ་དེས་ཕྱི་མ་ལ་ཡང་ མི་ཁོམ་གནས་བརྒྱད་ཀྱི་ལུས་བླངས་ནས་མཐར་དམྱལ་བ་གཅོད་སྦྱོང་དུ་སྐྱེ་བར་འགྱུར་ ལ། ངག་མ་དག་པས་འདིར་གཞན་ལ་བཀའ་མི་བཙན། སྔགས་འཛབ་སྙིང་པོའི་ནུས་པ་ཟད། ཀུན་གྱིས་ཡ་ག་འདུ་བའི་གནས་སུ་གྱུར་ནས་ཕྱི་མ་ལ་ཡང་ལྐུགས་པའམ་ཚིག་རྩུབ་སྨྲ་བ་ ལ་སོགས་སུ་གྱུར་ཏེ་མཐར་དམྱལ་བ་ལྕེ་ལ་ཞིང་རྨོ་བ་ལ་སོགས་སུ་འགྱུར་ལ། ཡིད་མ་དག་པས་འདིར་བསམ་པ་མི་འགྲུབ་ཅིང་གཞུང་གི་བརྗོད་བྱ་མི་རྟོགས་པ་ལ་སོགས་ སུ་གྱུར་ནས། ཕྱི་མར་ཡང་གླེན་ཞིང་རྨུགས་པ་ལ་སོགས་སུ་གྱུར་ནས་མཐར་བྱོལ་སོང་གི་གླིང་དུ་ སྐྱེ་བར་འགྱུར་བ་སྟེ། ལས་རྒྱུད་ལས། བསམ་པ་སྦྱོར་བ་བརྣག་པ་ཡིས། གནས་ངན་གསུམ་དུ་ལྟུང་བར་བྱེད། ཅེས་གསུངས་སོ།
བོན་ཉན་པའི་ཕན་ཡོན། 右对齐
(ཁྲོ་བོ་རྒྱུད་དྲུག་ལས་དྲངས།)
དག་པའི་ཡོན་ཏན་ལ་འདིར་དག་པས། ཚེ་འདིར་ནད་ཉུང། རྟེན་མཛེས། ཕྱག་སྐྱབས་ཀྱི་ཡུལ་དུ་འགྱུར་བ་ལ་སོགས་དང་ལྡན་ཅིང་ཕྱི་མར་དལ་འབྱོར་ཕུན་སུམ་ འཚོགས་པར་བརྒྱུད་དེ་མཐར་འགྱུར་བ་མེད་པའི་སྐུ་ཐོབ་ལ། ངག་དག་པས་འདིར་ངག་གཞན་ལ་བཀའ་བཙན་པ་དང། སྔགས་འཛབ་སྙིང་པོའི་ནུས་པ་ཆེ་བ་དང༌། ཀུན་གྱིས་བསྔགས་པ་བརྗོད་པ་ལ་སོགས་དང་ལྡན་ཞིང་ཕྱི་མར་ངག་ཞི་ལ་སོགས་ཀྱི་ཡོན་ ཏན་དང་ལྡན་ཏེ་མཐར་རང་བཞིན་མེད་པའི་གསུང་ཐོབ་ལ། ཡིད་དག་པས་འདིར་བསམ་པ་འགྲུབ་ཅིང་གཞུང་དོན་རྟོགས་པ་ལ་སོགས་དང་ལྡན་ཞིང་ཕྱི་ མར་བློ་གསལ་བ་ལ་སོགས་པ་དང་ལྡན་ཏེ་མཐར་འཁྲུལ་པ་མེད་པའི་ཐུགས་ཐོབ་པར་འགྱུར་ ཏེ། ལས་རྒྱུད་ལས། ལུས་ངག་ཡིད་གསུམ་དག་སྤྱད་ན། སྐྱེ་བ་གཅིག་གིས་མངོན་སངས་རྒྱས། ཞེས་གསུངས་སོ།
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/9 6:08:53
སྐུ་མགྲོན་qul8Ob(སྐུ་མགྲོན)གཡུང་དྲུང་གཙུག་ཕུད་ལགས་བདག་གི་ཟིན་བྲིས་སུ་རྟག་ཏུ་ཕེབས་པར་སྙིང་ནས་དགའོ།
རྩོམ་པ་པོ།:སྐུ་མགྲོན་qul8Ob(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/7 13:47:47
yongdromདུས་ཡུན་རིང་པོ་ཞིག་ལ་གཤེན་ཚེ་ཚང་གི་ཟིན་བྲིས་མཐོང་འཕྲད་མ་བྱུང་བས་ཟིན་ཐོ་དེ་དག་ཀློག་རྒྱུའི་སྐབས་མ་བྱུང་། དེའི་ཕྱིར་དེ་རིང་ཁྱེད་ཀྱིས་སྤེལ་བའི་ཟིན་བྲིས་འདི་ཀློག་པ་དང་མཉམ་དུ་ཉིད་ཀྱང་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/5 2:31:54
yongzhouའཆད་པ་སྨྲང་གི་ངག་ལས་གྱེར་རབས་ཕྱུང་།།
ཉན་པ་བློ་ཡི་གཏིང་དུ་གཟེབ་པར་བྱས།།
བདེན་པ་ཕུག་ནས་བཙལ་བའི་ལུགས་ཀ་དེ།།
གཡུང་དྲུང་བོན་པོ་བོན་ལ་འཇུག་ཚུལ་ཡིན།།

གྱེར་ཆེན་མཁའ་ལ་འཕུར་བའི་འཇའ་ཤུལ་དང་།།
བོན་ཆེན་ཀློང་དུ་བགྲོད་པའི་ལམ་ཤུལ་ན།།
ས་ཆེན་པང་ན་ལྡིང་བའི་བོན་ཕྲུག་ཚོ།།
རིགས་པ་གར་ལ་ཕབས་ན་དགོས་པའི་གནད།།

ཡ་བྲང་གཡུ་འབྲུག



Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/4 22:15:19
སྐུ་མགྲོན་1h8Kco(སྐུ་མགྲོན)ཁྱེད་ཀྱི་ཕུག་འདུན་དང་མཁྱེན་རྒྱ་ཆེ་བ་མ་ཟད།དྲ་ཐོག་ཁྱེད་ཀྱི་སྐུ་པར་ངས་མཇལ་གྱི་འདུག་སྐུ་ཉིད་ཆེན་པོ་ཡོད་པ་མ་ཚད་རྫིག་ཉམས་དོད་པོ་འདུག ཧེཧེནུབ་ཕྱོགས་དེར་བཞེད་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ།གཙང་ཚས
རྩོམ་པ་པོ།:སྐུ་མགྲོན་1h8Kco(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/4 11:13:28
སྐུ་མགྲོན་2kb4EQ(སྐུ་མགྲོན)གཤེན་རྒྱལ་ལྟ་དགོངས་མདོ་སྔགས་རྫོགས་གསུམ་བོན།
ཚེ་འདིར་ལས་སྨོན་བཟང་པོས་ལེགས་པར་འཕྲད།
ཚང་འཛོམས་ལྷུར་བཞེས་ལུང་རིག་གཞུང་བརྒྱ་མཁྱེན།
འོད་ཟེར་རྒྱལ་བའི་མཚན་ལ་ལན་བརྒྱར་བསྟོད།
གཙང་ཚ་བསམ་གཏན་འགྱུར་མེད་ནས་༢༠༡༡-༡༡-༤ཉིན་ཕུལ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
བཀའ་དྲིན་ཆེ་བསྟོད་པ་གནང་བར། ཡིན་ནའང་བསྟོད་པ་ཆེ་དྲགས། བསྟོད་ཡུལ་ཆུང་དྲགས་ནས་བོང་བུ་ཞིག་ལ་རྟ་སྒ་གྲུམ་ཡག་མ་ཟིག་རྒྱབ་ལེ་འདྲ་བོ་རེད་མི་གདའ་ནས་སྐུ་ཚེ། ཧཧཧ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
བཀའ་དྲིན་ཆེ་བསྟོད་པ་གནང་བར། ཡིན་ནའང་བསྟོད་པ་ཆེ་དྲགས། བསྟོད་ཡུལ་ཆུང་དྲགས་ནས་བོང་བུ་ཞིག་ལ་རྟ་སྒ་གྲུམ་ཡག་མ་ཟིག་རྒྱབ་ལེ་འདྲ་བོ་རེད་མི་གདའ་ནས་སྐུ་ཚེ། ཧཧཧ།
རྩོམ་པ་པོ།:སྐུ་མགྲོན་2kb4EQ(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/4 11:07:48
sempa88ཡག་པོ་འདུག བཀྲ་ཤིས་བདེ་ལེགས་ཞུ།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
མཆེད་གྲོགས་སེམས་དཔའ་རྒྱལ་མཚན་ལགས་དྲ་ལམ་དུ་མཇལ་བར་དགའ་པོ་བྱུང་ལ་བཀྲིས་བདེ་ལེགས་ཞུ།
Re:གཡུང་དྲུང་བོན་གྱི་འཆད་ཉན་གྱི་སྐོར། | 2011/11/4 2:12:11
སྐུ་མགྲོན་qvm8Pc(སྐུ་མགྲོན)གཞུང་ལུགས་འཆད་ཉན་གྱི་སློབ་གསོའི་སྡེ་ཚན་འདི་ཉིད་དུས་རབས་དང་བསྟུན་ནས་འགྱུར་བ་དང་། བཤད་པ་སྣ་ཚོགས་ཤིག་བསྐྱོན་འགྲོ་ཡོད་ཀྱང་། རྩ་བའི་ལམ་ལུགས་སམ་རྨང་གཞི་འཐུས་ཚང་ནི་བོད་སྔ་རབས་ཀྱི་དུས་ནས་ད་བར་ལམ་སྲོལ་མ་ཉམས་པར་བཞུགས་འདུག་པ་འདི་ནི་ང་ཚོ་བོད་མི་རྣམས་ཀྱིས་ཆོས་ཕྱོགས་ཀྱི་སྟེང་ནས་བཤད་ན་ཕུགས་གཙང་ཞིང་གཟི་བརྗིད་དང་ངོམས་རིན་ཆོག་པ་ཞིག་ཡིན།
གཤམ་དུ་ཁུ་འཕངས།་ལགས་ཀྱིས་ལན་སློག་པ་ནི་
གོང་གི་སྐུ་མགྲོན་ནས་གསུངས་པ་དེ་དེ་བཞིན་ལགས་སོ།
རྩོམ་པ་པོ།:སྐུ་མགྲོན་qvm8Pc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.