གྱེར་སྨྲང་།
སྤྱི་བསྒྲགས།
ལུས་ཅན་སྡུག་བསྔལ་སེལ་ཞིང་ཕན་དང་བདེ་བ་འབྱུང་བའི་གྱེར༵། །བཀའ་ལུང་རིག་པའི་སྲང་ལས་གཞལ་བའི་ཡ་ཐོག་དམུ་རབས་སྨྲང༵་། །སྒྱུ་འཕྲུལ་དྲ་བའི་ལམ་ནས་སོར་མོའི་འདུ་བྱེད་ཁོ་བོས་བྱ། ། དཔྱོད་ལྡན་གངས་ཅན་པ་ཚོས་མེས་པོའི་ཤུལ་བཞག་ལོངས་ཤིག་ཀྱེེ། །
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དྲི་བ་འདི་དག་ལ་བཀའ་ལན་རེ་ཅིས་ཀྱང་གནང་རོགས་ཞུ། | 2013/6/19 22:14:00
4
ད་ལན་ཁོ་བོས་བོན་གྱི་སྐོར་དྲི་རྩོམ་ཞིག་སྐད་རིགས་གཞན་དག་ནང་སྒྱུར་བཞིན་ཡོད་སྟབས་དེའི་མཐུན་རྐྱེན་ཆེད་བོན་གྱི་མཁས་དབང་རྣམ་པའི་བཀའ་སློབ་ཉན་འདོད་བྱུང་བས་གཤམ་གྱི་དྲི་བ་ཁག་ལ་བཀའ་ལན་གནང་རོགས་ཞུ།
༡༽ ད་ལྟའི་ཆར་བོད་ནང་དུ་བོན་པོའི་མི་འབོར་ག་ཚོད་ཡོད་དམ།
(སྤྱིར་འཛམ་གླིང་ནང་གི་བོན་པོའི་མི་འབོར་གླེང་ན་འགྲིག)
༢༽ ད་ལྟའི་ཆར་བོད་ནང་དུ་བོན་དགོན་ག་ཚོད་ཡོད་དམ།
(གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཉེར་ལྔའི་དྲན་དེབ་ལས་འཁོད་པ་ཙམ་མིན་པར་ཁ་གསལ་གནང་མཐུས།)
༣༽ བོད་ལ་སངས་རྒྱས་གཡུང་དྲུང་བོན་གྱི་ལྟ་སྒྲུབ་ཡོད་བཞིན་དུ། དུས་རབས་བདུན་པའི་ནང་དུ་ཐུབ་ཆོས་བོད་དུ་གདན་དྲངས་པ་དེ་བོད་མའི་ཨ་གསར་ཙམ་མིན་པར་སྐབས་དེ་དུས་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཡིན་པར་གསུང་མཁན་ཡོད། འོན་ཀྱང་ཁྱེད་ཀྱི་དགོངས་ཚུལ་ག་རེ་ཡིན་ནམ།
༤༽ གཡུང་དྲུང་བོན་དང་དམ་པའི་ཆོས་གཉིས་བར་མི་འདྲ་བ་ཡོད་དམ། ཡོད་ན་གཙོ་བོ་དེ་ག་རེ་ཡིན་ནམ། ལྟ་བ། སྤྱོད་པ། འབྲས་བུ། ཡང་ན་གཞན་གྱི་ཆ་ནས།
༥༽ བོན་གྱི་བླ་མེད་རྫོགས་པ་ཆེན་པོ་དང་རྙིང་མའི་རྫོགས་ཆེན་གཉིས་ཀྱི་རྒྱུད་ཁུངས་མི་འདྲ་བ་ལྟར་ལྟ་སྤྱོད་ཀྱི་ཆ་ནས་ཀྱང་མི་འདྲ་བ་ཡོད་དམ། ཡོད་ན་གང་ཞིག
༦༽ དུས་རབས་བདུན་པའི་ཡན་བོད་དང་ཞང་ཞུང་རྒྱལ་ཕྲན་སོ་སོར་ཡིན་སྟབས། སྐབས་དེར་ཞང་ཞུང་ལ་ཡོད་པའི་ཤེས་རིག་དང་ལོ་རྒྱུས་རྣམས་བོད་ཀྱི་ཡིན་ཟེར་ཐུབ་བམ།
༧༽ ཉེ་ལམ་ལོ་ཤས་ནང་ཞང་ཞུང་མངའ་རིས་ས་ཁུལ་སོགས་ནས་བརྙེད་པའི་རྡོ་རྐོས་སྨར་ཡིག་དང་། གཟི་ཡིག དེ་བཞིན་བོན་དང་འབྲེལ་བའི་གནའ་རྫས་རིགས་ཡོད་པར་གོ་ཐོས་ལྟར། དེ་དག་གི་འདྲ་རིས་དང་པར་སློག་རྣམས་རྒྱ་ཆེའི་ཞིབ་འཇུག་པ་ཚོས་གཟིགས་ཐུབ་རྒྱུ་ཡོད་པ་ཞིག་ཡིན་ནམ།
༨༽ སྟོན་པའི་འདུལ་ཞིང་ཡུལ་ཆེན་བཅོ་བརྒྱད་སོགས་བཤད་སྐབས། ཁྲོམ་དང་། གེ་སར། འ་ཞ། གྲུ་གུ། ཁ་ཆེ། ལི་ཡུལ། ལྡོང་། མི་ཉག འཇང་སོགས་དེང་སང་ཡུལ་གྲུ་གང་ཞིག་ཏུ་ངོས་འཛིན་དགོས་སམ།
༩༽ མཁས་པ་འགས་བོན་དེ་འཛམ་གླིང་ནང་ཆོས་ལུགས་རྙིང་ཤོས་ཤ་མཱ་ནི་སིམ་ (Shamanism) དང་གཅིག་ཚུལ་གསུང་གི་ཡོད་ཀྱང་ཁྱེད་ལ་དེ་གཉིས་ལྟ་སྤྱོད་ཀྱི་ཆ་ནས་མི་འདྲ་བའི་རྒྱུ་མཚན་གསུང་རྒྱུ་ཡོད་དམ།
འདིར་དཔྱོད་ལྡན་སུས་བཀའ་ལན་གནང་ནའང་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ཡུལ་ཁྲིམས་དང་ཆོས་ལུགས་ཕན་ཚུན་འགལ་གཞིའི་རིགས་གླེང་ཚེ་མཆན་རྣམས་རྩ་བཀག་བྱ་རྒྱུ་ཡིན་པས་དེ་ལུགས་དགོངས་དབྱིངས་སུ་འཇགས་པར་མཁྱེན།།
རྩོམ་པ་པོ།:ཁུ་འཕངས། | བལྟ་ཀློག(774) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།གནའ་སྔ་མོའི་གཏམ་རྒྱུད།
- ཟིན་ཐོ་འོག་མ།དུས་རབས་དྲུག་པ་ནས་བཟུང་བོད་ཀྱི་སྐད་ཡིག་གི་འབྲི་རྒྱུན་ཡོད་པའི་མི་རིགས་ཁོ་ན་དེ་ཡིན་ཟེར།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།