ཧི་བོན་ཟིན་བྲིས།
གྱེར་སྨྲང་།
སྤྱི་བསྒྲགས།
    ལུས་ཅན་སྡུག་བསྔལ་སེལ་ཞིང་ཕན་དང་བདེ་བ་འབྱུང་བའི་གྱེར༵། །བཀའ་ལུང་རིག་པའི་སྲང་ལས་གཞལ་བའི་ཡ་ཐོག་དམུ་རབས་སྨྲང༵་། །སྒྱུ་འཕྲུལ་དྲ་བའི་ལམ་ནས་སོར་མོའི་འདུ་བྱེད་ཁོ་བོས་བྱ། །  དཔྱོད་ལྡན་གངས་ཅན་པ་ཚོས་མེས་པོའི་ཤུལ་བཞག་ལོངས་ཤིག་ཀྱེེ།
ལི་ཐོ།
    <<  < 2021 - 12 >  >>
    123
    45678910
    11121314151617
    18192021222324
    25262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ཁ་བ་འབབ་འགོ་ཚུགས་སོང་། ། | 2011/12/7 3:26:00

ད་ནངས་ཡར་ལ་ལངས་དུས། །

ཁ་བ་འབབ་འགོ་ཚུགས་སོང་། །

སྦྲ་ནག་རང་ཁྱིམ་གྲུ་བཞི། །

དྲན་པའི་བསྣོན་མ་བརྒྱབ་སོང་། །

 

ཕྱོགས་ཀྱི་རི་བོ་རྣམས་ཀྱིས། །

རབ་དཀར་རྨོག་ཞུ་གྱོན་སོང་། །

ལ་ལུང་དངུལ་མདོག་འདྲ་བའི། །

ཕ་ཁྱིམ་ཡིད་ལ་འཁོར་སོང་། །

 

ལྗོན་པའི་ནེའུ་གསེང་ཚོགས་ཀྱིས། །

མགོ་བོ་ཐུར་དུ་གུད་སོང་། །

ལོ་འབྲས་གཡུལ་དུ་ཟ་བའི། །

གྱིམ་ཤོད་གསེར་མོ་དྲན་སོང་། །

 

ཁ་བ་བབས་དང་མ་བབས། །

སྨིན་དྲུག་དོང་ལྷུང་འདྲ་སོང་། །

གངས་སྨུག་རི་སུལ་ཁྲོད་ཀྱི། །

མཆེད་པའི་རྫི་གླུ་དྲན་སོང་། །

 

ན་ཆུང་བྱིས་པའི་ཚོགས་ཀྱིས། །

རྐང་རྗེས་ཐང་མལ་བརྡལ་སོང་། །

གང་འདོད་རྣམ་གཡེང་རོལ་པའི། །

བྱིས་དུས་འཚོ་བ་དྲན་སོང་། །

 

བརྩེ་མདངས་བགོད་སྒྲ་ལྷན་དུ། །

ཁ་བའི་རོལ་རྩེད་འཁྱུད་སོང་། །

ཆུང་ནས་འདྲིས་པའི་ན་ཟླ། །

ཕྱིར་དྲན་ཀློང་དུ་ཐིམས་སོང་། །

 

འབྱུང་ལྔའི་ལྷ་དང་ལྷ་མོས། །

ཁ་བ་འབབ་མཚམས་མ་འཇོག །

ང་དང་གྲིབ་མ་ནག་རིལ། །

ད་དུང་རྩེད་འཕྲོ་ལུས་སོང་། །

ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་རང་ཤག་གི་སྒེའུ་ནས་ཁ་བ་འབབ་བཞིན་པའི་ཕྱི་རོལ་དུ་གཅེར་ཏེ་བྲིས། །

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁ་བ་འབབ་འགོ་ཚུགས་སོང་། ། | 2011/12/7 12:30:35
སྐུ་མགྲོན་vAqd7H(སྐུ་མགྲོན)གྲོགས་པོ་གཤེན་ཚེ་ཚང་གི་རྩོམ་ཡིག་འདིས་སླར་ཡང་བདག་གི་ཡིད་དབང་ཕྲོག་སོང་ངོ་།གཙང་ཚས།
རྩོམ་པ་པོ།:སྐུ་མགྲོན་vAqd7H(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཁ་བ་འབབ་འགོ་ཚུགས་སོང་། ། | 2011/12/7 9:57:21
yongzhouཁ་བ་ལྷབ་ལྷུབ་འབབས་དུས།།
ཁ་བའི་བདེ་སྡུག་དྲན་ཡོང་།།
ཁ་སེམས་ཁ་བར་དཀར་བའི།།
ཁ་བའི་གྲོགས་ལ་འཚམས་འདྲི།།

ཁ་བའི་ཁ་དོག་གླེང་ན།།
ཁ་བ་མ་མཐོང་འགོར་བའི།།
ཁ་བའི་བུ་ཆུང་ང་ཡང་།།
ཁ་བའི་ལྗོངས་ལ་ཆས་འགྲོ།།

ཁ་བ་འབབས་འཚམས་གཞག་དུས།།
ཁ་བ་ཅན་ལ་སླེབས་དགོས།།
ཁ་བ་ཁུང་འཕང་འགྱུར་ཉིན།།
ཁ་བའི་རྣམ་ཤེས་ཁྱེར་རོགས།།

ཁ་ཕོ་ཡར་ལ་མ་གཏད།།
ཁ་བ་མར་ལ་འབབས་བྱུང་།།
ཁ་བའི་གྲང་རླུང་ཁྲོད་ནས།།
ཁ་བའི་བདེ་སྡུག་གླེང་གཞག།།

ཁ་མཆུ་ཕར་ལ་མ་བཤད།།
ཁ་བའི་གནད་དོན་བགྲོས་ཡོད།།
ཁ་ཁོག་མེད་པའི་མི་དེས།།
ཁ་ལ་རྒྱ་གྲམ་བཞག་བྱུང་།།


ཁ་སེམས་མཐུན་པའི་གྲོགས་པོ།།
ཁ་ཁོག་མེད་པ་ལོས་ཡིན།།
ཁ་བ་ཆུ་ལ་འགྱུར་དུས།།
ཁ་བའི་ཀློང་དུ་ཐིམ་སོང་།།

ཁ་བ་ངས་ཀྱང་གླེང་ཡོང་།།
ཁ་ཚིག་ཁྱེད་དང་མཐུན་དགོས།།
ཁ་བའི་ལམ་བུ་དོག་རུང་།།
ཁ་བ་གླེང་མཚམས་མི་འཇོག།

ཁ་ནས་ཁ་བ་གླེང་ན།།
ཁ་ཆུ་ཁ་ནས་འཐོར་སོང་།།
ཁ་བ་ཅན་གྱི་མི་ལ།།
ཁ་ལས་རླུང་རྟ་དར་ཤོག།

ཕ་ཡུལ་ཁ་བ་ཅན་དེ་རྒྱང་དུ་གྱེས་པའི་ཞི་བདེ་རྒྱལ་མཚོ་འགྲམ་ངོགས་སུ་ཁ་བ་སེམས་ལ་བརྣག་སྟེ་ཡ་བྲང་གཡུ་འབྲུག་གིས་ཤར་མར་སྤེལ།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.