སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།་་1 | 2015/4/29 10:28:00
སྨྱོན་པའི་ལོ་ཐོ་ཟིན་ཐོ་སྔོན་ནས་བཀོད་ཟིན་ཀྱང་། ད་བར་གློག་གླད་ཐོག་བཀོད་མ་ཁོམ་པར་ལུས་སོང། ད་ལྟ་དཔྱིད་ཉི་རིང་མོ་བེད་སྤྱོད་དེ་བྲིས་པ་ཡིན། སྨྱོན་པའི་ལོ་ཐོ་གོང་མཐུད། དེ་ནས་འདིས་བསྐོར་གནས་ཚུལ་དྲྭ་བ་ལ་སྤེལ་རྗེས། ཉིན་ཞིག་དགོན་པའི་བླ་གྲྭ་ཚང་མ་དགོན་པར། འདུས་དགོས་ཞེས་བརྡ་ཆ་རྒྱབ་ཀྱི་འདུག་ལ། ཕྱི་ཉིན་རྗོང་ཆོས་དོན་ཅུས་ནས། ཅུས་ཀྲང་ནོར་བུ་དང་། ལས་བྱེད་བུ་མོ་གཉིས། བུ་གཅིག་བཅས་དང་། ཞེ་གཞུང་ཤང་ནས་ཧྲུའུ་ཅུའུ་ཉི་མ་གྲགས་པ་དང་། ལས་བྱེད་བུ་མོ་གཉིས། ལྷ་མཐོང་ཚུན་ནས་ཀྲི་པུའུ་རྣམ་རྒྱལ་དང་། ཚུན་ཀྲང་ཨ་ར། ཚུན་བཅས་སྡོད་ལས་བྱེད་གཅིག་བཅས་དགོན་པར། སླེབས་བྱུང་ལ། དགོན་པ་ནས། མཐའ་ཞུ་བླ་མ་དཔལ་མཆོག་དང་། མཁན་པོ་བསམ་དགེ་ཚུལ་ཁྲིམས་ཉི་མ། ཡེ་ཤེས་རབ་གསལ། བཟོད་པ་སོགས། གྲྭ་པ་ཁ་ཤས་འབྱོར་བ་དང་། འཚོགས་འདུ་ཚོགས་སོང་། སྐབས་དེར་ཅུས་ཀྲང་ནོར་བུས། སྔོན་ནས་ཕྲན་གྱིས་དྲྭ་བར་སྤེལ་བས། ཡི་གེ་ལས། ༼་་ སྔོན་མ་ནས་གྲོས་བྱས་ཏེ། ཕྲན་བརྡུང་རྒྱུའི། འཆར་གཞི་འཇོག་མཁན་ནི་་་་༽༽ཞེས་པ་ནས་ ༼༼་་་ཡར་ཤོག་ལབ་ནས་བཀའ་ཐིང་མང་བཏང་བྱུང་་༽༽ཞེས་པའི་བར་ཤོག་སྡབ་དྲུག་སྤར་གདབ་སྟེ། ཁུར་འདུག་པ་དེར། ཕྲན་ལ་སྟོན་ཙམ་བྱས་ནས། ་ཁ་སོང་ཞེ་གཞུང་ཤང་གིས་ཡི་ཆ་ཞིག་ སྟེང་ཆེན་རྫོང་སྲིད་གཞུང་དང་། ཏང་ཨུད་ལ་ཕུལ་འདུག་པས། རྫོང་ཏང་དང་སྲིད་གཞུང་གིས། དེར་མཐོང་ཆེན་བྱས་ཏེ། ང་ཚོ་ལ་དོན་དེར་བརྟག་དཔྱད་དང་། ཐག་གཅོད་བྱེད་དགོས་པས་བཀའ་མངག་བཞིན། དེ་རིང་འདིར་ཡོང་བ་ཡིན་པས། ཁྱེད་རྣམ་པའི་བཤད་རྒྱུ་གང་ཡོད་ན། ད་ལྟ་བཤད་ཆོག་ཡི་གེ་འདི་ངས་མར་འདོན་རྒྱུ་ཡིན་པས། ཁྱེད་ཚོས་ཉན་རོགས་ཟེར་སོང་། བཏོན་ཚར་རྗེས། སྤར་གདབ་པས་ཡི་གེའི་ནང་འཁོད་པ་ནི། ཀྲུའུ་རིན་ལྷག་པའི་སྐོར་དེ་རེད་འདུག་ལ། ཡི་གེའི་ནང་དོན་རེ་རེ་བཞིན་ར་སྤྲོད་དགོས་ལབ་བྱུང་བས། ཕྲན་གྱིས། ཀྲུའུ་རིན་ལྷག་པས་དོན་དངོས་ལ་རྫུན་བཟོ་བྱས་ཚུལ་དང་། ཤ་མར་ཆང་རག་ལ་ངོ་གཡར་ནས། ཕྲན་ལ་ཉིན་ལྟར་ར་གཟི་སྐྱུར་འགོང་བྱས་ཚུལ་སོགས། ར་སྤྲོད་ནས་བཤད་པ་ཡིན། དེ་ལ་ཀྲུའུ་རིན་ལྷག་པའི་ཁས་བླང་སོང་མོད། ཧྲུའུ་ཅུའུ་ཉི་མ་གྲགས་པས། ད་ལྟའི་དུས་རབས་འདི་ལ། འགོ་ཁྲིད་ཀྱིས་བྱ་སྤྱོད་འདི་ཙམ་དང་། ཤ་མར་ཆང་རག་དེ་ཙམ་ལེན་པར། སྒྲིགས་འགལ་ཁྲིམས་འགལ་མ་རེད། ད་ལྟའི་དུས་རབས་འདི་ལུགས་སྲོལ་རེད། བླ་མ་ཁྱེད་ཀྱིས་ཀྲུའུ་རིན་ལྷག་པ་སོགས། དགོན་པ་དོ་དམ་པར་ཁ་གཏད་རྒྱབ་པ་དང་། དེའི་སྐོར་ཕྱི་ལ་བསྒྲགས་པ་དེ། སྒྲིགས་འགལ་རེད། གང་ཡིན་ཟེར་ན། དོན་དེ་ཕྱི་མིའི་ཁག་བཏག་ས་བྱས་ན། སྐད་ཆ་འདྲ་མིན་བཤད་འོང་ན། ཁྱེད་རང་དགོན་པ་དོ་དམ་པ། བཀག་འགོག་བྱེད་མཁན་གྲས་ལ་འགྱུར་གྱི་རེད། ཁྱོད་ཀྱིས་ཕྱི་དྲོ་ཚོགས་འདུ་གྲོལ་ཚར་བ་དང་སོང་ནས། དེ་སྔ་སྤེལ་བས་ཟིན་ཐོ་ཚང་མ་སོབ་དགོས་པ་དང་། རྗེས་སུ་དེའི་སྐོར་དྲྭ་བར་སྤེལ་མི་ཆོག་ལབ་བྱུང་། དེ་མཚམས་ཡེ་ཤེས་རབ་གསལ་སྐོར་དྲིས་བྱུང་བས། དེ་ཡང་ཡེ་ཤེས་རབ་གསལ་དུས་རྒྱུན། ཁྱིམ་ལ་བསྡད་པ་དང་། ཁྱིམ་ལ་རོགས་བྱས་ཚུལ་སོགས། དོན་རེ་རེ་བཞིན་ར་སྤྲད་པས། ཡེ་ཤེས་རབ་གསལ་གྱིས། ངས་ཁྱིམ་ལ་རོགས་བྱས་པ་ཡིན། ཁྱོད་ལྟ་བུ་ཁྱིམ་ལ་རོགས་པ་མི་བྱེད་མཁན། བླ་གྲྭ་སུ་ཡོད་ཟེར་ནས་ཁས་ལེན་སོང་། དེ་མཚམས་མཁན་པོ་བསམ་གཏན་དགེ་ལེགས་ལ། ཅུས་ཀྲང་ནོར་བུས། ཁྱེད་ཀྱི་སྔོན་མ་དགོན་པའི་འབུ་བརྒྱད་བརྒྱ། བོར་སོང་ཟེར་ནས་དགོན་པར། འབུ་སློང་མོ་བྱས་པ་མ་སྤྲད་པ་རེད་ཐོས་སོང་། དེ་བདེན་པ་ཨེ་རེད་དྲིས་སོང་བས། མཁན་པོ་བསམ་གཏན་དགེ་ལེགས་ཀྱིས། དེ་བདེན་པ་རེད་ལབ་ནས་ཁས་བླང་སོང་། དེ་ནས་ཅུས་ཀྲང་ནོར་བུས། བླ་མ་ཁྱོད་ལ་ཅི་ཤོད་རྒྱུ་ཡོད་ན་ད་ཤོད་ཤོག་ལབ་བྱུང་བས། དེར་ཕྲན་གྱིས། དེ་སྔ་བླ་མ་མཁན་པོ་དམ་པ་དེ་གཉིས། སྐུ་གཤེགས་རྗེས་ལོ་ངོ་གསུམ་ཙམ་ལ། མཁན་པོ་བསམ་དགེ་དང་། དབུ་མཛད་ཡེ་ཤེས་རབ་གསལ་གཉིས་ཀྱིས། འགན་ཁུར་བ་རེད། སྐབས་དེ་དུས་ཡེ་ཤེས་རབ་གསལ་གྱིས། ཡོན་བདག་གི་མགོ་ལ་གྲི་རྒྱབ་པས་རྐྱེན་བྱས། དེ་སྔའི་དགོན་པའི་འཚོགས་དུས་མཆོད་ཆད་སོང་བ་རེད་ལ། ཁོང་རྣམ་གཉིས་དགོན་པར་རྩ་བ་ནས་མ་བསྡད་པས། དགོན་པར་བླ་གྲྭ་གཅིག་ཀྱང་བསྡད་མཁན་མེད་པས། དགོན་པ་ག་དུས་འགྱེལ་བ་མ་ཤེས་པར། དགོན་པའི་འདུ་ཁང་ཕུགས་ནས་འགྱེལ་ཏེ། བསྐྱར་གསོ་མ་ཐུབ་པར། ལུས་སྐབས། ཕྲན་དགོན་པའི་བླ་མ་བྱེད་རོགས་ཟེར་ནས། ཀྲུའུ་རིན་ལ་བསྐོ་བཞག་བྱས་ཏེ། དགོན་པའི་འགན་ཡོངས་རྫོགས་ཕྲན་ལ་བཀལ་བྱུང་། ཕྲན་གྱིས་དགོན་པའི་འགོ་ཁྲིད་དེ། ཚེགས་དཀའ་ལས་རྒྱག། དཔལ་འབྱོར་གཏོང་སྟེ། དགོན་པ་བསྐྱར་གསོ་བྱས། ཚོགས་དུས་མཆོད་སླར་གསོ་བྱས། དགོན་པར་བླ་གྲྭ་སྡོད་མཁན་ཡོད་པ་བྱུང་བ་རེད་ལ། དེ་ནས་དགོན་པར་སྒྲུབ་གྲྭ་ཚུགས་པ་དང་། དཔལ་འབྱོར་ཡོད་པ་སོགས། ད་ལྟའི་རྣམ་པ་འདི་བྱུང་བ་རེད། ང་དགོན་པ་བསྡད་ནས་ད་བར། དགོན་པའི་སྤྱི་རྒྱུ་ལྐོག་ཟ་བྱེད་མ་མྱོང་ལ། དགོན་པ་འདི་ལ་བློ་གཅིག་སེམས་གཅིག་གིས། ལས་དཀའ་བྱས་པ་ཡིན། འོན་ཀྱང་ལས་རྒྱུ་འབྲས་ལ་རྩ་བ་ནས་མི་བརྩི་མཁན། མི་ཁག་གཅིག་གིས་ཕྲན་ལ། མ་ཉེས་ཁ་གཡོག་འགབ་པ་དང་། གསོན་མིག་ཐལ་འགབ་བྱེད་དེ། མངོན་སུམ་ལ་བདེན་རྫུན་གོ་ལྡོག་པའི་སྐད་ཆ་བཤད་པ་དང་། དཀྲུག་གཏམ་བཟོས་པའི་མ་ཚད། དགོན་པར་རྩ་བ་ནས་བློ་བདེ་བག་ཕེབས་བྱེད་དེ། དགེ་བ་སྒྲུབ་ནས་སྡོད་རྒྱུ་ཕར་ཞོག་དགོན་པ་འདིར་བསྡད་ན། ཐ་ན་གྲི་ཤི་འགྲོ་རྒྱུ་གཏན་གཏན་རེད་འདུག་པས། དེ་ལས་ཕྲན་དགོན་པ་འདི་ནས། དགོངས་པ་ཞུ་རྒྱུ་ཡིན། འགྲོ་ཁར་རེ་བ་ཞུ་རྒྱུ་ལ། ངས་དེ་སྔོན་དགོན་པར་བཞག་པས། དཔལ་འབྱོར་དངུལ་ལ་ཕབ་དགོས་ན། ཁྲི་བརྒྱ་ཕྲག་ལས་ཚད་ས་མེད་ཀྱང་། ཕྱི་ལ་དྲིལ་བསྒྲགས་རྒྱུ་ལ། ངས་དགོན་པའི་དཔལ་འབྱོར་ལྐོག་ཟོས་བྱས་པ་རེད་ཟེར་བ་ཐོས་པས། དེ་སྔ་ངས་དགོན་པའི་འགན་ཁུར་ཚུན་ནས། ད་ལྟ་བར་གྱི་དཔལ་འབྱོར་རྩིས་ཐོ་ཉར་ཡོད་པས། འདི་ལ་རྩིས་ཞིབ་ཕྲ་ཞིག་གཏུག་རོགས། དེ་ནས་དགོན་པའི་དཔལ་འབྱོར། སུས་ལྐོག་ཟོས་བྱས་ཡོད་མེད་གསལ་པོ་ཤེས་རྒྱུ་རེད། གཉིས་པ་ནས་ཕྲན་དགོན་པ་ནས་དོན་དེ། མཚམས་ལ་འདུག་བསམ་པས། མཚམས་ཁང་རྒྱག་སའི་ས་ཆ་དང་། དགོན་པ་ནས་དཔལ་འབྱོར་ཏོག་ཙམ་སྤྲད་རོགས་ཞུ་རྒྱུ་དང་། དགོན་པ་ནས་གྲྭ་ཐོ་མི་འཐེན་པར་བཞག་རོགས་ཞུ་རྒྱུ་བཅས་ཡིན། མ་ཚད་ང་ན་ནིང་ཁྱུང་གཉིས་ལ་སོགས་ལ། སློང་མོ་སོང་བས། མར་སྲོ་རྗེ་ཚད་ཀ་དང་། ཕྱུར་ར་སྲོ་རྗེ་གཉིས་གཉེར་ཚེ་དབང་ལ་རྩིས་སྤྲད་པ་ཡིན་ལ། འབྲུ་རིགས་རྒྱ་མ་སུམ་སྟོང་ཙམ། དགོན་པར་བཞག་པ་ཡིན་ཀྱང་། གཉེར་པས་མར་ཕྱུར་རྩིས་སྤྲད་མ་བྱུང་ཞེས་ལབ་ཡོད་པ། ངས་གོ་ཐོས་བྱུང་ལབ་པ་ཡིན། དེར་གཉེར་ཚེ་དབང་གིས། འབྲུ་རིགས་དགོན་པར་བཞག་འདུག་པ་ལས། མར་དཀར་རིལ་ཁ་ཤས་དང་། ཕྱུར་ར་སྲོ་རྗེ་གང་ལས་སྤྲད་མ་བྱུང་ཞེས་ལབ་ནས། ཁོས་དོན་དངོས་ལ། མིག་ཕར་གཅེར་ཚུར་གཅེར་བལྟས་བསྡད་ཀྱང་། གསོན་མིག་ཐལ་འགབ་བྱས་བྱུང་། དེར་ངས་ན་ནིང་ཁྱུང་གཉིས་ལ་ནས་ལྡོམ་བུ་བྱས་པ། མར་སྲོ་རྗེ་ཚད་ཀ་ལྷག་དང་ཕྱུར་ར་སྲོ་རྗེ་གཉིས་སྤྲད་པ་ཡིན། དེ་གཉེར་པ་ཁྱོད་ཀྱིས། ལྐོག་ཟོས་བྱས་པ་རེད་ལབ་པ་ཡིན། དེར་ཅུས་ཀྲང་གིས། དེ་དུས་ཁྱེད་གཉིས་མིན་པ་སུ་ཡོད་དྲིས་བྱུང་བས། ཁོས་ངེད་གཉིས་མིན་པ་སུ་མེད་ལབ་སོང་། ཅུས་ཀྲང་ནོར་བུས། ཁྱོད་གཉིས་དེའི་སྐོར་རྩོད་མ་ཡོང་། དེ་དོན་དག་ཆུང་ཆུང་རེད། ད་བླ་མ་ཁོས་དགོན་པའི་བརྟན་རྩ་དང་སློང་མོ་བྱས་པ་མ་རྩིས་པས། དགོན་པར་ལོ་གཉིས་ལ་སྒོར་ཁྲི་ཉི་ཤུ་ཙམ། དགོན་པར་བཞག་པ་ཡིན་ཟེར་བ་དེ་ཚོ། དེ་བདེན་པ་ཨེ་རེད་ལབ་བྱུང་བས། ཕྲན་གྱིས་དེ་སྔའི་དངུལ་གཉེར་གྱིས། སྤྲད་པས་བྱུང་ཟིན་སྟོན་པ་ཡིན་ལ། དངུལ་གཉིར་ཚུལ་ཁྲིམས་ཉི་མས་ཀྱང་དེ་བདེན་པ་རེད། བླ་མས་དངུལ་དགོན་པར་བཞག་པས་ཐོ་དང་། གཡར་བས་ཐོ་དངུལ་དེ་དག་ངས་དགོན་པའི་ཆེད་དུ་བཏང་བས་ཐོ་བཅས། གསལ་པོ་ཡོད་ཞུས་སོང་། དེར་ངས་དང་ཐོག་དགོན་པར་དངུལ་ཚང་མ་བཞག་པ་ཡིན། འོན་ཀྱང་ཡེ་ཤེས་རབ་གསལ་གྱིས། དགོན་པར་དངུལ་མི་དགོས་ཟེར་ནས་བཞག་ས་མ་རྙེད་ཀྱང་། རྗེས་སུ་དགོན་པར་དགོན་པར་དངུལ་མཁོ་བས། ངས་གཡར་བས་མིང་ཐོག་ནས་དགོན་པར་དངུལ་ཁྲི་བཞི་ལྷག་གཏོང་དགོས་བྱུང་། ལབ་པ་ཡིན། དེར་ཅུས་ཀྲང་ནོར་བུས། ཡ་བླ་གྲྭ་མཁན་པོ་རྣམ་པ། ད་བཤད་རྒྱུ་ཡོད་ན་ཤོད་ཤོད། ཚང་མས་ཤོད། བཤད་རྒྱུ་མེད་ན། ཚོགས་འདུ་གྲོལ་རྒྱུ་ཡིན་ལབ་སོང་བས། དེ་ནས་ཧྲུའུ་ཅུའུ་ཉི་མ་གྲགས་པ་དང་། ཚུན་ཀྲུའུ་པུ་རྣམ་རྒྱལ། ཚུན་ཀྲང་ཨ་ར་བཅས་ཀྱིས་ད་ཅི་ཤོད་རྒྱུ་ཡོད་ན། ཚང་མས་ཤོད་ཤོག་ སྐད་ཆ་ལྐོག་ལ་བཤད་པས་ཅི་ཕན་། ད་ཤོད་ཤོད་ལབ་སོང་། དེར་མཁན་པོ་བསམ་དགེས། ད་རེས་བླ་མས་གྲྭ་པ་ལ། གླ་ཆ་སྤྲད་དེ་སློང་མོ་སོང་ནས། དགོན་པ་ཞིག་གསོ་བྱས་ཟེར་བ་བདེན་པ་རེད། དེ་ནས་ལོ་ཤས་རྗེས་ངེད་ཚོ་ཚང་མ་ལྡོམ་བུ་སོང་བ་ཡིན། བྱུང་བའི་འབྲུ་རིགས་མར་ཕྱུར། འབུ་དངུལ་ཚང་མ་དགོན་པར། བླ་མ་ཁོས་ཉར་བསྡད་པ་རེད། ལྐོག་ཟོས་བྱས་ཡོད་མེད་སུས་ཤེས་ལབ་བྱུང་། དེར་ཕྲན་གྱིས་ངས་དགོན་པའི་འགན་དང་པོ་བླང་སྐབས། དངུལ་སྔོན་མ་ངས་ཉར་ར་བྱས་མྱོང་། ཉར་རྒྱུ་དངུལ་ཀྱང་། ང་ལ་བྱུང་བ་ཏོག་ཙམ་དེ་རེད་མ་གཏོགས། ཁོང་རྣམ་པ་གཞན་གྱིས། དགོན་པར་བསགས་བཞགས་པས། སྒོར་གཅིག་ཀྱང་མི་འདུག་ དེ་སྐབས་དགོན་པར་སྡོད་མཁན། ང་མ་གཏོགས་བླ་གྲྭ་གཅིག་ཀྱང་མི་འདུག་པས། ངས་སུ་ལ་སྤྲད། རྗེས་སུ་དགོན་པར་བླ་གྲྭ་སྡོད་མཁན་རྣམས་ལས། དངུལ་ཉར་མཁན་དང་། རྩིས་གཏུག་མཁན་བསྐོས་ནས། དེས་ཉར་བ་ཚང་མས་ཤེས་གསལ་ལྟར་རེད། མར་ཕྱུར་དང་འབྲུ་རིགས་སོགས་ཀྱང་། དགོན་པར་ཉར་བ་རེད་ཟེར་ན་བདེན་པ་རེད། དགོན་པ་ནང་ལ་ཉར་བ་རེད་ལ། དགོན་པར་ཉར་མཁན་གྲྭ་པ་བཞག་ཡོད། འབུ་ཡང་དགོན་པར་ཉར་བ་རེད། ཉར་མཁན་ཡོད་རེད། ངས་ནི་འབུ་ཡང་ཉར་མ་མྱོང་། མ་གཞི་མཁན་པོ་དང་སློབ་དཔོན་ཁྱེད་རྣམ་པས། སྐད་ཆ་རྒྱུ་འབྲས་ཕེར་བ་ཤོད་ཤོག་མ་གཏོགས། རྫུན་གཏམ་བཤད་དེ། གསོན་མིག་ཐལ་འགེབས་བྱས་ནས། ཁྱེད་ཚོས་སྡིག་པ་ལ་མ་འཛེམས་ནའང་། ལས་ལ་རྒྱུ་འབྲས་མི་འགྱང་བར་སྨིན་རྒྱུ་རེད་ལབ་པ་ཡིན། དེར་མཁན་པོ་བསམ་གཏན་གྱིས། མནའ་བསྐྱལ་ན་ཆོག་དགོན་པའི་འབུ་ཁྱོད་ཀྱིས། ཉར་ར་བྱས་བསྡད་པ་རེད། ངས་བཤད་པ་བདེན་མིན། ཁོང་རྣམ་པར་དྲིས་དང་ལབ་སོང་ དེར་གྲྭ་པ་འགའ་ཤས་མགོ་སྒུར་ཏེ་ཅི་ཡང་བཤད་མ་སོང་། མཐའ་ཞུ་བླ་མ་དཔལ་མཆོག་གིས། མནའ་བསྐྱལ་ཆོག་ས་ཡོད་འབུ་ངོ་མ་དགོན་པ་ནང་། ཁོས་ཉར་འདུག་པ་རེད། ལབ་སོང་། དེ་ནས་ཡེ་ཤེས་རབ་གསལ་དང་གཉེར་ཨ་ཉོག་ཚེ་དབང་བཅས་ཀྱིས། དཀོན་མཆོག་ལ་ཚད་གཙུག་སྟེ། མནའ་བསྐྱལ་ནས་མཁན་པོ་ལ་ཁ་གསལ་བྱས་སོང་། གྲྭ་པ་འགའ་ཤས་ནི་ཅི་ཡང་མ་བཤད་པར་སྒོར་དོན་སོང་། དེར་ཕྲན་གྱིས་ངས་སྐད་ཆ་བདེན་པ་བཤད་ཟིན་པ་ཡིན། བདེན་མ་གྲོལ་ན་མནའ་བསྐྱལ་ཀྱང་ཅི་ཕན། ད་ངས་ཉར་ཡོད་ཆགས་གྱིས་ཟེར་བ་ཡིན། དེ་ནས་ཅུས་ཀྲང་དང་ཧྲུའུ་ཅུའུ་གཉིས་ཀས། བླ་མ་ཁྱོད། ཁོང་རྣམ་པར་མནའ་བསྐྱལ་བཅུག་ སྔོན་ནས་ཁས་མི་ལེན་པ་ཟེར་ནས། གཤེ་གཤེ་བཏང་བྱུང་བས། དེར་ཕྲན་གྱིས་ཁོང་རྣམ་པ་ཁྱི་སྤྱང་ངན་འབྲེལ་གྱིས། རྫུན་གཏམ་ལ་རྫུན་གྱིས་ཁ་གསལ་བྱས་ཏེ། ང་ལ་གསོན་མིག་ཐལ་འགེབས་བྱས་བྱུང་བ་མ་གཏོགས། ངས་སྔོན་ནས་བདེན་པ་བཤད་པ་ཡིན། ཁོ་ཚོས་ཅི་བཤད་ན་མ་བཤད་ན། གང་ལྟར་ངས་བླ་གྲྭ་གཞན་གྱིས་སློང་མོ་བྱས་པས་འབུ་ཉར་མ་མྱོང་ལ། ང་རང་སློང་མོ་སོང་བས་འབུའངམཉར་མ་མྱོང་། གོང་དུ་ངས་ཉར་ཡོད་ཆགས་གྱིས་བཤད་དོན་ནི། སྔོན་མ་༢༠༠༢་་གྱི་ཡན་ཆོད་ལ། དགོན་པའི་སློང་མོ་སོང་བས། འབུ་རྣམས་མཁན་པོ་བསམ་གཏན་གྱིས། ཁྱིམ་ལ་ཉར་ར་བྱས། དངུལ་ཁག་གཅིག་ཡེ་ཤེས་རབ་གསལ་གྱིས། ཁྱིམ་ལ་ཉར་ར་བྱས། དངུལ་ཁག་གཅིག་དང་། འབྲུ་མར་སོགས་གཉེར་པས་ཁྱིམ་དུ་ཉར་འདུག་པས་སྲོལ་འདུག་པའི། ཕྲན་དགོན་པར་བསྡད་དེ། དགོན་པའི་འགན་ཁུར་ནས་བཟུང་། ཚང་མ་དགོན་པར་ཉར་བ་ཡིན། དེ་མིན་འབུ་རྩ་བ་ནས་ཉར་མ་མྱོང་ལབ་པ་ཡིན། དེར་ཅུས་ཀྲང་གིས་འབུ་སོགས་ཁྱོད་ཀྱིས་མ་ཉར་ན། སུས་ཉར་བསྡད་པ་རེད་ལབ་བྱུང་བས། ངས་གྲྭ་རྒན་གསུམ་གྱིས། ཉར་བསྡད་པ་རེད་ལབ་པ་ཡིན། ཅུས་ཀྲང་གིས་གྲྭ་རྒན་སུ་རེད་ལབ་བྱུང་། ངས་གྲྭ་རྒན་གསུམ་ཀ་ད་ལྟ་འདི་ན་མི་གདའ་ལབ་པ་ཡིན། དེར་ཅུས་ཀྲང་གིས། གྲྭ་པ་གཅིག་སོང་ནས་གྲྭ་རྒན་གསུམ་འདིར་ཤོག་ཟློས་ལབ་སོང་། ཏོག་ཙམ་ནས་གྲྭ་རྒན་གསུམ་སླེབས་བྱུང་བས། ཅུས་ཀྲང་གིས། དེ་སྔ་དགོན་པའི་འབུ་དངུལ། མར་ཕྱུར་འབྲུ་རིགས་བཅས། སུས་ཉ་ར་བྱས་པ་རེད་དྲིས་སོང་བས། གྲྭ་རྒན་གསུམ་གྱིས། བླ་མའི་ལག་ལ་བྱུང་བས་དངུལ་ནི་བླ་མས་ཉར་ནས། གཉེར་པས་གཏོང་བ་རེད། དེ་མིན་རྣམས་ངེད་ཚོས་ཉར་བ་ཡིན། དེ་ཡང་དང་པོ་བླ་མ་མཁན་པོ་གྲྭ་པ་སུ་སློང་མོ་སོང་བ་ཡིནའང་། ཁོང་རྣམ་པས་འབྲུ་རིགས་ཡིན་ན་འདྲ། མར་ཕྱུར་ཡིན་ན་འདྲ། འབུ་ཡིན་ན་འདྲ་ཚང་མ་དགོན་པར་ཁུར་འོང་ནས། ང་ཚོ་གསུམ་ལ་རྩིས་སྤྲད་འོང་བ་རེད། ང་ཚོས་ཁོང་རྣམ་པ་ཡོད་ས་རང་ལ། འབྲུ་རིགས་དང་མར་ཕྱུར་རྒྱ་མ་ལ་བཀྱགས། འབུ་གྲངས་ཁ་རྩིས། ཐོ་གཉིས་འབྲི་སྟེ། གཅིག་ཁོང་རྣམ་པ་སློང་མོ་བྱེད་མཁན་དེ་ལ་སྤྲད། གཅིག་ང་ཚོས་ཉར་ནས། རྗེས་སུ་རྩིས་གཏུག་རྒྱུ་ཡོད་པ་བྱེད་པ་རེད། འབུ་བཤུ་དགོས་པ་བཤུ། སྐེམས་དགོས་པ་སྐེམ་ནས་བཙོང་མ་རན་བར་ཉར་ར་བྱེད། དེ་ནས་འབུ་བཙོང་དུས། ངེད་གསུམ་ལས་གྲྭ་རྒན་བློ་ལྡན་འབུ་ཁུར་ནས། དགོན་པའི་བླ་མ་དང་མཁན་པོ། གཉེར་པ་བཅས་མཉམ་དུ་བཙོང་བ་རེད། ལབ་སོང་དེར་ཅུས་ཀྲང་གིས། ཁོ་ཚོས་འབུ་བླ་མས་ཉར་བ་རེད་ལབ་ཀྱི་འདུག་ཟེར་སོང་བས། གྲྭ་རྒན་གསུམ་གྱིས། སྔོན་མ་དགོན་པའི་འབུ་དངུལ། འབྲུ་རིགས། མར་ཕྱུར་སོགས། ཚང་མ་དགོན་པའི་མཁན་པོ་དང་གཉེར་པ། བཅས་ཀྱིས་སོ་སོའི་ཁྱིམ་ལ་ཉར་བས། བཤོ་སྲོལ་ཡོད་པ་རེད། བླ་མ་འོད་ཟེར་གྱིས། འགན་ཁུར་རྗེས་དགོན་པར་བཞག་ནས། ང་ཚོར་ཉར་རོགས་ལབ་པ་ལྟར་ཉར་བ་ཡིན། དགོན་པའི་འབུ་སོགས། ང་ཚོས་ཉར་ནས་ད་བར། ལོ་བཅུ་ལྷག་རེད་སོང་། འབུ་མི་དགོས་འབུ་རྔ་ཙམ་ཡང་རྐུ་བྱེད་མ་མྱོང་། དགོན་པ་ལ་ཕྱག་འཚལ་ཆོག་ས་ཡོད་ལབ་སོང་བ་དང་། གྲྭ་རྒན་གཉིས་ཡར་ལང་ཏེ། ཕྱག་འཚལ་གྲབ་བྱས་སོང་བས། འགོ་ཁྲིད་ཚང་མས་ཁྱེད་ཚོས་ཕྱག་འཚལ་དགོས་དོན་ཡོད་མ་རེད། ལབ་སོང་། དེ་ནས་མཁན་པོ་བསམ་གཏན་དགེ་ལེགས་ནས། གྲྭ་རྒན་ཚོས་བཤད་པ་བདེན་པ་རེད། ད་ལྟ་ང་ནོར་སོང་ལབ་དགོས་བྱུང་སོང་། དེ་ནས་ཡེ་ཤེས་རབ་གསལ་གྱིས། བླ་མ་ཁོས་དགོན་པའི་མིང་ཁུར་ཏེ། སྔོན་མ་དམར་རོང་ལ་འབུ་ལྡོམ་སོང་བས་མ་ཚད། དམར་རོང་གྲོང་ཚོ་ཡོངས་ལ། དུད་རེའི་འབུ་བརྒྱ་རེ་ཁུར་ཤོག་ལབ་ནས་འབུ་བརྒྱ་རེ་འགོ་རྒྱབ་བྱས་པ་རེད། འབུ་རྒྱ་མ་གསུམ་བཞི་ཙམ་དེ་དགོན་པར་མ་བཞག་པར། ཁོས་ཟོས་པ་རེད་ཟེར་ནས། རྫུན་གཏམ་བཤད་དེ་ཞྭ་མོ་བཀབ་བྱུང་། དེར་ཕྲན་གྱིས་ང་དམར་རོང་ལ། དང་པོ་དགུན་ཁ་སྤྱི་རིམ་འདོན་མི་སོང་པ་ཡིན། དེ་ལ་དམར་རོང་སྤྱི་ནས་འབུ་གླ་ཞིག་བཞག་རོགས་བྱས་ཏེ། སྒོར་ཁྲི་དྲུག་བྱུང་བ་དགོན་པར་བཞག་པ་ཡིན། དེ་རྗེས་དགོན་པའི་འབུ་ལྡམ་དང་པོ་དེ། ང་དང་གྲྭ་དཔལ་ལྷ། ཤེས་རབ། ཐོག་མེད་བཅས་ངེད་བཞི་སོང་བ་ཡིན། འབུ་གཉིས་བརྒྱ་ལྷག་བྱུང་བ། ཁོང་གྲྭ་པ་ཚོས་ཉར་ནས། དགོན་པར་གྲྭ་རྒན་ཚོར་རྩིས་སྤྲད་པ་རེད། དེ་རྗེས་དགོན་པའི་གྲྭ་པ་བཅུ་དང་མཉམ་དུ། ཀུན་རིག་ལས་བཞི་འདོན་མི་ཐེངས་གཅིག་སོང་བ་ཡིན། དེ་དུས་དགུན་ཁ་རེད། དེ་རྗེས་འབུ་ལྡོམ་ཐེངས་གཉིས་པ་དེ། གྲྭ་ཉི་མ་དང་ངེད་གཉིས་སོང་བ་ཡིན། འབུ་ཉི་མས་ཉར་ནས་དགོན་པར་རྩིས་སྤྲད་པ་རེད། དེ་མིན་ལྡོམ་བུ་འགྲོ་མ་མྱོང་ལབ་པ་ཡིན། དེར་ཁོ་ཚོས་སོང་རེད་ཟེར་བྱུང་། དེ་ནས་མཐར་དམར་རོང་འགོ་ཁྲིད་དང་། མང་ཚོགས་ལ་ཁ་སྤར་རྒྱབ་ནས་སྐད་ཆ་འདྲི་རྒྱུ་བྱས་པ་རེད། དེ་རྗེས་སྐད་ཆ་དྲིས་རྗེས་དོན་དེ་ཁོ་ཚོས་རྫུན་བཟོ་བྱས་པ་ར་འཕྲོད་སོང་། མ་གཞི་ད་རང་དྲི་ཆོག་པའི་དོན་ཞིག་རེད། དེ་ནས་ཅུས་ཀྲང་གིས། ང་ལ་བླ་མ་ཁྱོད་དགོན་པ་ནས་ཕྱི་འཐེན་བྱེད་ངོ་མ་ཡིན་ན། དགོང་ཞུ་ཡི་གེ་བྲིས་ཏེ། མཛུབ་ཐེལ་རྒྱབ་ཤོག་ལབ་བྱུང་བས། དེར་ངས་དེ་སྔོན་ཐེངས་མང་ཞུས་པ་ལྟར། ཕྲན་དགོན་པ་ནས་དགོངས་པ་གནང་རོགས་ཞུ་རྒྱུ་དང་། དགོན་པའི་དཔལ་འབྱོར་གཏོང་ཡོངས་རྩིས་གཏུག་རོགས་ཞུ་རྒྱུ། མཚམས་ཁང་རྒྱབ་ས་ས་ཆ་གནང་རོགས་ཞུ་རྒྱུ། མཚམས་ཁང་རྒྱག་བྱེད་མ་དངུལ། དེ་སྔོན་ངས་དགོན་པར་དངུལ་བཞག་པ་ལས། ཏོག་ཙམ་ཕྱིར་སློག་རོགས་ཞུ་རྒྱུ་བཅས་ཀྱི་རེ་བ་དོན་ཚན་གསུམ་ཡོད་པ་བྲིས་ནས། དེར་མཛུབ་ཐེལ་རྒྱབ་སྟེ་ཕུལ་བ་ཡིན། དེ་ནས་ཅུས་ཀྲང་ནོར་བུས་ད་ཁྱོད་ཀྱིས། དགོན་པ་དོ་དམ་སྐོར་གྱི་ཡི་གེ་དྲྭ་རྒྱར་སྤེལ་བ་དེ་ཚོ། མར་སུབ་དགོས་པ་ལས། ཁ་བྲལ་རུ་ཚོགས་ཀྱིས། བེད་སྤྱོད་བཏང་སྲིད་པ་རེད། བླ་མ་ཁྱོད་དེ་རིང་ད་དོན་དག་མེད་པས། ཚོགས་འདུར་ཡོངས་མི་དགོས། ཡི་གེ་དེ་ཚོ་ད་ལྟ་མར་སུབ་མི་སོང་། མཁན་པོ་ཁྱོད་ཚོས། ད་ལྟ་ནས་བརྡ་ཆ་རྒྱབ། ཕྱི་དྲོ་རུ་ཁག་རེ་ནས། མི་གཉིས་རེ་ཤོག་ཟློས། བླ་མ་ལ་དངུལ་སྤྲད་རྒྱུ་ཐད། གྲོས་བྱེད་དགོས། ཟེར་ནས་ཚོགས་འདུ་གྲོལ་སོང་། དེ་ནས་ཕྲན་གྱིས་ཕྱི་དྲོ་ཡི་གེ་དེ་ཚོ་མར་སུབ་པ་ཡིན། 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.