སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕ་རྒན་དྲན་པ། | 2016/6/19 15:24:00
ཡབ་ཆེན་དུས་ཆེན་ཉིན་ཕ་རྒན་དྲན་པ།་་་ཨེ་མ་ཡབ་ཆེན་ལགས། ཁྱེད་ཉིད་ཀྱི་དཀའ་སྡུག་གི་རྒྱུད་པས་མི་ཚེ་དེ། བུ་སྡུག་ངས་དྲན་ཐེངས་རེ་ལ་ཤུགས་རིང་རེ་ཤོར། ཨེ་མ་ཡབ་ཆེན་ལགས། ཆུང་དུས་ཕ་ཡི་སྐྱུར་ནས་མ་བུ་གཉིས་འཚོ་གོས་ཀྱི་དཀའ་སྡུག་མྱང་། ཨེ་མ་ཁྱེད་ཀྱི་མ་ཡུམ་གྱིས་དགེ་རྒན་ལ། གླ་ཆ་སྤྲད་དེ་ཡོན་ཏན་བསླབས། ཁྱེད་ཀྱི་བློ་ལ་སྨྲ་བའི་སེང་གེ་ཞུགས་ཏེ། ཤེས་རབ་ཀྱི་མེ་ཆེན་འབར། རི་ཁྲོད་དགོན་དུ་ཉམས་ལེན་བྱས་ཤིང་། རྩེ་དྲུག་དགོན་དུ་སྒྲུུབ་གྲྭར་ཞུགས། ཁྱེད་ནི་མེ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས། བསྐྱེད་བསྲིངས་མཛད་ཅིང་། རྩེ་དྲུག་སྒྲུབ་མཁན་སྨོན་ལམ་གྱི་མི་གྲལ་ཕུད། ཨེ་མ་ཁྱེད་ཉིད་རྩེ་དྲུག་ནས་སྒྲུབ་གྲྭར་ཐོན་ཏེ། སླར་ཡང་ཤེས་བྱ་བདག་མེད་ལ་སློབ་གཉེར་གྱིས། བདག་འཛིན་མཁས་གྲུབ་ཅིག་འབྱུང་རེ་ཆེ་སྐབས།  ཆུང་དུས་སྒོ་ལ་ཕུད་མཁན་ཕ་རྒན་དང་། ཡབ་གཞིས་ཀྱིས་ཁྱེད་ཉིད་བདག་པོ་བྱས་ཏེ། ཡུལ་དགོན་གྱི་བདག་པོར་བསྐོས། དཀོར་ནོར་གྱི་ཆེད་དུ་ལྷོ་བྱང་གང་སར་བཏངས། ཨེ་མ་དེ་ནས་ཡང་། བསོགས་བསོག་གི་ནོར་ནི། གཞན་ལ་བགོས། མངའ་བདག་ཆེ་མོ་ཞེས་པའི་དབུ་ཞྭ་རྐོན་ཞིང་མཚན་གནས་བརྩལ། ཕ་གཞིས་ལས། སླར་ཡང་སྒོ་རུ་ཕུད་དེ། ངལ་རྩོལ་ལ་བསྒྱུར་བཀོད་བྱས། རིག་གསར་སྐབས། དཔེ་ཆ་ནི་མེ་ལ་བསྲེགས། ས་གཞིས་ཁང་གསུམ་ནི། དཔུང་གི་བཅོམས། རྩ་ཆེའི་རྟེན་གསུམ་ནི། ཆུ་ལ་སྐྱུར། མེ་ལ་བསྲེགས། གཉེན་ཉེ་དང་ཡུལ་མི་ལ་ཁ་གྲགས་མི་ཆོག་་་་འཐབ་རྩོད་དང་བརྡུང་རྡེགས་ནི། ཚད་མེད་བཏང་། ་བླ་མ་ཞེས་བཙོན་ལ་བཅུག་་་་་ལོ་མང་རྗེས་བཙོན་ལས་ཐར་རྗེས་ཁྱིམ་གཞིས་བཅས། ཡང་ཕྲུ་གུ་ཚོར་སྐར་མ་མེད་ལ་ཉར་མིའང་མེད། ཁྱེད་ཕ་མ་གཉིས། སྐར་མའི་ཆེད། ནམ་ཉིན་ལྟོས་མེད་ངལ་རྩོལ་བྱས། སླར་ཉི་མ་ཤར་ཆོས་དད་རང་མོས། ཨེ་མ་ཁྱེད་ཀྱིས་དགོན་པ་ཞིག་གསོའི་ཆེད་དུ་འབད་བརྩོན་ལོ་མང་བྱས་ཀྱང་། ཤོག་ཁའི་ལ་རྒྱའི་དགོན་པ་རྒྱག་ས་རྩོད་གཞི་ཆེ། དེའི་ནང་ལ་བླ་མཁན་མིང་འཛིན་མང་པོའི་ལྐོག་གཡོ་ངན་ཇུས་མང་ཚོགས་གསེངས་དུ་སྡོངས། མཐར་གཞན་བསྟུན་བྱས་ཏེ། ཡུལ་དགོན་དེ་ནི། མོས་པ་མེད་བཞིན་རི་རྩེར་བཏབས། ལྷ་བླའི་ལུང་བསྟན་ཡོད་སར་གནས་སྤོ་དགོངས་བཞིན་ཞིང་ལ་ཕེབས། ཕ་ཡི་དགོངས་བཞེད་བུ་ངས་བཙན་གྱིས་སྒྲུབ་པས་ནག་ཕྱོགས་ཀླུ་བདུད་བཙན་རྣམས། སྡུག་གི་མུན་པ་འཁྲིགས། ནག་ཕྱོགས་འབྱུང་པོ་ལྐོག་ཏུ་ཁ་མཐུན་བྱས་ཏེ། བུ་ང་ལྔ་ལམ་བརྫངས་རྒྱུའི་འཆར་གཞི་བཀོད། མ་ཚད་ཕྲག་དོག་ཆེ་བས་གཅུང་པོ་དེ་འང་ནག་ཕྱོགས་དགྲ་ཡི་རྐང་པར་མགོ་བོ་འདུད། ཆུང་ནས་སྐྱོང་པའི་ཚ་བོ་སོགས་ཀྱང་དགྲ་ལ་སྐྲགས་ནས། ཕྱི་ནང་བརྗེ་བའི་བྱ་བ་སྒྲུབས་ཏེ། དགྲ་བོ་ངོ་དམར་ངོ་སོ་བསྟོད། ལྟོས་དང་ལྟོས་དང་ནག་ཕྱོགས་འབྱུང་པོ་གཡང་གཟར་སྟེང་ནས་ལྷུང་ལ་ཉེ་ཞིང་། ཁྱི་སྤྱང་ཚོགས་ཀྱང་སྐད་ངན་ཤོར་བཞིན་མགོ་བོ་མི་ཡི་འོག་ཏུ་འདུད། བདེན་པའི་བདེན་མཐར་རྫུན་དང་ཁ་བདེའི་འགོག་ནུས་མིན།།ཤར་མར་བྲིས་ཏེ་སྤེལ་དོན་མེད་མི་ལ་མི་ཕོག་པའི་རེ་བ་ཆེ།་་་་
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.