སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
གཡུང་དྲུང་བོན་གྱི་སྐོར་གལ་ཆེའི་དྲི་བ་འགའ། | 2013/8/1 22:04:00
གཡུང་དྲུང་བོན་གྱི་སྐོར་གལ་ཆེའི་དྲི་བ་འགའ། བཀའ་ལན་གནང་མཁན། དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།
༡༽ ད་ལྟའི་ཆར་བོད་ནང་དུ་བོན་པོའི་མི་འབོར་ག་ཚོད་ཡོད་དམ། (སྤྱིར་འཛམ་གླིང་ནང་གི་བོན་པོའི་མི་འབོར་གླེང་ན་འགྲིག)༢༽ ད་ལྟའི་ཆར་བོད་ནང་དུ་བོན་དགོན་ག་ཚོད་ཡོད་དམ། (གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཉེར་ལྔའི་དྲན་དེབ་ལས་འཁོད་པ་ཙམ་མིན་པར་ཁ་གསལ་གནང་མཐུས།)
དྲི་བ་དང་པོ་དང་གཉིས་པར་ལན་ཁ་གསལ་ཞིག་འབུལ་མི་ཐུབ་པས་དགོངས་འགལ་མེད་པ་ཞུ།
༣༽ བོད་ལ་སངས་རྒྱས་གཡུང་དྲུང་བོན་གྱི་ལྟ་སྒྲུབ་ཡོད་བཞིན་དུ། དུས་རབས་བདུན་པའི་ནང་དུ་ཐུབ་ཆོས་བོད་དུ་གདན་དྲངས་པ་དེ་བོད་མའི་ཨ་གསར་ཙམ་མིན་པར་སྐབས་དེ་དུས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་པར་གསུང་མཁན་ཡོད། འོན་ཀྱང་ཁྱེད་ཀྱི་དགོངས་ཚུལ་ག་རེ་ཡིན་ནམ།
ལན།
དེ་ལ་ཆབ་སྲིད་ཀྱི་བསམ་བློ་གཏན་པོ་ཞིག་ཡོད། བོན་ཆོས་ཀྱིས་བོད་མི་མང་ལ་ཞབས་འདེགས་ཞུ་མི་ནུས་པ། བོན་ཆོས་དང་བོན་གྱི་ལྟ་གྲུབ་རྣམ་པར་མ་དག་པའི་རྒྱུ་མཚན་སོགས་གང་ཡང་མིན་པར། གནས་ཚུལ་དེ་ནི་གཙོ་བོ་རྒྱལ་པོའི་དབུ་བླ་དང་དེ་བཞིན་བོན་ཆོས་གཙོ་འཛིན་གྱི་བླ་མ་རྣམས་ནི་རྒྱལ་པོ་དང་འདྲ་བར་གོ་གནས་དང་ཐོབ་ཐང་ཆེ་ཞིང་མི་མང་གི་འདོད་བློ་ཡོངས་རྫོགས་བོན་ཆོས་གཙོ་འཛིན་གྱི་བླ་མས་འགེང་ནུས་པ། དཔེར་ན་ཡུལ་སྡེ་ཕན་ཚུན་རྩྭ་ས་སོགས་ཀྱི་དོན་དུ་རྩོད་ལན་བྱུང་ཚེ་ཞུ་གཏུག་བླ་མ་ལ་བྱེད་ཅིང༌། དེ་བཞིན་འབྲོག་པའི་ཕྱུགས་ལས་སྐྱོང་བའི་སྐྱས་སྤོ་བའི་དུས་ཚོད། ཞིང་པའི་ས་ཞིང་འདེབས་འགོ་འཛུགས་པ་ནས། སྟོན་ཐོག་བསྡུ་བའི་དུས་ཚོད་སྟངས་འཛིན་བྱེད་སྟངས། ཡུལ་བའི་བྱང་རོང་ཀུན་གྱི་ཚོང་ལས་ཀྱི་བྱ་བཞགཕོ་མོ་ཕན་ཚུན་གཉེན་སྒྲིག་བག་ལེན་བྱ་བའི་ལས་རིམ་རྣམས་ཀྱི་ཐོག་ལ་ཐེ་གཏོགས། ཡུལ་སྡེ་ཕན་ཚུན་དགྲ་འཁྲུགས་དམག་འཐག་ཀྱི་བྱ་ལས། ཐ་ན་གྲོང་པ་ཞིག་ལ་ཁྱེའུ་ཞིག་བཙས་པ་ནས་ཡུལ་ལུང་ཞིག་ལ་མི་ཞིག་འཆི་བའི་བར་ལེགས་ཉེས་རྟེན་འབྲེལ་གྱི་བློ་གྲོས་འདྲི་ས་བོན་གྱི་བླ་ཆེན་རྣམས་ཡིན་པ་ལས་རྒྱལ་པོ་མིན།
ཕལ་ཆེར་རྒྱལ་པོ་དང་མི་མང་བར་འབྲེལ་ཐག་རིང་དུ་སོང་ནས་རྒྱལ་པོ་ནི་མིང་ཙམ་ལས་ལས་འགན་གྱི་བྱ་བཞག་ལ་ཐེ་གཏོགས་མེད་པ་ལྟ་བུ་ཆགས་ལ་ཉེ་བའི་དུས་ཤར་ཡོད། དཔེར་ན་རྒྱུ་ནོར་ལོངས་སྤྱོད་སྒྲུབ་པའི་གཡང་འགུགས་པ། རང་ཉིད་གནས་དང་འཁྲས་བཅའ་སའི་ཡུལ་ལྷ་གཞི་བདག་ཕོ་ལྷ་གསོལ་བ། གནམ་གྱི་གཟའ་སྐར་བརྩི་བ། མོ་འདེབས་པྲ་འབེབས། ཞབས་རིམ་གཏོ་སྐུ་རིམ་སོགས་དང་བྱ་བཞག་ཀུན་ཏུ་བོན་གྱི་བླ་ཆེན་མེད་ན་ཐབས་མེད་པ་ལྟ་བུར་བརྩིས། བོན་གཤེན་གྱིས་གཤེན་གླུ་ཐེངས་གསུམ་མ་བླངས་བར་དུ་རྒྱལ་བློན་གྱི་བྲོ་གླུ་རོལ་མི་ཆོག་པའམ་རྒྱལ་པོས་འབངས་ལ་བཀའ་སྩལ་མི་ཆོག་པ། བློན་པོས་ལེགས་ཉེས་བླང་དོར་གྱིས་གྲོས་འཆའ་མི་ཆོག་པའི་ལམ་ལུགས་བཙན་ཞིང༌། མདོར་ན་བོད་མི་མང་གི་འཚོ་བ་དང་བོན་གྱི་བླ་ཆེན་གཉིས་དབར་ཁ་བྲལ་ཐབས་མེད་པའི་དུས་རིམ་དེ་རྒྱལ་པོས་ཤེས་ཏེ། རྒྱལ་པོས་ཐབས་བརྒྱ་བྱུང་སྟོང་གིས་སྟོབས་ཤུགས་དང་མངའ་ཐང་ཆེ་བའི་བོན་ཆོས་ལ་ཁ་གཏད་གཅོག་ནུས་མཁན་གྱི་སྟོབས་ཤུགས་ཡོད་པའི་རྒྱ་དཀར་ནག་གི་ཆོས་ལུགས་དང༌། མི་རིགས། རིག་གཞུང་གཞན་ཞིག་གདན་མ་དྲངས་ན་བོད་རང་གི་དམག་དོན་དང་རྒྱལ་པོ་རང་གི་དྲག་གནོན་གཅིག་པོས་བོན་ཆོས་ཀྱི་གཉའ་གཅོག་མི་ནུས་པར་མཐོང་ནས་བོན་ཆོས་ཀྱི་གཉའ་གནོན་དུ་རྒྱ་བལ་ནས་བན་དྷེའི་ཆོས་རིག་དང༌། རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ། བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་གཉིས་རྒྱལ་པོའི་བཙུན་མོར་བསུས་པ་ལས། བོན་ཆོས་རྣམ་པར་མ་དག་པ་དང་བོན་ཆོས་ཀྱི་ལྟ་གྲུབ་རྣམ་པར་མ་དག་པའི་རྒྱུ་མཚན་གྱིས་བོན་ཆོས་བསྣུབ་རྒྱུའི་ལས་འགུལ་བརྩམས་པ་མིན་པ་གསལ་པོ་ཡིན།
རྒྱལ་པོ་དང་བོན་གཤེན་དབར་གྱི་འགལ་ཟླ་ནི་བོད་རྒྱལ་སྲོང་བཙན་གྱི་སྐབས་སུ་གསར་དུ་བྱུང་བ་མ་ཡིན་པར་བོད་རྒྱལ་གྲི་གུམ་གྱི་དུས་ནས་ཡོད་པ་ཡིན་ཏེ།
གྲི་གུམ་བཙན་པོས་བོན་གཤེན་མང་པོ་མཐའ་ལ་སྤྱུགས་དོན་དང་བོན་བསྟན་བསྣུབ་དགོས་དོན་ཡང་བོན་གཤེན་རྣམས་དབུ་མཐོ་ལ་དྲེགས་ཆེ་བས་མ་འོངས་སྲས་དབོན་རྣམས་ཀྱི་སྐུ་རིང་ལ་རྒྱལ་སྲིད་བོན་གྱིས་ཁྱེར་བར་དྭོགས་པ་ཡིན་པ་བོན་གྱི་ཡིག་རྙིང་རྣམས་སུ་ཁ་གསལ་ཡིན།
དེའི་སྐོར་རྒྱ་ཆེར་གཟིགས་འདོད་ན་བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང༌དགུ་པ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཞེས་པའི་གླེང་བརྗོད་ན་ཁོ་བོས་བྲིས་ཡོད་ཞུ།
༤༽ གཡུང་དྲུང་བོན་དང་དམ་པའི་ཆོས་གཉིས་བར་མི་འདྲ་བ་ཡོད་དམ། ཡོད་ན་གཙོ་བོ་དེ་ག་རེ་ཡིན་ནམ། ལྟ་བ། སྤྱོད་པ།
འབྲས་བུ། ཡང་ན་གཞན་གྱི་ཆ་ནས།
ལན། ལྟ་སྤྱོད་འབྲས་བུ་སོགས་ཀྱི་ཐོག་ནས་དེ་ཙམ་གྱི་ཁྱད་པར་གནམ་ས་ལྟ་བུ་ཞིག་ཡོད་པ་ཁོ་བོས་མ་མཐོང་། ཡིན་ན་ཡང་རྒྱུད་པའི་ཁུངས་མི་འདྲ་ཞིང་། ཆོས་ཚིག་བེད་སྤྱོད་གཏོང་སྟངས་མི་འདྲ་བ་མང་པོ་ཡོད། དེ་འི་ནང་ནས་རྒྱུད་པའི་བྱུང་མི་འདྲ་བ་དེ་གཙོ་བོ་ཞིག་ཡིན་ཞུ།
༥༽ བོན་གྱི་བླ་མེད་རྫོགས་པ་ཆེན་པོ་དང་རྙིང་མའི་རྫོགས་ཆེན་གཉིས་ཀྱི་རྒྱུད་ཁུངས་མི་འདྲ་བ་ལྟར་ལྟ་སྤྱོད་ཀྱི་ཆ་ནས་ཀྱང་མི་འདྲ་བ་ཡོད་དམ། ཡོད་ན་གང་ཞིག
ལན། མདོར་བསྡུས་ཏེ་བཤད་ན། སྔ་འགྱུར་རྙིང་མ་པ་ཚོས་དབུ་རྫོགས་སྔགས་གསུམ་གྱི་ལྟ་བ་ལ་བལྟ་བྱ་ཡུལ་གྱི་ལྟ་བ་དང་ལྟ་བྱེད་ཡུལ་ཅན་གྱི་ལྟ་བ་ཞེས་གཉིས་སུ་བཞེད། དེ་ཡང་དབུ་རྫོགས་སྔགས་གསུམ་གྱི་ཡུལ་གྱི་ལྟ་བ་ལ་ཁྱད་པར་མི་བཞེད་ཅིང་། ལྟ་བྱེད་ཡུལ་ཅན་ཡེ་ཤེས་ལ་ཟབ་གསལ་གྱིས་ཁྱད་པར་ཆེན་པོ་ཡོད་པར་བཞེད། གཡུང་དྲུང་བོན་ལུགས་པས་དབུ་རྫོགས་སྔགས་གསུམ་གྱི་ལྟ་བ་ལ་ཡུལ་དང་ཡུལ་ཅན་གང་གི་ཐོག་ནས་བཤད་ཀྱང་ཁྱད་པར་ཆེན་པོ་ཡོད་པར་བཞེད།
༦༽ དུས་རབས་བདུན་པའི་ཡན་བོད་དང་ཞང་ཞུང་རྒྱལ་ཕྲན་སོ་སོར་ཡིན་སྟབས། སྐབས་དེར་ཞང་ཞུང་ལ་ཡོད་པའི་ཤེས་རིག་དང་ལོ་རྒྱུས་རྣམས་བོད་ཀྱི་ཡིན་ཟེར་ཐུབ་བམ།
ལན། དེ་ལ་དུས་ཚོད་ཀྱི་ཐོག་ནས་བསམ་བློ་གཏོང་ཕྱོགས་མི་འདྲ་བ་གཉིས་ཀྱི་ཐོག་ནས་བཤད་ན་ཞང་བོད་གཉིས་ས་འདྲེས་རྡོ་འདྲེས་དང་ཇ་འདྲེས་ཆུ་འདྲེས་ལྟ་བུ་མ་སོང་བའི་སྔོན་དུ་ཞང་ཞུང་གི་ཤེས་རིག་དང་ལོ་རྒྱུས་རྣམས་བོད་ཀྱི་ཡིན་མི་ཟེར། ཞང་བོད་གཉིས་ས་འདྲེས་རྡོ་འདྲེས་དང་ཇ་འདྲེས་ཆུ་འདྲེས་ལྟ་བུར་སོང་ཟིན་རྗེས་ཞང་ཞུང་གི་ཤེས་རིག་དང་ལོ་རྒྱུས་རྣམས་བོད་ཀྱི་ཡིན་ཡིན་ཟེར་དགོས་སྙམ།
༧༽ ཉེ་ལམ་ལོ་ཤས་ནང་ཞང་ཞུང་མངའ་རིས་ས་ཁུལ་སོགས་ནས་བརྙེད་པའི་རྡོ་རྐོས་སྨར་ཡིག་དང་། གཟི་ཡིག དེ་བཞིན་བོན་དང་འབྲེལ་བའི་གནའ་རྫས་རིགས་ཡོད་པར་གོ་ཐོས་ལྟར། དེ་དག་གི་འདྲ་རིས་དང་པར་སློག་རྣམས་རྒྱ་ཆེའི་ཞིབ་འཇུག་པ་ཚོས་གཟིགས་ཐུབ་རྒྱུ་ཡོད་པ་ཞིག་ཡིན་ནམ།
ལན། དེ་འདྲའི་རིག་གཞུང་རྙིང་པ་མང་པོ་ཞིག་རྙེད་སྐད་དང་མ་ཟད་་་་་མཆོག་གིས་ཀྱང་བོད་ཡིག་གི་མ་ཕྱི་ཞང་ཞུང་གི་ཡི་གེ་ནི་མི་ལོ་སུམ་སྟོང་འགྲོ་བའི་དཔང་རྟགས་ཡོད་པར་བཞེད། ཁོ་བོའི་ལག་ཏུ་ད་བར་ཡིག་རིགས་དེ་དག་གི་འདྲ་པར་འབྱོར་སོན་མ་བྱུང་ཞུ། དེའི་སྐོར་ཁ་གསལ་གོ་བདེ་ཞིག་ཞུ་རྒྱུ་མེད།
༨༽ སྟོན་པའི་འདུལ་ཞིང་ཡུལ་ཆེན་བཅོ་བརྒྱད་སོགས་བཤད་སྐབས། ཁྲོམ་དང་། གེ་སར།
འ་ཞ། གྲུ་གུ། ཁ་ཆེ།
ལི་ཡུལ། ལྡོང་། མི་ཉག འཇང་སོགས་དེང་སང་ཡུལ་གྲུ་གང་ཞིག་ཏུ་ངོས་འཛིན་དགོས་སམ།
ལན། དེ་དག་ལ་མཁས་པ་མང་པོའི་བཞེད་པ་འདྲ་མིན་སྣ་ཚོགས་ཡོད་ཤས་ཆེ་བས་ཁོ་བོས་ཀྱང་འདི་ཡིན་ཁ་ཚོན་མ་ཆོད་དོ།
༩༽ མཁས་པ་འགས་བོན་དེ་འཛམ་གླིང་ནང་ཆོས་ལུགས་རྙིང་ཤོས་ཤ་མཱ་ནི་སིམ་
(Shamanism) དང་གཅིག་ཚུལ་གསུང་གི་ཡོད་ཀྱང་ཁྱེད་ལ་དེ་གཉིས་ལྟ་སྤྱོད་ཀྱི་ཆ་ནས་མི་འདྲ་བའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།
ལན། དྲི་བའི་ནང་གི་བོན་ཞེས་པ་དེ་སྐབས་འདིར་གཡུང་དྲུང་བོན་ལ་གོ་དགོས་པའི་ཐོག་ནས་ཞུས་ན་གཞི་ལམ་འབྲས་གསུམ་གྱི་ངོས་ནས་བཤད་ན་གཡུང་དྲུང་བོན་གྱི་ཆོས་ལུགས་
(Shamanism) གྱི་ཆོས་ལུགས་དང་འདྲ་ས་མེད། མ་ཟད་ (Shamanism)
ལ་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་གཞུང་ལུགས་སུ་བཤད་པའི་མཐའ་བཞི་རྒྱ་གྲོལ་གྱི་ལྟ་བ་ཞིག་དང་འགྲོ་ཀུན་བྱམས་བརྩེས་སྐྱོང་བའི་སྤྱོད་པ་ཕུན་ཚོགས་ཤིག་ཡོད་བཟོ་རྩ་བ་ནས་མ་ཐོས། ཡིན་ན་ཡང་གཡུང་དྲུང་བོན་གྱི་ཆོས་དེ་ (Shamanism) གྱི་ཆོས་ལུགས་རེད་ཟེར་བ་ལ་རྒྱུ་མཚན་རྩ་བ་ནས་མེད་པའི་ཧམ་བཤད་ཀྱི་སྐད་ཆ་ཞིག་མིན། དེ་ལ་བལྟ་ཚུལ་གྱི་རྒྱུ་མཚན་ཞིག་ཡོད། (Shamanism) གྱི་ཆོས་ལུགས་ནི་ལྟོ་མདོས་དང་ཕྱིའི་འབྱུང་བ་བཞི། ས་རྡོ་རི་བྲག་ལྗོན་ཤིང་། དེ་བཞིན་སྔོན་ནས་འདས་ཟིན་པའི་མེས་པོ་དག་གི་རྣམ་ཤེས་ལ་མཆོད་པ་བྱེད་པའི་ལམ་ལུགས་ཟབ་རྒྱས་ཅན་ཞིག་ཡིན། བོན་གྱི་ཐེག་པ་རིམ་དགུའི་ནང་མཚན་རྒྱུ་ཐེག་གི་ནང་དུ་ (Shamanism) གྱི་ལམ་ལུགས་དང་འདྲ་བ་མང་པོ་ཞིག་ཡོད། འོ་ན་གཡུང་དྲུང་བོན་ལུགས་ཀྱི་ནང་དུ་ (Shamanism) གྱི་ལམ་ལུགས་དང་འདྲ་བ་ཇི་ལྟར་བྱས་ནས་བྱུང་བ་ཡིན་སྙམ་ན། གཡུང་དྲུང་བོན་གྱི་ཆོས་ལུགས་དེ་ཉིད་སྲོལ་གཏོད་པ་པོ་ནི་སྟོན་པ་གཤེན་རབ་མི་བོ་ཡིན། གཤེན་རབ་མི་བོ་མ་བྱོན་པའི་སྔོན་དུ་ཞང་བོད་ཀྱི་ཡུལ་ལུང་ཁག་ཏུ་གདོད་མའི་བོན་ཞེས་པ་
(Shamanism)
དང་གཅིག་མཚུངས་ཅན་ཞིག་ཡོད་པ་ནི་འགྲེལ་བཤད་བྱེད་མི་དགོས། མ་ཟད་སྐབས་དེའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱང་གདོད་མའི་བོན་ཞེས་པ་(Shamanism)
གྱི་ཆོས་ལུགས་དེ་ལ་དད་གུས་དང་ཡིད་ཆེས་ཡོད་པ་ནི་སྨྲོས་དུ་མེད་པ་ཞིག་རེད། གཤེན་རབ་མི་བོས་གཡུང་དྲུང་བོན་གསར་གཏོད་གནང་སྐབས་གདོད་མའི་བོན་ཆོས་ (Shamanism)
དེ་ཉིད་མ་སྒྲོམ་མམ་འགྲམ་གཞིར་བྱས་ཏེ་རྒྱུ་ཐེག་གི་ཆོ་ག་དེ་དག་བཟོས་པ་ཡིན། གདོད་མའི་བོན་ལུགས་(Shamanism) གྱི་ཆོས་ལ་སེམས་ཅན་གྱི་སྲོག་ལ་འཚེ་བའི་ཆོ་ག་མང་པོ་ཞིག་ཡོད་ཅིང་དེ་དག་འཚེ་བ་མེད་པའི་ཕྱོགས་སུ་བསྒྱུར་བཅོས་བྱས་པ་ཡིན། དེ་ནི་སྲིད་པ་སྤྱི་མདོས་སོགས་སུ་གཟིགས་ན་མཁྱེན་སླ། མདོར་ན་གདོད་མའི་བོན་ཆོས་ (Shamanism) གྱི་ཆོས་ལུགས་ལ་ཞི་བདེ་གཏན་ལྷིང་ཅན་གྱི་འཚེ་བ་མེད་པའི་གཡུང་དྲུང་བོན་ལུགས་ཀྱི་ལམ་སྲོལ་བཟང་པོ་ཁ་སྣོན་རྒྱབ་པས་གཡུང་དྲུང་བོན་ལུགས་ཀྱི་ཆོ་ག་དང་
(Shamanism)
གྱི་ཆོས་ལུགས་གཉིས་དབར་འདྲ་མཚུངས་བྱུང་བ་ཡིན། རྒྱུ་མཚན་དེས་ན་ཕྱི་གླིང་གི་མཁས་པ་མང་པོའི་ཐུགས་ཀློང་དུ་བོན་ཆོས་ (Shamanism)
གྱི་ཁོང་སུ་བསྡུ་དགོས་པའི་གཟིགས་ཕྱོགས་དེ་ཤར་བ་ཡིན་ནོ། །
( མཁྱེན་ཡོངས་དགེ་བཤེས་ལགས་ལས་བཀའ་ལན་གནང་བར་ཐུགས་རྗེ་ཞུ། གུས་ཟིན་བདག་ནས། )
- ཟིན་ཐོ་གོང་མ།རྫོགས་པ་ཆེན་པོ་དེ་བོན་དང་རྙིང་མའི་ཆོས་ཤིག་རེད་དམ།
- ཟིན་ཐོ་འོག་མ།ཚ་བོར་ཕུལ་བའི་གདམས་ངག་གསེར་གླིང་མ།