ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྙན་གསན། | 2014/3/3 17:50:00

འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མཁས་དབང་བླ་སྤྲུལ་གྱི་སྡེ་དང་། དམ་ཚིག་ལ་རྒྱ་གཅིག་པའི་གཡུང་དྲུང་སྤུན་གྲོགས་ཡོངས་ལ་གནམ་ལོ་གསར་ཚེས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། ལོ་གསར་པའི་ནང་ཁྱེད་རྣམ་པའི་མཛད་འཆར་གང་ཡོད་རྣམས་གེག་མེད་ཡོངས་སུ་འགྲུབ་པའི་གསོལ་སྨོན་རྟག་ཏུ་ཞུ། 

དེ་ཡང་ལོ་སྔོན་མར་གསར་བསྒྲགས་ཞུས་པ་ལྟར་དེང་ཆ་འཕྲིན་གྱི་དུས་རབས་དང་བསྟུན་ཏེ་མི་རྣམས་ཀྱིས་སོ་སོའི་ཆོས་ལུགས་དང་རིག་གཞུང་རྣམས་ཁྱབ་སྤེལ་དང་གསལ་བཤད་གནང་རྒྱུའི་གོ་སྐབས་སྤུས་ལེགས་ཡོད་པར་བརྟེན། ང་ཚོས་མཁས་དབང་བཤེས་གཉེན་རྣམ་པའི་བཀའ་སློབ་ལམ་སྟོན་དང་རོགས་རམ་དང་དུ་བླངས་ནས། (བོན་གྱི་དྲིས་ལན་དྲ་མཛོད) ཅེས་པ་བོན་དང་འབྲེལ་བའི་དྲི་བ་དྲིས་ལན་ཁོ་ནའི་དྲ་རྒྱ་ཞིག་འགྲོ་སོན་དང་བཀའ་ལས། དུས་ཚོད་སོགས་གང་ལའང་ཡུན་རིང་གདོང་ལེན་བྱས་མཐར་ད་ལྟའི་ཆར་རྩ་བའི་སྒྲོམ་གཞི་ཡོངས་སུ་གྲུབ་ནས་འདི་ལོའི་ཧོར་ཟླ་ ༡ ཚེས་ ༥ དང་། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༥ ཉིན་ཏེ། ༧རྒྱལ་བ་མཉམ་མེད་ཆེན་པོ་སྐུ་བལྟམས་ནས་མི་ལོ་ ༦༥༨ འཁོར་བའི་འཁྲུངས་མཆོད་ཉིན་དྲ་ལམ་ནས་སྒོ་འབྱེད་བྱ་རྒྱུ་ཡིན་པས་དེ་ལུགས་ལྷན་རྒྱས་ཚང་མས་དུས་ཐོག་ཏུ་གཟིགས་ཀློག་ཡོང་བར་མཁྱེན། ཞུ། 


སྒོ་འབྱེད་དུས་ཚོད། 

  • ས་གནས་འཇར་མན་ནིའི་གཙོས་ནུབ་ཕྱོགས་ཡུ་རོབ་ཁུལ་གྱི་ཞོགས་པའི་ཆུ་ཚོད་ ༥ པའི་ཐོག 
  • བོད་ནང་ཉིན་གུང་ཆུ་ཚོད་ ༡༢ ཐོག 
  • རྒྱ་གར་དང་བལ་ཡུལ་ནང་དུ་ཞོགས་པའི་ཆུ་ཚོད་ ༩ ཐོག 
  • ཨ་རིའི་ཝ་ཤིན་ཊོན་གཙོས་པའི་ས་ཁུལ་རྣམས་སུ་ཕྱི་ཚེས་ ༤ དགོངས་མོའི་ཆོུད་ ༡༡ ཐོག་ཡིན་པས་དེ་ལུགས་ལྷན་རྒྱས་ཚང་མས་དགོངས་མངའ་ཡོང་བར་མཁྱེན། ཞུ། 

གལ་སྲིད་སྐུ་ཉིད་ནས་སྒོ་འབྱེད་དང་འབྲེལ་བའི་བཀའ་སློབ་དང་ལྗགས་རྩོམ་ཡོད་ཚེ་གཤམ་གྱི་འབྲེལ་ལམ་གང་རུང་ཐོག་གནང་རོགས་ཞུ། 

དྲི་བ་དང་རྩོམ་གནང་ཡུལ། askbon9@gmail.com ཡང་ན་ཁེའུ་ཁེའུ། 1927810933 བཅས་ཡིན། 

ཞེས་(བོན་གྱི་དྲིས་ལན་དྲ་མཛོད་)ཀྱི་རྩོམ་སྒྲིག་པས་ཕུལ། །

Re:སྙན་གསན། | 2014/3/5 22:57:55
woserའདིར་ཕེབས་ཀྱི་དཔྱོད་ལྡན་རྣམ་པར་ཐུགས་རྗེ་ཞུ་རྒྱུ་དང་། ཁྱེད་རྣམ་པའི་རེ་བསྐུལ་གནང་བ་བཞིན་ང་ཚོས་ཀྱང་ཐལ་ཆེའི་གཡོན་ལྷུང་མེད་པར་དྲང་བདེན་གྱི་ལམ་ནས་གྱེར་བསྟན་རིན་པོ་ཆེར་སྨིན་པའི་ཞབས་ཞུ་གང་ཐུབ་ཞུ་འཆར་ཡོད།
Re:སྙན་གསན། | 2014/3/5 18:55:25
crzbབོན་གྱི་དྲིས་ལན་དྲ་མཛོད་སྒོ་འབྱེད་པ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེ་ལྟ་བུའི་དཀའ་བ་དང་བླངས་ཀྱིས་དྲ་བ་འདིའི་དངོས་ཤུགས་བརྒྱུད་གསུམ་གྱི་བཀའ་དྲིན་བླ་ན་མཐོ་བའི་ལྷག་བསམ་ཅན་ཡོད་དོ་ཅོག་ལ་བཀའ་དྲིན་ཆེ་ལན་བརྒྱར་ཞུ་བ་ཡིན། དེ་ཡང་དྲ་བ་འདི་དང་འབྲེལ་བའི་རང་ཉིད་ལ་རེ་བ་ཆུང་ཆུང་ཞིག་ཡོད་པས་སྐབས་འདི་དང་བསྟུན་ནས་འབུལ་རྒྱུ་ཡིན། ངའི་རེ་བ་ནི་དྲ་བ་འདི་སྒོ་འབྱེད་པ་ནས་བཟུང་དྲི་བ་འདོན་མཁན་དང་ལན་འདེབས་པ་པོ་སུ་ཞིག་ཡིན་རུང་བག་ཡོད་ཚུལ་ལྡན་དང་ཁོག་ཡངས་ཀྱི་ངང་ནས་དྲི་བ་དྲིས་ལན་མཛད་རོགས་ཞུ།།
Re:སྙན་གསན། | 2014/3/5 11:21:01
སྐུ་མགྲོན་L52Skw(སྐུ་མགྲོན)ཨ་རིའི་ཝ་ཤིན་ཊོན་གཙོས་པའི་ས་ཁུལ་རྣམས་སུ་ཕྱི་ཚེས་ ༤ དགོངས་མོའི་ཆོུད་ ༡༡ ཐོག་ཡིན་པས་གསུངས་འདུག་སྒུག་བསྡད་ཡོད་དོ།
རྩོམ་པ་པོ།:སྐུ་མགྲོན་L52Skw(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙན་གསན། | 2014/3/4 17:49:26
woserལྷན་རྒྱས་རྣམ་པས་རྒྱབ་སྐྱོར་དང་གདེང་འཇོག་གནང་བར་བཀའ་དྲིན་ཆེ།
Re:སྙན་གསན། | 2014/3/4 17:30:56
སྐུ་མགྲོན་qVMx50(སྐུ་མགྲོན)ང་ནི་ངོ་མ་བོན་དགའ་ན་རོ་བོན་ཆུང་ཡིན། །ཁྱེད་ནི་བོན་གྱི་བསྟན་དམ་ལ་རྒྱའི་རྔ་ཆུང་དེ། །ཏི་སེའི་རྩེ་ནས་གཡང་ལ་མ་སྒྲིལ་དབུ་རྨོག་དགུང་ལ་མཉམ་གྱུར་ཅིག ཨ་ཧོ་རིགས་ཞེན།
རྩོམ་པ་པོ།:སྐུ་མགྲོན་qVMx50(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙན་གསན། | 2014/3/4 10:51:49
སྐུ་མགྲོན་tXOa6E(སྐུ་མགྲོན)བོད་གངས་ཅན་གྱི་རིག་གནས་ལ་བརྩེ་བ་དང་ཤ་ཞེན་ཆེ་ཞིང་ནང་དགོས་སུ་གཡུང་དྲུང་བོན་གྱི་ཤེས་རིག་བང་མཛོད་ལ་སྲུང་སྐྱོབ་དང་དར་སྤེལ་གྱི་འོས་འགན་ཕྲག་ཏུ་བཞེས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བྱ་བ་ལེགས་འགྲུབ་བྱུང་བར་ཁ་སེམས་ཞེ་མེད་ངང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
རྩོམ་པ་པོ།:སྐུ་མགྲོན་tXOa6E(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙན་གསན། | 2014/3/4 8:47:50
སྐུ་མགྲོན་L52Sjw(སྐུ་མགྲོན)ཡུན་རིང་བྱ་བ་འདིའི་ཐད་སྐུ་ངལ་བསྐྱོན་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རིས་སུ་མ་ཆད་པའི་དྲྭ་ཚིགས་འདི་བཞིན་བོད་སྤྱི་ཡི་ལུགས་གཉིས་ལ་ཕན་སླེབས་གང་ཆེ་ཡོང་བའི་གསོལ་སྨོན་འདེབས།
རྩོམ་པ་པོ།:སྐུ་མགྲོན་L52Sjw(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:སྙན་གསན། | 2014/3/4 8:30:23
སྐུ་མགྲོན་rvm8Pd(སྐུ་མགྲོན)དགའ་བསུ་ཞུ། བཀྲ་ཤིས་བདེ་ལེགས་ཡོད། ག་འདྲ་འདུག་བལྟ་ཐག་ཆོད་ཡིན། ཁྱེད་རྣམས་ཀྱིས་སྐུ་ལས་སྐྱོན་པར་བཀའ་དྲིན་ཆེ་ཞུ། །
རྩོམ་པ་པོ།:སྐུ་མགྲོན་rvm8Pd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.