ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གནའ་སྔ་མོའི་གཏམ་རྒྱུད། | 2012/8/23 1:40:00
གནའ་རབས་ཀྱི་སྔ་མོ་ན། །
ས་ཆེན་རྣམས་འདབས་འབྲེལ་སྐད། །
རང་བཞིན་གྱི་འགུལ་སྟངས་ཀྱིས། །
སོ་སོ་རུ་གྱེས་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
སྐྱེ་འགྲོ་རྣམས་བང་ཆེན་སྐད། །
ལས་དབང་དང་འཁོར་ཡུག་གིས། །
ཇེ་ཆུང་རུ་ཕྱིན་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
ལོ་ཏོག་རྣམས་བཅུད་ཆེ་སྐད། །
མིས་བཟོས་ཀྱི་འབག་གཙོག་གིས། །
འཚོ་བཅུད་རྣམས་ཉམས་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
འཁྱག་རོམ་གྱི་ཡུལ་མང་སྐད། །
བཟོ་བསྐྲུན་དང་དུ་རླངས་ཀྱིས། །
ཉིན་རེ་བཞིན་ཞུ་འགྲོ་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
དུད་འགྲོའི་རིགས་ཆེས་མང་སྐད། །
གོ་ལ་ཡི་ཚ་དྲོད་ཀྱིས། །
ལོ་རེ་བཞིན་སྟོངས་འགྲོ་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
ལྷ་མི་གཉིས་མཉམ་གནས་སྐད། །
མི་རྣམས་ཀྱི་ལོག་སྤྱོད་ཀྱིས། །
མགོན་རྣམས་ཀྱང་ཞེ་ལོག་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
ཁ་བ་ཅན་ཞེས་འབོད་སྐད། །
སྔོག་འདོན་དང་གཅོད་བྲེག་གིས། །
བྱེ་ལུང་ཞིག་འགྱུར་འགྲོ་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
བོད་ཡུལ་ནི་བོན་ཡིན་སྐད། །
ཆགས་སྡང་དང་རུ་ཏྲ་ཡིས། །
ཐ་སྙད་རྣམས་བསུབས་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
བོན་གཤེན་རྣམས་དབང་ཆེ་སྐད། །
མཐའ་བློན་རྣམས་ཁ་མཐུན་ཏེ། །
གཤེན་པོ་རྣམས་ཆུར་བསྐྱུར་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
བོན་སྤྱོད་ལས་གཞན་མེད་སྐད། །
རྒྱལ་སྙིང་ལ་གདོན་ཞུགས་ནས། །
ཡོད་ཚད་རྣམས་བསྣུབས་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
གྱེར་བསྟན་གྱིས་སངས་རྒྱས་སྐད། །
གསར་ཆོས་ལ་དགའ་དྲགས་ནས། །
མེས་པོ་རྣམས་གདོན་རློམས་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
གསུང་རབ་རྣམས་ཆེས་མང་སྐད། །
གྲུབ་མཐའ་ཡི་དམག་འཁྲུག་གིས། །
མེ་ཆུ་ལ་བཏབ་སོང་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
ཡི་གེ་དང་བརྡ་ཡོད་སྐད། །
ཆོས་རྒྱལ་ལ་བྱས་རྗེས་ཕྱིར། །
གཞན་ཡུལ་ནས་བླངས་ཞེས་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
འཇའ་ལུས་སུ་འཕུར་འགྲོ་སྐད། །
སྒྱིད་ལུགས་དང་བསམ་སྤྱོད་ཀྱིས། །
རང་ངོ་ཡང་མི་འཕྲོད་སྐད། །
གནའ་རབས་ཀྱི་སྔ་མོ་ན། །
རང་བརྟེན་ལས་གཞན་མེད་སྐད། །
ལས་དབང་དང་གྱ་ཉེས་ཀྱིས། །
ཡོད་ཚད་རྣམས་རླགས་སོང་སྐད། །
གནའ་རབས་ཀྱི་གཏམ་རྒྱུད་ནི། །
སྐྱོ་གར་གྱི་རང་བཞིན་རེད། །
མེས་པོ་ཚོའི་མཛད་རྗེས་ནི། །
ཕུལ་བྱུང་གི་དབྱིག་ནོར་རེད། །
Re:གནའ་སྔ་མོའི་གཏམ་རྒྱུད། | 2013/2/21 4:06:36
སྐུ་མགྲོན་tXOa61(སྐུ་མགྲོན)རྙི་རྡུལ་གྱི་དྲི་མ་ཀྱང་ཙམ་ཁ། ཁྱུང་ཚེ་ནས།
རྩོམ་པ་པོ།:སྐུ་མགྲོན་tXOa61(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གནའ་སྔ་མོའི་གཏམ་རྒྱུད། | 2012/8/24 21:15:50
danzengyixi


ཤིན་ཏུ་ནས་བཟང་། རྩོམ་རྩལ་ལ་རང་དབང་མེད་པར་ཡི་རངས་ཤོར་སོང་། བཀའ་དྲིན་ཆེ།
ལྷ་གཡག་དར་མས།
Re:གནའ་སྔ་མོའི་གཏམ་རྒྱུད། | 2012/8/24 3:08:09
woserཕེབས་ནས་སྙན་ངག་གི་བྱིན་རླབས་ཞིག་འཇོ་བར་བཀའ་དྲིན་ཆེ།
Re:གནའ་སྔ་མོའི་གཏམ་རྒྱུད། | 2012/8/24 1:00:09
zhongsongགྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
དཔེ་རྙིང་ཞིག་གི་ཚུགས་ཀ་མངོན། །
གྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
སྐྱིད་སྡུག་འདྲེས་མའི་ལོ་རྒྱུས་མཐོང་། །
གྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
རང་བསྟན་དག་མའི་རིན་ཐང་མཇལ། །
གྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
ལྷ་མི་བར་གྱི་འབྲེལ་བ་རྟོགས། །
གྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
འཁྱོག་བཤད་དྲི་མ་བསང་བར་ནུས། །
གྱེར་སྨྲང་བདེན་པའི་བྱིན་རླབས་ཀྱིས། །
སྒྲོ་སྐུལ་བག་སྒྲིབ་དག་པར་ནུས། །

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.