སྨྱོན་པའི་ལོ་ཐོ་གོང་མཐུད། དེ་ནས་ཕྲན་གྱིས་ཕྱི་དྲོ་ཡི་གེ་དེ་ཚོ་མར་སུབ་པ་ཡིན། དེར་མཁན་པོ་གཉིས་ཀྱིས། ཚོགས་འདུར་བརྡ་ཆ་རྒྱབ་ས་ནི། ཁོང་གཉིས་ཀྱི་ཉེ་ཡ་དང་། ངས་མགོ་རྡོ་རྒྱག་མཁན་གྲས། སྒྲུབ་གྲྭ་བའི་ཁྱིམ་མི་བཅས་ལ། བརྡ་ཆ་རྒྱབ་ནས། ཁོང་གཉིས་ཀྱིས་བསམ་འདུན་སྒྲུབ་ཐུབ་པས་རེ་བ་བྱས་འདུག་དཔེར་ན། ཕྱི་དྲོ་རུ་ཁག་ཚང་མ་ནས། མཁན་པོ་གཉིས་ཀྱིས། བརྡ་ཆ་རྒྱབ་པས་མི་གཉིས་རེ་དང་། འགོ་ཁྲིད་ཁ་ཤས་སླེབས་ཡོད་པ་ཐོས། འཐུས་མི་དེ་ཚོ་ལས་གྲོང་ཚོ་དང་པོ་ལས། འདན་ཁུག་བསྟན་པ་དང་། བེ་རི་རྒྱ་མཚོ། གཉིས་བོས་འདུག་པས། འདན་ཁུག་བསྟན་པ་ནི། ཡེ་ཤེས་རབ་གསལ་གྱི་ཚ་བོ་དང་། མཁན་བསམ་གཏན་དགེ་ལེགས་ཀྱི་ཨ་ཞང་རེད་ལ། ཕྲན་ལ་འཁྲུག་རྩོད་རྒྱག་མཁན་གཙོ་བོ། སྒྲུབ་གྲྭ་བ་ནམ་མཁའ་ཡེ་ཤེས་ཀྱི་ཕ་རྒན་རེད། བེ་རི་རྒྱ་མཚོ་ནི། འདན་ཁུག་བསྟན་པའི་སྲིང་མོའི་བཟའ་ཟླ་རེད་ལ། སྒྲུབ་གྲྭ་བ་ཀུན་བཟང་རྒྱལ་མཚན་གྱིས་ཕ་རྒན་རེད། གྲོང་ཚོ་གཉིས་པ་ནས། གཞི་སོང་རྒྱལ་མཚན་དང་། བླུག་པ་ཨོ་ཀྲུག་གཉིས་སླེབས་བོས་པས། གཞི་སོང་རྒྱལ་མཚན་ནི། ཡེ་ཤེས་རབ་གསལ་གྱི་ཚ་བོ་དང་། མཁན་བསམ་གཏན་དགེ་ལེགས་ཀྱི། ཨ་ཞང་འདན་ཁུག་གི་ཉེ་ཡ་་རེད་ལ། གྲྭ་སྨོན་ལམ་ཕུད་ཚོགས་ཀྱི་གཅེན་པོ་རེད། བླུག་པ་ཨོ་ཀྲུག་ནི་མཁན་པོ་བསམ་གཏན་གྱི་། སྲིང་མོའི་བཟའ་ཟླ་དང་། ཡེ་ཤེས་རབ་གསལ་ཁྱིམ་ཚང་གི་མནའ་མའི་མིང་པོ། སྒྲུབ་གྲྭ་བ་གྲྭ་ཤེས་རབ་བསྟན་འཛིན་གྱི་ཕ་རྒན་རེད། རུ་ཁག་གསུམ་པ་ནས། འཛོམ་ཆུང་བསོད་ནམ་འགྱུར་མེད་བོས་འདུག་ཀྱང་། ཚོགས་འདུ་ནང་དོན་ཤེས་རྗེས། ཡི་གེ་མ་བྲིས་པར་ཕྱིན་སོང་བ་དང་། དེ་རྗེས་གྲོང་ཚོ་གསུམ་པར། ཚོགས་འདུ་ཐོག་འོང་དགོས་པས། བརྡ་ཆ་ག་ཚད་རྒྱབ་ཀྱང་། འགོ་ཁྲིད་དང་འཐུས་མི་སུ་གཅིག་ཀྱང་། རྩ་བ་ནས་སླེབས་མ་སོང་། གྲོང་ཚོ་བཞི་པ་ནས། ཨ་ཉོག་ཨ་ཀྲུག་དང་། བསོད་ནམ་ཚེ་དབང་གཉིས་སླེབས་འདུག་པས། ཁོང་གཉིས་ནི། གཉེར་ཚེ་དབང་གི་གྲོགས་པོ་རེད། རི་ཁག་ལྔ་པ་ནས། འབོ་དགེ་ཚེ་དབང་དང་། མཐོ་པོ་བུ་གཉིས་བོས་འདུག་པས། འབོ་དགེ་ཚེ་དབང་ནི། མཁན་པོ་གཉིས་ཀྱི་ཉེ་ཡ་འདན་ཁུག་གི་བུ་མོའི་བཟའ་ཟླ་རེད་ལ། མཐོ་པོ་འང་དེ་བཞིན་ཁོང་གཉིས་ཀའི་ཉེ་ཡ་རེད། དེ་ཚོར་ཚོགས་འདུ་འཚོགས་ནས་དོན་ཚན་མང་པོ་ཞིག་བསྒྲགས་ཡོད་པ་དང་། བསམ་ཚུལ་ཡི་གེ་བྲིས་ནས། མིང་རྟགས་བཀོད་དགོས་པ་བཀའ་གནང་བ་ཐོས། མང་ཆེ་བས་ཡི་གེ་མཁན་པོ་གཉིས་ལ་འབྲི་རོགས་ཞུས་ནས། མིང་རྟགས་ཁོ་ཚོ་སོ་སོས་བཀོད་ཡོད་པ་ཐོས།
ཕྱི་ཉིན་འགོ་ཁྲིད་དང་གྲྭ་པ་འགའ་ཤས་བཅས། འདུས་སྐབས། ཅུས་ཀྲང་དང་། ཧྲུའུ་ཅུའུ། ཀྲིའུ་པུ་བཅས་ཀྱིས། གསུང་བཤད་གནང་སོང་ལ། ནང་དོན་ནི། ང་ཚོ་ཕན་ཚུན་འཚང་འདྲུ་རེས་བྱེད་དེ། དགོན་པའི་དཔལ་འབྱོར་སུས་ལྐོག་ཟ་བྱས་པ། དངོས་སུ་ངོས་ལ་ཐེར་འདོན་དགག་རྒྱག་བྱེད་ཚུལ། བཀའ་གནང་སོང་། གཞན་ནི་སུ་ཡང་སྐད་ཆ་བཤད་མཁན་མི་འདུག་དེར། དེར་ཕྲན་གྱིས་ང་འགྲོ་མཁན་ཞིག་གིས། ཁོང་རྣམ་པ་གཞན་ལ་ཅི་ཡང་བཤད་རྒྱུ་མིན། ངས་དེ་སྔོན་དགོན་པའི་དཔལ་འབྱོར་ལྐོག་ཟ་བྱས་པ་མེད། གལ་སྲིད་ཟོས་སོང་བསམ་མཁན་ཡོད་ན། ཐེར་འདོན་བྱེད་རོགས། མ་གཞི་དེ་སྔའི་དགོན་པའི་དཔལ་འབྱོར། གཏོང་ཡོངས་རྩིས་ཞིབ་ཕྲ་གཏུག་ན། སུས་ལྐོག་ཟ་བྱས་མིན་གསལ་ཡོང་རྒྱུ་རེད། ལབ་ནས་དཔལ་འབྱོར་གཏོང་ཡོངས་ཀྱི་རྩིས་ཐོ་སོགས་ཕུལ་བ་ཡིན། དེ་ནས་སྔ་ཕྱི་གཉེར་པ་རྣམས་དང་། དངུལ་གཉེར་བཅས་རུགས་རྗེས། རྩིས་གཏུག་འགོ་བརྩམས་པ་དང་། ཅུས་ཀྲང་ནོར་བུ་ཕྱིན་སོང་། དེར་ཧྲུའུ་ཅུའུ་ཉི་མ་གྲགས་པས། དགོན་པའི་དཔལ་འབྱོར་རྩིས་གཏུག་དགོས་མིན། ཚང་མ་གྲོས་བཟོ་དགོས། ཚང་མས་རྩིས་གཏུག་དགོས་ཟེར་ན་གཏུག་ དེ་མིན་དོན་མེད་སྙོགས་སྒྲ་རེད་ལབ་བྱུང་བ་དང་། མཁན་པོ་བསམ་དགེས། དེ་སྔོན་ལོ་རེ་རེ་བཞིན། རྩིས་གཏུག་བསྡད་པ་རེད། ངས་བལྟས་ན་ད་རུང་རྩིས་གཏུག་མ་གཏུག་ ཁྱད་པར་ཅི་མི་གདའ་བསམ་ལབ་སོང་ལ། དེ་ནས་དཔལ་མཆོག་དང་། ཡེ་ཤེས་རབ་གསལ་སོགས་ཀྱིས། དེ་རེད་རྩིས་གཏུག་དགོས་དོན་མི་འདུག་ལབ་སོང་། དེར་ཕྲན་གྱིས་༢༠༡༡་ལོ་ཚུན། ནས། ད་བར་དུ་དཔལ་འབྱོར་གཏོང་ཡོངས། ཁྲི་བརྒྱ་ཕྲག་གསུམ་ལྷག་ཙམ་བྱས་པ་རེད་ལ། དངུལ་གཉེར་ཡང་བརྗེས་པ་རེད། དེ་ཚོ་ཚང་མ་རྩིས་གཏུག་རྒྱུ་ལུས་བསྡད་པ་རེད་ལབ་པ་ཡིན། དེ་ནས་མཁན་པོ་གཉིས་ཀྱིས། ༢༠༡༡་་ལོ་ནས་ད་བར་དུ། དངུལ་གཉེར་ཚུལ་ཉི་དང་ཚེ་དབང་རེད། ད་རུང་གཉེར་པ་གཞན་ཡང་ཡོད་རེད། ཨ་ཞང་བློ་གྲོས་ཡང་ཡོད་རེད། ངེད་གཉིས་ཀྱི་གཏོང་ཡོང་བྱས་པ་ཡོད་རེད། ཁོང་རྣམ་པ་ཚང་མས་རྩིས་གཏུག་རོགས་ལབ་མ་སོང་བས། ད་ལྟ་རྩིས་གཏུག་དགོས་དོན་མི་གདའ། ལབ་བྱུང་བས། དེར་ཧྲུའུ་ཅུའུ་ནས། མང་ཆེ་བས་རྩིས་གཏུག་དགོས་པས་རེ་བ་མི་འདུག་པས། ད་ཐེངས་རྩིས་གཏུག་རྒྱུ་མིན་ལབ་བྱུང་། དེར་མཁན་པོ་བསམ་གཏན་དགེ་ལེགས་ཀྱིས། ཕྲན་ལ་ཁྱོད་ཀྱི་ག་དུས་ཡིན་ན་རྩིས་གཏུག་དགོ་རང་བཤད། ད་རྩིས་ཐོ་དེ་མེ་ལ་བུད་ཐོངས་ཟེར་བྱུང་བས། ངས་འོ་ཡ་ལབ་ནས་མེ་ལ་བསྲེགས་རྩིས་བྱེད་སྐབས། ཧྲུའུ་ཅུའུ་ཉི་མ་གྲགས་པས། ཁྱེད་ཚོས་རྩིས་ཐོ་ཉར་ར་གྱིས། མེ་ལ་བསྲེགས་མ་གཏོང་། ཉར་སྡོད་ཟེར་ནས། ཚོགས་འདུ་གྲོལ་སོང་། དེ་ནས་ཕྱི་དྲོ་ཡང་འགོ་ཁྲིད་རྣམས་འབྱོར་ནས། ཚོགས་འདུ་སྐབས། ཅུས་ཀྲང་ནོར་བུས། ཕྲན་ལ་བླ་མ་ཁྱོད་ད་དགོང་པ་ཞུ་ངེས་། ཨེ་ཡིན་བསམ་བློ་ཐོངས་ལབ་བྱུང་བས། ད་དགོང་པ་ཞུ་རྒྱུ་གཏན་འཁེར་ཡིན་ལབ་པ་ཡིན། ཅུས་ཀྲང་གིས་ད་རུང་ཡི་གེ་གསུམ་བྲིས་ནས། མིང་རྟགས་བཀོད་ཤོག། གཅིག་དགོན་པ་དོ་དམ་པ་དང་། གཅིག་ཤང་། གཅིག་རྫོང་ཆོས་དོན་ཅུས་ལ། འབུལ་དགོས་ལབ་པ་ལྟར། ཕྲན་གྱིས་ཡི་གེ་བྲིས་ཏེ་ཕུལ་བ་ཡིན། དེར་ཚོགས་འདུ་ཐོགས་སྐད་ཆ་བཤད་མཁན་མེད་པས། ཚོགས་འདུ་གྲོལ་ནས་སང་ཉིན། རྫོང་ཏང་དང་སྲིད་གཞུང་ལ། སྙན་ཞུ་འབུལ་དགོས་ཟེར་ནས་ཕྱིན་སོང་།
- ཟིན་ཐོ་གོང་མ།སྨྱོན་པའི་ལོ་ཐོ།་་1
- ཟིན་ཐོ་འོག་མ།སྨྱོན་པའི་ལོ་ཐོ་3