སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཆུ་འཁོལ་གྲང་གི་ཕན་ཡོན། | 2016/10/10 14:32:00
ཆུ་འཁོལ་གྲང་གི་ཕན་ཡོན། སྤྱིར་བཏང་ཆུ་ཕོར་པ་ཁ་ཤས་བསྐོལ་རྗེས་ཁ་གཅོད་བརྒྱབ་སྟེ། ཁང་པའི་ནང་གྲང་མོ་བཟོས་ནས་བཏུངས་ན། ལུས་ཁམས་ལ་ཕན་ཡོན་ཆེན་པོ་ལྡན་ཡོད་པའི། ཆུ་དེར་རྒྱལ་ཁང་མང་པོས། ༼་་བསྐྱར་གསོའི་ལྷ་ཆུ། ་་༽་ཞེས་འབོད་ཀྱི་ཡོད། ཉི་ཧོང་གི་གསོ་རིག་མཁས་པས། བརྟག་དཔྱད་བྱས་པ་ལས་ཤེས་གསལ་ལ། ལོ་༦༠་ཡན་གྱི་རྒན་རྒོན་༤༦༠་ཡིས་ལོ་ལྔའི་རིང་། ཉིན་ལྟར་ཞོགས་པ་ཆུ་འཁོལ་གྲང་འཐུང་རྒྱུ། རྒྱུན་འཁྱོངས་བྱས་ཡོད་སྟབས། དེ་ཚོའི་ནང་གི་བརྒྱ་ཆ་༨༢་གི་གདོང་གཤིས་ལེགས་པ་དང་། སེམས་ཤུགས་ཆེ་བ། སོ་གྲལ་འགྲིག་པ། རིག་པ་གྲང་བ་བཅས་ཀྱི་མངོན་ཚུལ་ཡོད་པ་རེད། ཆེད་ལས་མཁས་པས་ཆུ་འཁོལ་གྲང་གི་ཕན་ཡོན་ལ། ཡང་བསྐྱར་ཞིབ་འཇུག་བྱས་ཙ་ན། མིས་མཚན་མོ་གཅིག་གཉིད་ཉལ་རྗེས། ཕོ་རྒྱུའི་ནང་གི་ཟས་རོ་རྣམས། གཙང་མར་སོང་ཡོད་པས། དེ་དུས་ཆུ་འཁོལ་གྲང་བཏུངས་ན། མགྱོགས་མྱུར་བསྡུ་ལེན་བྱས་ཏེ། ཟུངས་ཁྲག་སླ་རུ་འགྲོ་ཞིང་། ལུས་ཁམས་ཀྱི་དབང་པོའི་གྲུབ་ཆ་ཁག་ལ། གཙང་འཁྲུད་ཐེངས་གཅིག་ཡོང་གི་ཡོད། འོན་ཀྱང་ཆུ་འཁོལ་གྲང་དེ། སྣོད་ཀྱི་ཁ་གཅོད་ཕྱེ་ནས། མཁའ་རླུང་འགྲོ་སར་ཡུན་རིང་འཇོག་མི་རུང་སྟེ། གངས་ལགས་ཤེ་ན། ཡུན་རིང་མཁའ་རླུང་རྒྱུགས་སར་བཞག་ན། རླུང་གཟུགས་ཡང་བསྐྱར་ཆུ་ནང་བཞུར་ནས། སྐྱེ་དངོས་བསྐྱར་གསོའི་ནུས་པ་ཡལ་གྱི་ཡོད་པའི་རེད།། །། བོད་ལྗོངས་ཉིན་རེའི་ཚགས་པར་ལས་དྲངས། 




དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.