ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གལ་ཆེའི་གསལ་བསྒྲགས། | 2013/11/6 23:07:00
༸ རྒྱལ་ཕྱི་ནང་གང་སར་བཞུགས་པའི་གྱེར་བསྟན་རིན་པོ་ཆེར་ཐུགས་ཁུལ་དང་སྲི་ཞུ་སྒྲུབ་བཞིན་པའི་མཁས་དབང་བླ་སྤྲུལ་དགེ་བའི་བཤེས་གཉེན་དང་། བློ་གསལ་གཞོན་ནུ་དད་ལྡན་ཕོ་མོ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་གསོལ། 
དེང་བརྡ་འཕྲིན་དང་དྲ་བའི་དུས་རབས་དང་བསྟུན་ཏེ་སྐྱེ་བོ་ཚོས་སོ་སོའི་བསྟན་པ་དང་རིག་གཞུང་ངོ་སྤྲོད་དང་ཞབས་འདེགས་གང་ཐུབ་ཞུ་བཞིན་པ་ནི་དགོས་ངེས་སམ་དུས་དང་འཚམས་པ་ཞིག་རེད་དྲན། དེ་ཕྱིར་ད་ལན་རྒྱལ་ཁབ་འདྲ་མིན་ནང་བཞུགས་པའི་རང་རེ་གཡུང་དྲུང་སྤུན་གྲོགས་འགས་ཐབས་གྲོས་དང་དཀའ་ལས་གང་མང་ཞིག་བརྒྱབ་འབྲས་ (བོན་གྱི་དྲིས་ལན་དྲ་མཛོད) ཅེས་པའི་བོན་དང་གཡུང་དྲུང་བོན་གྱི་སྐོར་དྲི་བ་དྲིས་ལན་ཁོ་ནའི་དྲ་བ་ཞིག་རིང་མིན་དྲ་ལམ་དུ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་འབུལ་འཆར་ཡོད་པས་དེ་ལུགས་ཁྱེད་རྣམ་པས་ཀྱང་བོན་དང་གཡུང་དྲུང་བོན་ལ་འབྲེལ་བའི་གལ་ཆེའི་དྲི་བ་གང་མང་ཞིག་གཤམ་གྱི་ཁ་བྱང་ཐོག་གནང་སྐྱོང་ཡོང་བར་ཞུ། 
དྲི་བ་གནང་ཡུལ། askbon9@gmail.com ཡང་ན་ཁེའུ་ཁེའུ། 1927810933 བཅས་ཡིན། 

བོན་གྱི་དྲིས་ལན་དྲ་མཛོད་ཀྱི་དམིག་ཡུལ།
བོད་ཁ་བའི་ལྗོངས་འདིར་བོན་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོས་དབང་བསྒྱུར་བ་ནས་བཟུང་བོད་མི་རྣམས་ཀྱི་ཤེས་རིག་གི་བློ་སྒོ་ཕྱེས་ཡོད་ཅེས་བཤད་ན་མི་འགྲིག་པ་གང་ཡང་མེད་སྙམ། བོན་རྒྱལ་གཉའ་ཁྲིའི་དུས་མཉམ་དུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། དེའང་མགོན་ཤེས་ལྷ་བོན། གཡང་ཤེས་ཕྱྭ་བོན། འགྲོ་ཤེས་གླུད་གཏོང་། འདུར་ཤེས་སྲིད་གཤེན། གཙང་ཤེས་སེལ་འདེབས། སྒྲོལ་ཤེས་ལྷ་བོན། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། སྨྲ་ཤེས་གཏོ་དགུ། ལྡིང་ཤེས་ཤ་བ། འཕུར་ཤེས་ཇི་ཐིག སྒྲོལ་ཤེས་འཕྲུལ་བོན་རྣམས་ཡིན་ལ། ནམ་རྒྱུན་རྒྱལ་རབས་ཆོས་བྱུང་ང་ཆེ་ང་བཙན་དེ་ཚོའི་ནང་དུས་རབས་བདུན་པའི་ཡར་སྔོན་དུ་བོད་དང་བོད་མི་རྣམས་ནི་མུན་ནག་དང་ཀླ་ཀློ་ཡིན་པར་བཤད་ཡོད་པ་རྣམས་རང་རིགས་ཀྱི་ཕ་མེས་རྣམས་ལ་ངན་བཤད་དང་། བློ་རིག་དང་དཔའ་སྟོབས་ཆེ་བའི་བོད་རྒྱལ་སུམ་ཅུ་ལྷག་ཙམ་ཞིག་དམུས་ལོང་ཁྱུ་ཚོགས་ཞིག་ཏུ་བསྒྲུབས་ཡོད་པ་ནི་ཕྱི་རབས་ཀྱི་གངས་རིའི་བུ་ཕྲུག་རྣམས་ལ་བསུབ་ཏུ་མེད་པའི་རྨ་ཁ་ཆེན་པོ་ཞིག་བཞག་པ་ལོས་ཡིན། གོང་སྨྲས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་པོ་ནི་བོད་མི་བཅུ་གཉིས་ཙམ་མ་ཡིན་པར་ཤེས་རིག་གི་གནས་མི་འདྲ་བཅུ་གཉིས་ཡིན་སྟབས། སྐབས་དེ་ཙམ་ནས་བོད་ཁམས་སུ་སྨན་རྩིས་གཏོ་དཔྱད་དང་། དུར་འདུལ་གཡང་ལེན། གཤིན་འདྲེན་གསོན་བདེ་སོགས་ཀྱི་རིག་པའི་གནས་སྡེ་མང་པོ་ཞིག་དར་འགོ་ཚུགས་ཡོད་པ་ཟུར་ལྟས་ལེབ་མཐོང་རེད། 
གང་ལྟར་རྒྱལ་ཁབ་ཅིག་གི་ལོ་རྒྱུས་དང་རིག་གཞུང་དེ་དག་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་དགོས་ན། ལུང་པ་དེའི་ནང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རབས་ཀྱི་བྱུང་བ་དང་འཕེལ་རིམ། མི་རིགས་དེའི་ཐོག་མའི་ཤེས་རིག་གི་རྒྱབ་ལྗོངས་སོགས་འཚོལ་དགོས་པ་ལས་རྡོ་རྗེ་སྐེད་བཟུང་ལྟ་བུའི་ཆོས་ལུགས་དང་གྲུབ་མཐའི་དགའ་ཕྱོགས་ཁོ་ནས་འཚོ་སྡོད་ན་ནམ་ཞིག་ཡུལ་ལུང་དེའི་ཤེས་རིག་དང་ལོ་རྒྱུས་ཀྱི་ཕུགས་རྩ་ཡལ་དུ་འགྲོ་རྒྱུ་ལས་ཡང་དག་པའི་འཛིན་སྐྱོང་གི་གྲུབ་འབྲས་ཞིག་འཐོབ་ཐབས་དཀའ་སྙམ།
དེ་ལྟར་ཁ་བ་རི་བའི་མ་འོངས་པའི་གཞོན་སྐྱེས་རྣམས་ལ་སོ་སོའི་མེས་པོའི་ནོར་བུ་དེ་ཉིད་བདག་གཉེར་དང་ནོར་ཉམས་ཆོད་རྒྱུའི་འགན་འཁྲི་ཆེན་པོ་ཞིག་ཡོད་པ་དང་། ལྷག་དོན་བོད་ཀྱི་གཞོན་སྐྱེས་ཉམས་ཞིབ་པ་རྣམས་ཀྱིས་དམིགས་བསལ་བོད་ཕ་མེས་ཀྱི་རིག་གཞུང་ལ་ཕྱི་མིག་གཟིགས་རྒྱུ་ནི་ད་ལྟའི་གཉན་འཕྲང་གི་དུས་འདིར་གལ་ཆེའི་ནང་གི་གལ་ཆེན་ཡིན་པར་སོང་། ང་ཚོས་དམིགས་དོན་དེ་དག་ལ་བཟུང་སྟེ་དེང་ཆ་འཕྲིན་གྱི་དུས་རབས་དང་བསྟུན། རང་རེ་ཁ་བ་གངས་ཅན་པའི་ཕ་ནོར་གཡུང་དྲུང་བོན་གྱི་བྱུང་རབས་དང་ལུགས་སྲོལ། དེའི་ལྟ་སྒོམ་སྤྱོད་འབྲས་སོགས་མི་རབས་གསར་པའི་སེམས་ཁམས་དང་འགྲོག་སྟེ་གོ་བདེ་དྲིས་ལན་གྱི་ལམ་ནས་འབུལ་ཐབས་ཞུ་རྒྱུ་དམིགས་ཡུལ་གཙོ་བོ་དེ་ཡིན། 
སྤྱིར་དེང་སང་བོད་ཡིག་གི་གོམ་ཁ་སྔར་ནས་རྡབ་འགྱུར་གྱིས་མགྱོགས་ཏེ་འཛམ་གླིང་ཁྱོན་ཡོངས་སུ་བོད་མིའི་འདུས་སྡོད་ཁག་ཏུ་བོད་ཡིག་གི་དུས་དེབ་དང་དྲ་གནས་སོགས་གང་མང་ཞིག་ཡོད་པ་དང་། ལྷག་དོན་བོན་པོའི་སྤྱི་ཚོགས་རང་ལ་མཚོན་ནའང་བོན་དེབ་དང་དམིགས་བསལ་བོན་པོ་ཁོ་ནའི་དྲ་ཚིགས་སོག་མང་པོ་ཞིག་མཇལ་ཡུལ་དུ་ཡོད་པ་ནི་དགའ་འོས་པའི་གནས་ཡིན། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་འཕྲུལ་རིགས་ཀྱི་ལམ་སྒོ་ཡངས་དྲགས་ནས་གཞོན་སྐྱེས་ཚོའི་སེམས་ཁམས་སུ་དཔེ་དེབ་ཆེན་པོ་དང་རྩོམ་རིང་པོ་སོགས་བཀླག་རྒྱུར་ཉོབ་སྣང་ཡོང་གི་ཡོད་སྟབས། ང་ཚོས་ཀྱང་དེ་དང་བསྟུན་ནས་གོམ་པ་སྤོ་སྟངས་ཞིག་དགོས་པ་ནི་ཤེས་ཡོན་གྱི་སྣེ་མོར་སྡོད་བཞིན་པའི་འགན་འཁྲི་ཡང་ཡིན། དེ་ཕྱིར་འདིར་ད་ལན་(བོན་གྱི་དྲིས་ལན་དྲ་མཛོད)ཅེས་པ་འདི་ནི་གཙོ་བོར་གནའ་རབས་བོད་ཀྱི་ལོ་རྒྱུས་དང་རིག་གནས། ལྷག་དོན་བོན་དང་གཡུང་དྲུང་བོན་གྱི་སྐོར་མཁྱེན་འདོད་ཡོད་མཁན་གྱི་གཞོན་སྐྱེས་རྣམས་ལ་དམིགས་ཏེ། དྲི་བ་དྲིས་ལན་ཁོ་ནའི་དྲ་ཚིགས་ཞིག་ཡིན་པས་གཞོན་སྐྱེས་ཚོས་ངེས་སླ་བ་དང་། སོ་སོར་དོགས་འདྲི་དང་གང་མཁྱེན་འདོད་ཡོད་པ་རྣམས་ང་ཚོར་བཀའ་འདྲི་གནང་ཆོག་ལ། ང་ཚོས་ཀྱང་མཁས་དབང་བླ་སྤྲུལ་ཉམས་ཞིབ་པ་གོང་མ་རྣམ་པ་གདན་ཞུས་ཀྱིས་དྲིས་ལན་སྟབས་བདེ་རེ་འབུལ་ཐབས་ཞུ་རྒྱུ་དང་། དེ་བཞིན་གཞོན་སྐྱེས་ཚོས་ཀྱང་དེབ་རིགས་འདྲ་མིན་མང་པོ་ཞིག་ཀློག་མི་དགོས་པ་སོགས་སྒོ་གང་ནས་ཕན་ཐོག་ཕྲན་བུ་རེ་ཡོང་བའི་རེ་བ་ཡོད་ཞུ། །། 

ཞེས་བོན་གྱི་དྲིས་ལན་དྲ་མཛོད་ཀྱི་རྩོམ་སྒྲིག་པས་ཕུལ།། 

Re:གལ་ཆེའི་གསལ་བསྒྲགས། | 2013/11/25 18:18:07
bontsewang(སྐུ་མགྲོན)མཆེད་གྲོགས་ལགས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ།
རྩོམ་པ་པོ།:bontsewang(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གལ་ཆེའི་གསལ་བསྒྲགས། | 2013/11/14 14:52:32
སྐུ་མགྲོན་IMd5HT(སྐུ་མགྲོན)ལགས་སོ་ཁྱུང་ནས།
རྩོམ་པ་པོ།:སྐུ་མགྲོན་IMd5HT(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.