སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༈་གྲུབ་རྗེ་དཀའ་ཐུབ་པ་ཆེན་པོ་སྐུ་དྲིན་ལས། 1 | 2013/9/15 14:43:00
གྲུབ་ཆེན་ནམ་མཁའ་རིན་པོ་ཆེ་སྔ་རྗེས་སུ་ཐིང་གཉིས་ཕེབས་ནས། ཨ་དཀར་འབུམ་སྒྲུབ་འཚོགས་པའི་སྐུ་དྲིན་ལས། ནག་རུ་མང་ཚོགས་ཀྱི་ནག་རུ་དགོན་པར། བརྟན་རྩ་ཞལ་འདེབས་ཤོག་སྒོར་བྱེ་བ་གཉིས་ལྷག་ཕུལ་བ་དང་། ཁྱུང་པོ་ནག་རུ་བསམ་གཏན་གླིང་དགོན་པ་གནས་སྤོས་བྱེད་ཐུབ་པ་དང་། སྒྲུབ་གྲྭ་ཚུགས་པ་སོགས་བྱུང་བའི་གནས་ཚུལ་ལོ་རྒྱུས། སྐད་ཆ་འདྲི་མཁན་མང་བས་དེ་ཚོ་ལ། གསལ་བཤད་ཀྱི་ཚུལ་དུ། ཕྲན་གྱི་སྐྱུག་བྲོ་བས་མི་ཚེ་ལོ་ཐོ་ལས་༢༠༡༠་ནས། ༢༠༡༣་བར་གྱི་བྱུང་བ་མདོར་བསྡུས་སུ། གྲོགས་པོ་ཚོས་སྤྱན་ལམ་དུ་འབུལ་བ་ལགས་ན། གནས་ཚུལ་དངོས་བྱུང་་ཇི་མ་ཇི་བཞིན་བཤད་པ་ལ། རང་དང་འབྲེལ་ཡོད་གཞན་གྱི་འཚང་འདྲུ་རུ། མ་བསམ་པ་དང་ཞེ་ཁྲེལ་མི་བྱེད་པའི་རེ་བ་ཆེ། དེ་ཡང་༢༠༡༠་་ལོའི་་ཟླ་༡་་པོའི་ཚེས་༡༠་ཉིན། ཕྲན་དབལ་ཕུར་སྒྲུབ་པར་བསྡད་དེ། ཞག་༦༠་་སོང་བའི་མཚམས་གྲོལ། དེའི་རིང་བསམ་པར།   ན་ནིང་ནམ་མཁའ་རིན་པོ་ཆེ། དགོན་པར་གདན་འདྲེན་རྒྱུའི། གྲོས་བྱས་ཏེ་འཆར་གཞི་བཞག་དུས། གཉེར་པ་གཡུ་ལྷའི་གདན་འདྲེན་འོང་ཟེར་བས། དེ་ལ་ཡིད་ཆེས་བྱས་ཀྱང་། ད་བར་གོ་རྒྱུ་ཚོར་རྒྱུ་མི་འདུག་ ད་ལོ་ནམ་མཁའ་རིན་པོ་ཆེ་གདན་དྲོངས། ཨེ་ཐུབ་བལྟ་ནས། དགོན་པར་བུམ་སྒྲུབ་འཚོགས་ཏེ། ནམ་མཁའ་རིན་པོ་ཆེར།དགོན་པ་བཀྲིས་མདོ་ལ། སྤོ་དགོས་པས་སློབ་གསོ་གནང་རོགས་ཞུ། དེ་ནས་ཚང་མ་གྲོས་བྱ་སྟེ། དགོན་པ་སྤོ་རྒྱུའི་གྲོས་མཐུན་ན། ནམ་མཁའ་རིན་པོ་ཆེ་ལ། དགོན་པ་སྤོ་བྱེད་མ་དངུལ་གྱི་རོགས་བྱེད་རོགས་ཞུ། དེ་ནས་དགོན་པ་སྤོ་དགོས་པ་གདའ།དེ་མིན་ངས་དགོན་པ་སྤོ་རྒྱུ་གྲོས་འགོ་བཏོན་ཀྱང་། ང་ལ་འགྲན་སེམས་དང་རུ་ང་ཕྲག་དོག་བྱེད་མཁན། འདི་དག་གི་གནོད་བསྐྱལ་ཏེ དགོན་པ་སྤོ་ཐུབ་མི་འདུག་པས། གལ་སྲིད་ད་ལོ་ནམ་མཁའ་རིན་པོ་ཆེ། གདན་འདྲེན་ཞུ་མ་ཐུབ་ན། ད་དགོན་རྙིང་པ་འདི་བསྐྱར་གསོ་བྱེད་དགོས་སྙམ་ནས།  ཚེས་་༡༨་་ཉིན། ནམ་མཁའ་རིན་པོ་ཆེ། གང་དུ་བཞུགས་ཡོད་པ་སྐད་ཆ་དྲིས་པས།  ཁོང་ཉག་ཁོག་ཏུ་བཞུགས་ཡོད་རེད་ཟེར། ག་དུས་ཡར་ཕེབས་རྒྱུ་རེད་དྲིས་པས། ཤེས་མ་བྱུང་ཟེར་བས། ད་ལོ་ཡར་མ་ཕེབས་པ་ཨེ་ཡིན་སྙམ།  སྤྱི་ལོ་༢༠༡༠ལོའི་ཟླ་༡་་༢༡་ཉིན། མཁན་པོ་བསམ་དགེ་དང་ཤེས་རབ་གཉིས། བསམ་དགེའི་གྲྭ་ཤག་ནང་། མཚམས་ལ་བཞུགས། ཚེས་་༣༡་ཉིན། དགོན་པར་ཞི་ཁྲོ་འཚོགས་སྐབས། ཕྲན་གྱིས་གྲོས་འགོ་བཏོན་པས། བླ་གྲྭ་རྣམས་ཀྱི། གྲོས་བྱས་དོན། ད་ལོ་དགོན་པའི་ཐོག་ཁར། མཛོད་མིག་ལྔ་ཨེ་ཐོན་བལྟ་དགོས་ཟེར་བ་དང་། བསམ་དགེ་མཚམས་ལ་བཞུགས། ཚུལ་ཉི་ཀོང་པོར་བྱོན་སོང་བས། དཔལ་མཆོག་དང་ཕྲན་གཉིས་ཀྱི། ཤིང་ཆ་ཉོ་བ་དང་། ཤིང་བཟོ་དང་ཨར་པོ། ཨེ་རྙེད་བལྟ་དགོས། ཁྱེད་གཉིས་ཀྱི་རོགས་པ། གཉེར་པ་གཉིས་ཀྱི་བྱེད་འོང་དགོས་རེད་ཟེར། དེར་ངས་གཉེར་པ་གཉིས་དང་། དཔལ་མཆོག་ཁོམ་མིན་ཤེས་མ་རེད། དེ་ལས་བསམ་དགེ་དང་། ངེད་གཉིས་ཀྱི་ཤིང་ཆ་ཉོ་ནས། ཤིང་བཟོ་སོགས་བལྟ་ལབ་པས། བསམ་དགེའི་ང་ལོ་མང་པོ་ལ། མཚམས་ལ་འདུག་གྲ་འགྲིག་མ་སོང་། ད་རབ་ནི་ཞག་བརྒྱ། དེ་མིན་ཞག་མ་ལྔ་བཅུ་ལ་མ་བསྡད། ཐབས་མེད་ཡིན་ཟེར། དེར་ཕྲན་དང་དཔལ་མཆོག་གཉེར་པ་གཉིས། ཕྲན་བཅས་ཀྱི་དང་པོ་ཤིང་ཆ་ཉོ་རྒྱུ་གྲོས་ཐག་བཅད་བྱས། རང་ལོ་སོ་དགུ་པ། ༢༠༡༠་ལྕགས་སྟག་ལོའི་ལོ་གསར་དགོན་པར། དགའ་གཏོང་བྱས་པ་དེ། ཚེས་༡་ཉིན། ཕྲན་དང་། བྱང་རྒྱལ། སྐལ་ཐར། གོང་འཕེལ། སོགས་ཀྱིས། ཟས་མགྲོན་བྱས། ཚེས་༢་ཉིན། བསམ་དགེའི་གྲྭ་ཤག་ཏུ། བསམ་དགེ་དང་བསམ་དགེའི་ཕ་རྒན་དང་། གྲྭ་ཤེས་རབ། བཙུན་མ། དགེ་ལེགས་དཔལ་མོ། བྱང་ཆུབ་ཐར་སྒྲོན་སོགས་ཀྱིས་ཟས་མགྲོན་བྱས། ཚེས་༣་ཉིན། ཚུལ་འོད་གྲྭ་ཤག་ཏུ། ཚུལ་འོད། བློ་ལྡན། ཤེས་མཐར། བསྟན་འཛིན་རྒྱལ་མཚན། དངོས་གྲུབ་རྒྱལ་མཚན་སོགས་ཀྱི་ཟས་མགྲོན་བྱས། ཡང་ཚེས་༣་དགོན་གཞུང་དང་། ཚེས་༤་བསམ་དགེ་ ཚེས་༥་ཚུལ་འོད། ཚེས་༦་དགོན་པ་བཅས་ཀྱིས། ཟས་མགྲོན་བྱས་ཏེ། ལོ་གསར་དགའ་གཏོང་བྱས། དེ་ནས་ལོ་གསར། བོད་ཟླ་དང་པོའི་ཚེས་བརྒྱད། སྤྱི་ཟླ་༣་པའི་༢༢་ཉིན། ཞོག་པ། གྲྭ་ཉི་མ་ཡིས། ཕྲན་ལ་ཁ་སྤར་རྒྱབ་སྟེ། སྟེང་ཆེན་གྲོང་བརྡལ་དུ། ཤིང་གདུང་མ་རླངས་འཁོར་མང་པོ་རྩིབ་འདུག་ཟེར། དེར་དགོན་པ་ནས། འཕྲུལ་རྟ་ཞོན་ཏེ་རྫོང་གྲོང་བརྡལ་དུ་སོང་ནས། ཤིང་གི་སྤུས་ཀ་དང་གོང་ཚད་བལྟས་པས། ཤིང་གདུང་མ་འབྲིང་བ་ལ། ཁ་རེར་སྒོར་༡༣༡༠་་དང་་། ལེགས་བ་ལ་ཁ་རེར་སྒོར་༡༣༣༠་་ཡིན་ཟེར། དེ་སྐབས་དཔལ་མཆོག་ལ་ཁ་སྤར་རྒྱབ་ནས། ཤིང་ཆ་བལྟ་མི་ཤོགས་ལབ་པས། ད་ལྟ་དམར་པོ་ཐང་ལ། བྲོ་བརྡུང་སར་བལྟས་ཡོད་པས། ཏོག་ཙམ་ནས་འོང་ཟེར། འགའ་འགའ་སྒུགས་ཀྱང་མ་ཡོང་བས། དཔལ་མཆོག་ལ། དྲོ་གཞུང་ཁ་སྤར་རྒྱབ་པས། ཁ་སྤར་ཁ་རྒྱབ་ནས་མི་འགྲོ་འདུག་ གཉེར་པ་གཉིས་ལ། ཁ་སྤར་རྒྱབ་པས། ཁ་སྤར་ཁ་རྒྱབ་ནས་མི་འགྲོ་འདུག་ གཉེར་པ་གཉིས་ལ། ཁ་སྤར་རྒྱབ་པས། ཁོང་གཉིས་དུས་རྒྱུན་ཆང་དང་སྦུ་རག་འཐུང་མང་བ་དང་། ལོ་གསར་སྐབས། ཆང་སྣ་འདུས་པ་འཐུང་བས། གཉིས་ཀ་ཁྲག་མཐོ་དྲག་ནས། མགོ་ཡུར་འཁོར་ནས། འགྱེལ་གྲབ་བྱས་པ་དང་། ད་ལྟ་གཉིས་ཀ་ལ། སྨན་རྒྱབ་བཞིན་ཡོད་ཟེར། དེ་འདྲ་རྫུན་རེད། གཉེར་པ་གཉིས་ཀ། ཆང་གི་ག་ལ་འགྱེལ་འགྲོ་བ་སྲིད། ལབ་པས། གྲྭ་ཉི་མས་ཧ་ལམ་བདེན་པ་ཡིན་རྒྱུ་རེད། ཆང་རག་འཐུང་ཆེ་བ་རྣམས། དངོས་གནས་འགྱེལ་ནས། ཤི་མཁན་ཡོད་རེད་དུས། དཔེར་ན། གྲྭ་བསྐལ་བཟང་བཀྲ་ཤིས། ཆང་རག་གི་བསད་སོང་བ་དང་། གྲྭ་དཔལ་ལྷ་དང་ཀུན་དགའ། མི་འགྱུར་སོགས། ཆང་རག་འཐུང་ཆེ་ནས་ན་སྟེ། སྨན་ཁང་དུ་སྡོད་ནས་སྨན་རྒྱབ། ཆང་རག་མི་འཐུང་དུས། ན་རྒྱུ་ཡོད་མག་༼་་མ་རེད་་༽ ཡང་ཆང་རག་འཐུང་ནས་ན། དེ་འདྲ་ཐིང་མང་བྱས་པ་རེད།   གྲྭ་སྨོན་ལམ་ནི་དུས་རྒྱུན་ཁྲག་མཐོ་འདུག་རེད་དེ། ད་ལོ་ཆང་དང་སྦུ་རག་ གཉིས་ཀ་འཐུང་བཞིན་གདའ། ཚུལ་དཔལ་ནི་དེ་སྔོན་ཁྲག་མཐོ་ནས་འགྱེལ་རྩིས་བྱེད་མྱོང་ཡོད་རེད་དེ།    ཁོས་ཀྱང་ད་ལོ་ཆང་དང་སྦུ་རག་ གཉིས་ཀ་འཐུང་བཞིན་གདའ་ཟེར། དེ་ཉིན་ངེད་གཉིས་ཀྱི་ཤིང་མ་ཉོས་པར། དགོན་པར་འོང་ནས་བསྡད། གཉེར་པ་གཉིས་ཀ་ན་འདུག་ཟེར་བ། ང་དེ་སྐབས་བདེན་མ་བཟུང་ཡང་། རྗེས་སུ་ཁོང་གཉིས་ཀ་དངོས་གནས་ཆང་རག་གི་ན་ཡོད་པ་ཤེས་རྟོགས་བྱུང་། དེ་སྔོན་ངས་དགོན་པའི་བླ་གྲྭ་ཚོ་ལ། ཆང་རག་མ་འཐུང་ཞེས། ཐིང་མང་ཟེར་མྱོང་ལ། རྫོང་དང་ཤང་གི་དབུ་ཁྲིད་ཀྱི། བླ་གྲྭ་ཚོར་ཆང་རག་འཐུང་མི་ཆོག་པས། གན་རྒྱ་བཞག་པ་དང་ར་བསད་པ་ལས། ཆང་འཐུང་ན་ཉེས་པ་ཆེ་བའི། གཏམ་དཔེ་བཤད་པ་སོགས་བྱས་ཀྱང་ཆང་རག་བཀག་མི་ཐུབ་པ་རེད། ༢༠༠༦ལོའི་དཔྱིད་ཀར། དགོན་པའི་འདུ་ཁང་ནང་། བླ་མ་དཔལ་མཆོག་གི་བཙན་པོ་ཨུ་ཚུག་བྱས་ཏེ། མཁན་པོ་བསམ་དགེ་ལ། ཆང་དང་སྦི་རག་གཅོད་བཅོལ་བ་དང་། གཡུ་ལྷ་སོགས་གྲྭ་པ་སྣ་ཐ་འཐེན་མཁན་ལ། སྣ་ཐ་གཅོད་བཅོལ་བས།  དེ་སྐབས་མཁན་པོ། བསམ་གཏན་དགེ་ལེགས་དང་། དབུ་མཛད་གྲྭ་པ་སོགས། ཆང་རག་འཐུང་མཁན་དང་། སྣ་ཐ་འཐེན་མཁན་ཚང་མས། འདུ་ཁང་ནང་ཞི་ཁྲོའི་གཞི་དཀྱིལ་འཁོར་མདུན་ལ། ཕྱག་འཚལ་ཏེ། ཆང་རག་སོགས་ལོ་གསུམ་ལ་གཅོད་སོང་ཡང་། ལོ་དེའི་དབྱར་ཀ་མཁན་པོ་བསམ་གཏན་དགེ་ལེགས་དང་། གྲྭ་བསོད་ནམ་དབང་འདུས་ ཁྲ་ཝ་གཞུང་ལ་དཀར་ལྡོམ་བྱོན་སྐབས། ཆང་དང་སྦུ་རག་འཐུང་འགོ་གཙུག་འདུག་པ་དང་། དེ་ནས་བླ་གྲྭ་ཚང་མས། ཡང་རིམ་བཞིན་ཆང་རག་གསོལ་བས་བཀག་ག་ལ་ཐུབ། དེ་ལྟར་དགོན་འདིར་བླ་གྲྭ་སྡོད་མཁན་མེད་པའི་རྒྱུ་རྐྱེན་ཆེ་ཤོས་ནི། ཆང་རག་གཉིས་དེ་རེད། དཔེར་ན་མཁན་པོ་སོགས་འགའ་ཤས་ལ། ཉིན་ལྟར་ཆང་རག་འཐུང་རྒྱུ་མ་ཆད་པས། ཐབས་ཤེས་བྱེད་དགོས་པ་ལས། ཆང་འཐུང་རྒྱུ་མེད་ན། དུད་གཞན་ལ་ཆང་ཡོད་པ་ཤེས་ན། དེར་ཆང་འཐུང་མི་འཛུལ་འགྲོ་བ་དང་། ཡང་ན་ཆང་ཁང་ནང་འགྲོ་སྟེ། ཆང་ཉོས་ནས་བཏུང་ན་མ་གཏོགས། བསྡད་མི་ཚུག་པ་གྱུར་འདུག་པ་མངོན་སུམ་པ་རེད། ད་ལྟ་མཁན་པོ་གྲྭ་ཤག་ནང་མཚམས་ལ། བཞུགས་བསྡད་ཀྱང་སྡེ་དགའ་ས་ཉེ་རིང་ཚང་མས། ཆང་བསྐྱལ་འོང་བ་དང་གྲྭ་པ་ཆང་རག་འཐུང་མཁན་མང་ཆེ་བས། ཆང་བུབ་གཉིས་རེ་གསུམ་རེ་བསྐྱལ་བ་དང་། བསམ་དགེའི་ཁྱིམ་ཚང་ནས་ཆང་མང་པོ་བསྐྱལ་བ། དགོན་པའི་འབྲུ་རིགས་ཀྱང་། ཆང་བཙོ་རྒྱུ་ཆང་ནས་ཐིང་འགའ་ཕུལ་ནས། ཆང་གསོལ་རྒྱུ་མ་ཆད་པར་མཛད་སོང་། ཕྲན་གྱིས་སྔོན་མ་ལོ་ཆུང་དུས། ཆང་རག་ཏོག་ཙམ་འཐུང་མྱོང་ནའང་། དེ་རྗེས་ལོ་མང་པོའི་གོང་ནས། ནད་གཞིའི་རྐྱེན་པས། དུས་རྒྱུན་ཆང་རག་འཐུང་མ་མྱོང་། དེར་མཛོད་ལྔ་བཟོ་རྒྱུ་བྱས་པའི་ཤིང་ཆ་ག་ཚད་ཉོ་དགོས་པ་རྩིས་གཏུག་པས། དགོན་པར་གདུང་མ་ལྔ་དང་དྲའུ་ཉིས་བརྒྱ་ལྷག་འདུག་པས། དེ་ནས་ཚེས་༢༣་ཉིན་ཤིང་ཁ་11,669་ལ་གོང་ཚད་ཤིང་ཁ་རེར། སྒོར་x1330་ཐོབ་སྒོར་=15519.77 སོང་། དེ་རྗེས་ཡང་ཤིང་ཁ་༥་༠༣༨་ལ་ཤིང་ཁ་རེར་སྒོར་༡༣༣༠་རེ་བྱས་པའི། སྒོར་༦༡༠༠་ཐོབ་དེ་ལྟར་གདུང་མ་རླངས་འཁོར་གསུམ་ཉོས་ཏེ། ཀ་གདུང་གཞུ་རིང་ཐུང་པད་མ་བུང་ཚང་། བྱ་བཀག་དམར་འགབ་སོགས་བཤགས། དྲའུ་རེར་སྒོར་༥༧་༥་རེ་བྱས་པའི་དྲའུ་༨༧་ཉོས་པའི་སྒོར་༥༠༠༢་ཐོབ། དེ་ལྟར་དྲའུ་རླངས་འཁོར་གཉིས་ཉོས། དེ་ཚོ་དགོན་པར་འབྱོར་ཐབས་བྱས། དགོན་པའི་གྱང་བརྡུང་མཁན། སྨར་ཁམ་ལ་འགན་འཁྲི་སྤྲད།  གྱང་ཁ་གང་ལ་སྒོར་༡༢༥་རེ་བྱས། གཏའ་མ་སྒོར་་༥༠༠༠་བཞག་ སྤྱི་ཟླ་་༣་་པའི། ཚེས་༡༥་ནས། ལྷ་མཐོང་གཞོག་མཁན་ཚོར། ཤིང་གཞོག་རྒྱུ་གཏམ།  དེ་སྐབས་སྤྱི་ཚེས་༣་ཉིན། ནམ་མཁའ་རིན་པོ་ཆེ། སྨོན་རྒྱལ་བླ་བྲང་ལ། ཕེབས་ཡོད་པ་ཐོས་པས། ཕྲན་བརྗོད་དུ་མེད་པས། དགའ་སྤྲོ་སྐྱེས་ཏེ། དེའི་སྔ་ཉིན། ཚུལ་ཉི་ཀོང་པོ་ནས་ཚུར་འབྱོར་འདུག་པས། ཕྲན་གྱི་ཚུལ་ཉི་ལ་ཁ་སྤར་གཏོང་ནས། ཚུལ་ཉི་ཁྱེད་སང་ཉིན། ནམ་མཁའ་རིན་པོ་ཆེ། ང་ཚོའི་དགོན་པར་ཕེབས་རོགས། ཞུ་མི་ཞིག་བྱོན་རོགས། དཔལ་མཆོག་ངེད་གཉིས་ཀྱིས། ཤིང་ཆ་ཉོ་བཞིན་ཡོད། བསམ་དགེ་མཚམས་ལ་བཞུགས་འདུག་ གཉེར་པ་གཉིས་ཀ་ སྙུན་འདུག་ལབ་པས། ཁོང་ནས་འོ་ཡ་ཟེར། ཕྱི་ཉིན་ཚུལ་ཉི་ནས། ནམ་མཁའ་རིན་པོ་ཞག་༡༦་མཚམས་སུ། ཕེབས་འོང་གསུང་བྱུང་ཟེར། ཚེས་་༡༠་ཉིན། ཚུལ་ཉིན་གྱིས། ཕྲན་ལ་ཡང་ཁ་སྤར་གཏོང་ནས། དེ་རིང་བུམ་སྒྲུབ་དབང་ཞུ་མི་སོང་བ་ཡིན་པས། ནམ་མཁའ་རིན་པོ་ཆེ། གནང་ཉིན་ཚེས་༡༢་ཉིན། ཕེབས་འོང་རྒྱུ་ཡིན་གསུང་བྱུང་ཟེར། དེའི་ཕྱི་ཉིན། གཉེར་ཚུལ་དཔལ། ཏོག་ཙམ་དྲག་འདུག་པས་ངེད་གཉིས་ཀྱི། འབྲས་གྲོ་ཕྱེ་ཤ་སྔོ་ཤིང་ཏོག་བཏུང་བྱ་སོགས་ཉོས། དེ་ཚོ་ངས་འཕྲུལ་རྟའི་དགོན་པར་ཁུར་འོང་པས། དགོན་པར་འབྱོར་ཁར། འབྲས་སྲོ་རྗེ་ལས། འབྲས་ཕྱིར་ལུད་དེ། ལམ་ནང་འབྲས་ཀྱི་ཐིག་དཀར་པོ་ཞིག་ཤར་རེར། དགོན་པར་དོད་འདུག་ལ། སྲོ་རྗེ་ནང་འབྲས་ཁ་དམའ་ཙམ་ལས། ཟད་མི་འདུག་པས། རྟེན་འབྲེལ་ལེགས་བསམ་པ་ཤར། ཕྱི་ཉིན་ཞོག་པ་ནས། ཚུལ་ཉི། ནམ་མཁའ་རིན་པོ་ཆེ། བསུ་མི་བྱོན་རོགས་ཞུས་པ་བཞིན། བྱོན་སོང་བས། ཕྱི་དྲོ་ནམ་མཁའ་རིན་པོ། ཆེ་རང་དགོན་དུ་ཕེབས། ཕྱི་ཉིན་་ཚེས་༡༣་ཉིན། ནམ་མཁའ་རིན་པོ་ཆེའི། ཨ་དཀར་བུམ་བསྒྲུབ། འགོ་གཙུག་བུམ་སྒྲུབ་འདོན་མཁན། ངེད་ཚོ་དགོན་པར་རྒྱུན་སྡོད་བླ་གྲྭ་བདུན་དང་། ཞོག་པ་དགེ་མ་ཁ་ཤས་སླེབས་པ་དེ་ཚོ་ཙམ་ལས། སྡེ་མང་ཚོགས་མི་གཅིག་ཀྱང་། མ་སླེབས་པས། ཞོག་པ་རིན་པོ་ཆེས། ད་སྡེ་མང་པོ་སླེབས་འོང་རྒྱུ་རེད་གསུང་། དྲོ་གཞུང་ནས་རིན་པོ་ཆེས་ད། སྡེ་ཙིག་༼་་གཅིག་ཀྱང་་༽འར། མི་ཡོང་བ་ཇི་རེད་ཨ། གསུང་པ་དང་། ང་ལ་གང་ས་གང་ལ། ཆ་འཕྲོད་ཨེ་ཡོད་གསུང་། ངས་ཁར་སེང་ནས། ཆ་གོ་ལ་ལ་བྱས་ཡོད་ཞུས་པས། རིན་པོ་ཆེ། ཐུགས་དགོངས། འཁྲུག་པས་ཚུལ་གྱིས། ང་ཚོར་ད་བསྐྱུར་ཞོག ་མི་བརྒྱད་དགུ་ཙམ་གྱིས།  བུམ་སྒྲུབ་འཚོགས་རྒྱུ་ཡོད་མག་༼་་མ་རེད་་༽གསུང་། གནས་རི་ལ་ཞབས་བསྐོར་ཕེབས་ནས། གཟིགས་བསྐོར་བྱས་པས། དགོན་པར་འོང་མཁན། མི་གཅིག་ཀྱང་མཐོང་རྒྱུ་མི་འདུག་པའི། རིན་པོ་ཆེས།  སྡེ་ཙིག་༼་་གཅིག་་༽འར། རེག་༼་་མཐོང་་༽རྒྱུ་མེད་ལེ་ཇི་རེད། ད་ང་གང་ས་གང་ལ་བྱོན་དགོས། སྡེ་མ་ཡོང་ན། བུམ་སྒྲུབ་འཚོགས་མི་དགོས་ལེ་རེད་གསུང་ནས། དགོངས་པ་འཁྲུག་པས་ཚུལ་མཛད་པ་ལ། ཕྲན་བཟོད་བསྲན་མ་ཐུབ་པར། གད་མོ་ཚད་མེད་ཤོར་སོང་མཚམས། རིན་པོ་ཆེ་སྡེ་སྔ་ཕྱི་མ་གཏོགས། རྩིབ་༼་་སླེབས་་༽འོང་རེད། ངས་ཁ་སྤར་རྒྱབ་དུས། ཁོ་ཚོ་དགོན་པར། ང་འགྲོ་ཁོ་འགྲོ་བྱེད་བཞིན་འདུག་ཟེར། སྡེ་སླེབས་འོང་རེད་ཁག་ངས་ཁུར། སང་ཉིན་ང་སྡེ་ནང་ལ་འགྲོ་ནས། འགོ་ཁྲིད་ཚང་མ་ལ། ཆ་རྒྱབ་རྫ་བྱེད་འོང་ཞུས་པ་ཡིན་པས། ཁོང་ཀྱང་གད་མོ་དགོད་བཞིན། སྡེ་མཚར་པོ། འགྱིང་འདི་འདྲ་རྒྱབ་འདུག ་སྡེ་གཞན་ཡིན་ན། ད་ནང་ནས་རྩིབ་༼་་སླེབས་་༽ཚར་ཡོད་རྒྱུ་རེད་གསུང་། ངས་སྡེ་ལ་རྒྱུས་མེད་པ་རེད། ཁོ་ཚོ་བུམ་སྒྲུབ་འཚོགས་སར། ནམ་འོང་ནའང་ཁྱད་ཡོད་མག་༼་་མ་རེད་་༽བསམ་པ་རེད། ཞུས་པ་དང། དེ་མཚམས་མི་གཅིག་འཕྲུལ་རྟ་ཞོན་ཏེ། སླེབས་བྱུང་བས། རིན་པོ་ཆེས། ད་ཙིབ་༼་་སླེབས་་༽འོང་གདའ། ད་ཙིག་༼་་གཅིག་་༽འོང་ན། མཚམས་དབྱེ་༼་་བྱེད་་༽ཙིབ་༼་་སླེབས་་༽འོང་རེད་གསུང་བྱུང་། ཕྱི་དྲོ་རིན་པོ་ཆེར། ཕྲན་གྱི་དགོན་པ་སྤོ་རྒྱུ་བསམ་ཚུལ་དང་། བརྟན་རྩ་གནང་རོགས་ཞེས་རེ་འདུན་ཞུས་པས། ནམ་མཁའ་རིན་པོ་ཆེས། དགོན་པ་སྤོ་དགོས་རེད། འདི་ན་དགེ་མ་སྡོད་ས་བྱས་ན། ཡག་པོ་འོང་རེད། དགོན་པ་སྤོ་དགོས་པས། སློབ་གསོ་ངས་རྒྱབ་འོང་གསུང་། དེའི་དགོང་མོ་ནས། སྡེ་མང་ཚོགས་མང་པོ་འདུས་ཏེ། དགོན་པའི་འདུ་ཁང་། ཚང་མ་གང་སོང་། ཚེས་༡༤་ཉིན། ཚུན་ཁང་ནང་ལ་འགོ་ཁྲིད་ཚང་མ། འདུས་འདུག་པས། དེར་ངས་ད་ནམ་མཁའ་རིན་པོ་ཆེ་ལ། རོགས་པ་མཛད་རོགས་ཞུ་སྟེ། ང་ཚོའི་དགོན་པ་འདི། སྤོས་ན་དགའ་ས་རེད། ནམ་མཁའ་རིན་པོ་ཆེས། དགོན་པ་སྤོ་དགོས་གདའ། དགོངས་འདུག་ང་ཚོའི་ཁོང་ལ། དགོན་པ་སྤོས་ན། རོགས་མཛད་རོགས་ཞུ་རྒྱུ་དེ། གལ་ཆེན་པོ་རེད། ཅེས་བཤད་པ་ཡིན། ཁོ་ཚོའི་རིན་པོ་ཆེ་ཡིས། རོགས་པ་མ་མཛད་ན། དགོན་པ་སྤོ་རྒྱུ་ཅི་ཡོད། སྤོ་ཐུབ་མ་རེད། ཁོང་གི་རོགས་མཛད་འོང་ན། དགོན་པ་སྤོ་ཐུབ་རྒྱུ་རེད་ཟེར། བོད་ཟླ་གཉིས་པའི་ཚེས་༡་ཉིན། ཕྲན་གྱི་གང་ས་གང་ལ། ཁ་སྤར་རྒྱབ་སྟེ། སང་ཉིན་དགོན་པར་ཤོག་ཅེས་བརྡ་ཆ་རྒྱབ། སྟེང་ཆེན་དགོན་ལ་ཡོད་པའི། གྲྭ་པ་ཐམས་ཅད་དང་། སྡེ་ནང་ལ་ཡོད་པའི། གྲྭ་པ་ཚང་མ་སང་ཉིན། དགོན་པར་བྱོན་ཤོག་ལབ་པ་དང་། དེ་བཞིན་འགོ་ཁྲིད་དང་། མི་དྲག་ཐམས་ཅད། དགོན་པར་འདུས་འོང་རོགས་ལབ་པ་ཡིན། ཕྱི་ཉིན། དགོན་པའི་བླ་གྲྭ་ཡོངས་དང་། འགོ་ཁྲིད་ཚང་མ། སྟེང་ཆེན་དགོན་དུ་ཡོད་པ། བློ་གྲོས་འབྱུང་གནས། བསྟན་ཚུལ། ཡས་རབ། ཚུལ་བློ། སོགས་ཚང་མ། དགོན་པར་འདུས་བྱུང་བས། དེར་ཚེ་འབུམ་ལ་ཁའི་སྤང་ཐོག་ལ་འདུས་ནས། གྲོས་བྱེད་སྐབས། ངས་ད་ལྟ་དགོན་པ་སྤོས་ན། རྙེད་དཀའ་བའི་གོ་སྐབས་ཤིག་རེད། ནམ་མཁའ་རིན་པོ་ཆེ་ལ་རོགས་པ་བྱེད་རོགས། ཞུ་ཆོག་རེད། དགོན་པ་སྔར་ནས། སྤོ་དགོས་ངེས་རེད་དེ། ང་ཚོའི་སྤོ་མ་ཐུབ་པར། ལུས་སོང་བ་རེད། ད་ལྟ་དགོན་པར། དགུན་ཁ་བའི་ལམ་འགགས་པ་དང། དབྱར་ཆར་པ་བབས་ན། འདྲེད་ནས་ལམ་འགག་པ། དགོན་པ་འཚོགས་དུས། འཐུང་ཆུ་མི་འདང་བ་སོགས། དཀའ་ངལ་ག་ཚད་གདའ། འདིར་གྲྭ་པ་ཚོ། རུག་འདུས་ནས་བསྡད་ན། གལ་སྲིད་འཁྱམས་པོ་འཁྱམས་རྒྱུ་བྱུང་ན། ཐ་ན་འཁྱམས་ར་ཞིག་བཟོ་སའི། ས་ཆའི་རྒྱ་ཁྱོན་ཡང་མི་འདུག་ ཁྱེད་རྣམ་པ་ཚང་མའི་བསམ་མནོ་ཞིག་ཐོང་དང་། བཀྲ་ཤིས་མདོ་ལ། གྲུབ་ཆེན་བཟོད་པ་རིན་པོ་ཆེ་དང་། ཕྱིས་སུ་བླ་མ་ཨ་ཡང་རིན་པོ་ཆེ། ཁྱུང་ཡུལ་དུ་ཕེབས་སྐབས། ས་འདི་ཡི། གནམ་ལ་བལྟས་ན། གཡུང་དྲུང་གཡས་འཁྱིལ་གྱི་ལྟེ་བ་ལྟ་བུ་དང་། དབུས་སུ་བལྟས་ན། གནམ་ས་གྲུ་གསུམ། ཡི་དམ་དབལ་ཕུར་གྱི། སྒྲུབ་གནས་ལྟ་བུ་དང་། ཕྱོགས་ཡོངས་ནས་བསྐོར་ཏེ། བལྟས་ན། བུམ་པ་ཁ་གཡེལ་ལྟ་བུའི་ས་འདིར། དགོན་པ་ཞིག་བཞེངས་ཐུབ་ན་ཡག་པོ་འདུག་གསུང་མྱོང་བ་རེད། དེ་བཞིན། ཕྲན་གྱི་ཡབ་དམ་པ། མཐའ་ཞུ་བླ་མ་པད་མ་ཀུན་ལེགས་མཆོག་གི་ཀྱང་། དང་པོ་ནས་དགོན་པ་འདིར། རྒྱབ་དགོས་པས་དགོངས་ཚུལ་གསུང་དུས། གྲོས་མ་མཐུན་ནའང་། རྗེས་སུ་་༡༩༩༥་་ལོར་དགོན་པ་འདིར་སྤོ་རྩིས་བྱས་པ་རེད། དེ་བཞིན་མཁན་པོ་བོན་དབྱིངས་རང་གྲོལ།མཆོག་གིས་ཀྱང་། དགོན་ས་ཡག་པོ་འདུག་གསུང་མྱོང་ཡོད་རེད་ལ། སྔོན་མ་གཏེར་སྟོན་བདེ་ཆེན་གླིང་པ། ས་སྔོན་སྒས་ལ་སྒར་བཏབ་ནས་བཞུགས། ཟེར་བའི་ས་ཆའང་འདི་ན་རེད། ད་ཁྱེད་རྣམ་པ་མི་རེ་རེ་བཞིན་གྱི། ལེན་འདེབས་རོགས་གྱིས་ཟེར་ནས། དང་པོ་བླ་གྲྭ་དང་། དེ་ནས་འགོ་ཁྲིད་བཅས་ཚང་མར། རེ་རེ་བཞིན། དགོན་པ་སྤོ་རྒྱུ་འདི་ངས་ལོ་མང་རིང་གི་རེ་བ་ཆེ་ཤོས་ཡིན། ཁྱེད་ཀྱི་བློ་བབས་མོས་མཐུན་བྱེད་པས། རེ་བ་ཡོད་ལབ་ནས། མི་རེ་རེ་བཞིན་རེ་བ་བཏོན་པས། བླ་གྲྭ་འགའ་འགའ་ཡི། མང་ཡོའི་ཅི་ཟེར་ན་དེ་ཡིན་ཟེར། དེར་འགོ་ཁྲིད་འགས། ཁྱེད་ཚོ་སོ་སོས། ཅི་བསམ་ན་དེ་བླ་མ་ལ། ཡར་ཞུས་ཐོངས། མང་ཡོ་མང་ཡོ། ཅི་འོ། ཟེར་བ་དང་། ཡང་ཁ་ཤས་ནས། ངས་མ་འདྲིས་ཀྱང་། འདི་སྐད་ཟེར། དགོན་པ་སྤོ་རྒྱུ་ལ་མོས་མཐུན་འོ། ནམ་མཁའ་རིན་པོ་ཆེའི། དགོན་པ་སྤོ་རོགས་བྱེད་དུས། ད་ལྟ་དགོན་པ་ལུས་སྤོ་ཟེར།  དེ་ནས་གྲྭ་པ་སྨོན་ཕུད་དང་། ཤེས་རབ། ཀུན་དགའ། སོགས་ཀྱི་མོས་མཐུན་འོ་ཟེར། དེ་མཚམས་ཕྱོགས་དེར་ཡོད་པའི། གྲྭ་པ་ཚང་མའི་མོས་མཐུན་ཡོད་ཟེར།  དེ་ནས་བླ་གྲྭ་ཚང་མས། མང་ཡོ་བློ་བབས་ན། ང་བློ་བབས། ཁོ་བློ་བབས་ཟེར་ཏེ། མོས་མཐུན་བྱས། གྲྭ་རྒྱལ་བ་ཚུལ་ཁྲིམས་ཀྱི། དགོན་པ་སྤོ་རྒྱུ་ལ་བློ་མི་བབས་རྒྱུ་ཅི་མེད་དེ། མ་གཞི་བླ་གྲྭ་མང་ཆེ་བ་ནི། དུས་རྒྱུན་དགོན་པར་བཞུགས་མ་རེད། དེ་ང་ཚོ་ཚང་མའི་ཤེས་འདུག་རྒྱུ། མཐོང་འདུག་རྒྱུ་དེ་རེད། བླ་གྲྭ་དགོན་པར་མ་བཞུགས་ན། དགོན་པ། རང་ལས་བཞིན་བསྡད་པས་ཅི་ཕན།     དེ་སྔ་ལོ་མང་པོ་ལ་དགོན་པ་ལས་པ་ཡིན། ད་ང་ཚོ་ཐོག་མར་གྲྭ་པ་བྱས་ནས་ད་བར་དགོན་པ་ལས་པ་ཡིན། ད་ཚང་མ་རྒས་འགྲོ་གདའ། ད་རུང་དགོན་པ་རང་ལས་བསྡད་པས་ཅི་ཕན། དགེ་བ་བྱེད་དགོས་རེད།  སོ་སོའི་དགེ་བ་བྱེད་དེ་དགོན་པར་འདུག་དྲན་ན། འདི་ན་ཡང་ད་གྲྭ་ཤག་མང་པོ་རྒྱབ་ཚར་གདའ། དགོན་པ་ནང་ལའང་དེ་སྔ་བླ་གྲྭ་མ་ཤོང་བསྡད་མ་ཐལ། བླ་གྲྭ་མ་བསྡད་པ་རེད་མ་གཏོགས། བསྡད་ན་ཤོང་ས་གདའ་ཟེར་བས། ངས་ད་དེ་འདྲ་མ་ཟེར། འདི་ན་བླ་མ་ཆེན་པོ་འདི་འདྲ་གདན་དྲངས། བླ་གྲྭ་མང་ཆེ་བ་དང་འགོ་ཁྲིད་ཚང་མ་གྲོས་མཐུན་དུས། ད་ཚང་མའི་རྟེན་འབྲེལ་བསྒྲིགས་དགོས་རེད་ལབ་པ་ཡིན། དེ་ནས་འགོ་ཁྲིད་ཐམས་ཅད་དང་། དེར་ཡོད་མི་དྲག་ཐམས་ཅད་ཀྱི། དགོན་པ་སྤོ་དགོས་ཟེར་ནས་འུར་རྒྱབ་སྟེ། མོས་མཐུན་བྱས་པས་མ་ཚད། ཁྱེད་བླ་དང་མཁན་པོ་གྲྭ་པ་ཐམས་ཅད་ཀྱིས། བློ་གཅིག་སེམས་གཅིག་བྱེད་པ་དང་། དཀའ་ངལ་ཁྱད་བསད་བྱེད་དེ། དགོན་པ་སྤོ་རྒྱུའི་འགན་ཁུར་རོགས་ཟེར་བས། ཕྲན་གྱིས་དེ་སྔ་འགན་ཁུར་བ་ཡིན། ད་རུང་འགན་ཁུར་བསམ་པ་ཡོད། སྟེང་ཆེན་དགོན་དུ་ཡོད་པས། ཡས་རབ་དང་བསྟན་ཚུལ། ཚུལ་ཁྲིམས་དཔལ་ལྡན། བློ་གྲོས་འབྱུང་གནས་སོགས་ཀྱང་། རང་དགོན་དུ། མར་བྱོན་ནས། རང་དགོན་པར། ལས་དཀའ་བྱེད་རོགས་ལབ་པ་ཡིན། དེ་དུས་ཡས་རབ་ཀྱིས། དེ་སྔ་ངས་དགོན་པར། ལས་དཀའ་ཅི་ཐོན་མ་སོང་ཡང་། ད་ང་ལོ་གཅིག་མཚམས་ནས་སྒྲུབ་གྲྭ་ཚང་རྗེས།  ང་ཚོའི་དགོན་པར། མར་ཡོང་ནས། དགོན་པར་ཞབས་ཞུ་སྒྲུབ་འོང་ཟེར། བསམ་དགེ་ནས། ཚུལ་ཁྲིམས་བློ་གྲོས། དགོན་པ་སྤོ་དུས། ཨར་པོ་ལ། བལྟ་བསྐུལ་དོ་དམ་བྱེད་མཁན་མར་བྱོན་རོགས་ཞུ་དགོས་ཟེར་སོང་ཡང་། མི་གཞན་ཅི་ཟེར་མཁན་མི་འདུག་ལ། ངས་གང་ཡང་མ་བཤད་པས། དེ་མཚམས་ཚུལ་བློས། ང་དེ་སྔ་སྟེང་ཆེན་དགོན་དུ། དང་པོ་སྒྲུབ་གྲྭར་ཟུར་ཞུགས་ལོ་གཉིས་བྱས། དེ་ནས། སྒྲུབ་གྲྭར་དངོས་སུ་བསྡད་ཀྱང་ སྒྲུབ་གྲྭར་བསྡད་དེ། ལོ་གཉིས་མཚམས་ནས། སྟག་ལའི་མཚམས་པ་བྱས་ཏེ། སྒྲུབ་གྲྭ་མཐའ་མ་འཁྱོལ། དེ་ནས་སྒོམ་གྲྭ་མིང་བཏགས་ཀྱང་། དེ་ཡང་ལོ་གཉིས་མཚམས་ནས། བཤད་གྲྭར་ཞུགས་སྟེ། སྒོམ་གྲྭ་ཡང་མཐའ་མ་འཁྱོལ་བས། ད་བཤད་གྲྭ་འདི། ངས་མཐའ་འཁྱོང་ལ་ལ་སྦྱོང་རྒྱུ་ཡིན་ཟེར་ནས། ཁས་མ་བླང་པར། ད་དགོན་བདག་བླ་མའི། ཡོང་འབེབས་དགོན་པར་བཞག་སྟེ། དགོན་པ་གཞུང་ནས། བླ་མའི་འགྲོ་སོང་ཚང་མ་དགོན་པ་གཞུང་ནས། གཏོང་དགོས་རེད་ཟེར་བས། ངས་ཡོང་འབེབས་དགོན་པར་བཞག་འདོད་ཡོད་ལ། དེ་སྔོན་དེ་འདྲ་བྱེད་མྱོང་ཡོད་རེད་དེ། ཕྲན་ཡོང་འབེབས་ཉུང་སྟེ། གཏོང་ཡོང་ག་མི་ཐུག་པར་འདུག་ལབ་པས། ཚུལ་བློ་དང་འགོ་ཁྲིད་ཚོས། ཅི་བྱེད་རྒྱུ་ཡོད་མ་རེད། དགོན་པ་ཚང་མས། དགོན་བདག་བླ་དེ་ལ། ཟས་གོས་སྤྱོད་གསུམ་དང་སྨན་བཅོས་སོགས། འགྲོ་སོང་གཏོང་སྲོལ་ཡོད་པས་མི་ཚད། རླངས་འཁོར་སྤུས་ལེགས་ཀྱང་ཉོ་བ་རེད། བླ་མའི་ཡོང་འབེབས་ཉུང་ན་འདྲ། མང་ན་འདྲ་དགོན་པར་བཞག་ དགོན་པ་གཞུང་ནས་བླ་མའི་འགྲོ་སོང་། ཡོངས་རྫོགས་འགན་ལེན་ན། ཚང་མ་བློ་བབས་ས་ཨེ་རེད་ཟེར་བས། དེར་ཡོད་བླ་གྲྭ་ཡོངས་དང་འགོ་ཁྲིད་ཚང་མ། དེར་ཡོད་མང་ཚོགས་ཐམས་ཅད་ཀྱིས། དེ་བློ་བབས། བླ་མ་ལ་ཡོངས་འབེབས་ཡོད་ན་འདྲ། མེད་ན་འདྲ། དགོན་པ་གཞུང་གིས། དགོན་པའི་བླ་མ་ལ་འགྲོ་སོང་ལོས་གཏོང་། ཟེར་ཏེ། ཚང་མས་བློ་བབས་མོས་མཐུན་བྱས་པས། དེར་ཕྲན་གྱི་ཡོངས་འབེབས། དགོན་པར་བཞག་རྒྱུ་ཐག་བཅད། དེ་མཚམས་ཚང་མ། ནམ་མཁའ་རིན་པོ་ཆེ་མཇལ་བས། ནམ་མཁའ་རིན་པོ་ཆེ་ནས། དགོན་པ་སྤོ་དགོས་ཚུལ་གྱིས། བཀའ་སློབ་མང་པོ་གནང་བས། དེར་ཕྲན་ནས། དགོན་པ་སྤོ་རྒྱུ། ད་ལྟ་ཚང་མ་གྲོས་མཐུན་ཡོད། རིན་པོ་ཆེ་ནས། དགོན་པ་སྤོ་རྒྱུའི་མ་དངུལ་སོགས། སྐྱབས་འཇུག་ཡོད་པ་མཁྱེན་ཞུས་པ་ཡིན། ནམ་མཁའ་རིན་པོ་ཆེས། དགོན་པ་སྤོ་བྱེད། མ་དངུལ་ང་ཡི་སྒོར་ཁྲི་གསུམ་ཡོད། དེ་ནས་སྡེ་ཚང་མས། ཞལ་འདེབས་འབུལ་དགོས་ལེ་རེད་གསུང་སོང་། དེ་བཞིན་བུམ་སྒྲུབ་འཚོགས་རིང་། དགོན་པ་བཞེང་བྱེད། མ་དངུལ་མང་ཚོགས་ཀྱིས། འབུལ་དགོས་པས། སློབ་གསོ་ཡང་ཡང་གནང་སོང་ལ། གྲྭ་པ་དང་ཨ་ནེ་བྱེད་དགོས་པས། བཀའ་སློབ་ཉིན་ལྟར་གནང་བས། སྔ་ཕྱི་གྲྭ་པ་བཅུ་གསུམ་དང་། ཨ་ནེ་ཉི་ཤུ་རྩ་གཅིག་རབ་བྱུང་ཞུས་སོང་བས། གྲྭ་གསར་རྣམས་ཚངས་མ། རྩེ་དྲུག་དགོན་དང་སྟེང་ཆེན་དགོན། མདོ་སྨད་ཉག་རོང་བཅས་སུ། འགྲོ་དགོས་པས། ཞལ་བཀོད་མཛད་སོང་བས། དེར་ཕྲན་གྱིས་གྲྭ་པ་གསར་པ་རྣམས། དགོན་འདིར་སྡོད་བཅུག་རོགས། འདི་ན་སྒྲུབ་གྲྭ་འཛུགས་ཨེ་ཐུབ་བལྟ་རྒྱུ་ཡིན་ཞུས་པས། རིན་པོ་ཆེས། ད་ལྟ་ཁྱེད་ཀྱིས་དགོན་པ་སྤོ་རྒྱུ་དེ་གཙོ་བོ་རེད། སྒྲུབ་གྲྭ་འཛུགས་ཐབས་ཡོད་མ་རེད། ད་ལོ་སོ་ནང་སྒྲུབ་གྲྭ་འཛུགས་རྒྱུ། བསམ་བློ་མ་གཏོང་གསུང་པ་དང་། གྲྭ་གསར་དེ་ཚོ་ཉག་ཁོག་ཏུ་གཏོང་དགོས་བསམ་ཀྱང་། རྩེ་དགོན་སློབ་དཔོན་བསྟན་པ་ཡིས། ནག་རུ་གྲྭ་པ་གསར་ཞུས་ཚང་མ། རྩེ་དྲུག་ལ་ཐོང་ཤོགས་གསུང་བྱུང་བས། གྲྭ་གསར་དེ་ཚོ་རྩེ་དྲུག་ལ་འགྲོ་དགོས་རེད། རྩེ་དྲུག་དགོན་པའི་རླངས་འཁོར་གྲ་བསྒྲིགས་བཟོས་ཏེ། རྩེ་དྲུག་མགྲོན་ཁང་དུ་སྒུག་བསྡད་ཡོད་རེད། གྲྭ་གསར་འགའ་ཤས་སོང་ཚར་ཐལ་གསུང་། དེར་རྩེ་དྲུག་ལ་སོང་ཚར་བ། གྲྭ་སྨོན་་ལམ་ཚུལ་ཁྲིམས་དང་ཁྲི་གཙུག་ཡོན་ཏན། ཁྲི་གཙུག་རྒྱལ་མཚོ་ཕུད། དེ་མིན་དེ་ཚོར་ངས་གྲྭ་པ་རེ་རེ་བཞིན། ཁྱེད་ཚོ་འདིར་བསྡད་ན་འདིར་སྒྲུབ་གྲྭ་འཛུགས་ནས། བསླབ་གཉེར་དང་སྦྱོང་པ་ཉམས་ལེན་བྱེད་ཆོག་རེད། འཚོ་བ་དང་ལྕི་ཤིང་ཚང་མ། ངས་འགན་ཁུར་འོང་ལབ་པས། དགོན་འདིར་སྒྲུབ་གྲྭ་ཚུགས་ན། སྡོད་འདོད་ཡོད་མཁན། བ་ས་གྲྭ་ཤེས་རབ་མཐར་ཕྱིན། བ་ས་གྲྭ་དངོས་གྲུབ་རྒྱལ་མཚན། བ་ས་ཚ་བོ་གྲྭ་བསྟན་འཛིན་རྒྱལ་མཚན། དེ་མིན་བྱང་རྒྱལ། བློ་ལྡན། ཐོག་མེད་ཤེས་རབ། གཙུག་ཕུད་རྒྱལ་མཚན། རྒྱལ་མཚན་ཚུལ་ཁྲིམས། ཤེས་རབ་གོང་འཕེལ་བཅས་འདུག་ལ། དེ་ཚོ་ལ་བ་ས་གྲྭ་རྒན་ཚུལ་ཁྲིམས་འོད་ཟེར་གྱིས། རང་དགོན་དུ་སྒྲུབ་གྲྭ་ཚུགས་སོང་ན། རང་དགོན་དུ་སྡོད་དགོས་པས། སློབ་གསོ་བྱས་པ་ཡིན་འདུག་གྲྭ་གཤེན་བསྟན་ནམ་མཁའ། ཀུན་བཟང་རྒྱལ་མཚན། ནམ་མཁའ་ཡེ་ཤེས་གསུམ་གྱིས། ནམ་མཁའ་རིན་པོ་ཆེས། གར་སོང་ཟེར་ན་དེར་འགྲོ་རྒྱུ་ཡིན། རང་མོས་གྱིས་གསུང་ན། འདིར་བསྡད་རྒྱུ་ཡིན་ཟེར། དེ་ནས་སྤྱི་ཚེས་༡༩་་ཉིན། བུམ་སྒྲུབ་དབང་གནང་།  དེར་དབང་གནང་དུས། རིན་པོ་ཆེས། དགོན་པ་བཞེང་བྱེད། ད་ལྟ་དངུལ་འབུལ་བའམ། ད་ལྟ་དངུལ་མེད་ཀྱང་ཐོ་བཀོད་དེ། ལོ་གསུམ་ནང་དགོན་པར། དངུལ་འཕྲོད་ཐབས་བྱེད་དགོས་གསུང་སོང་ལ། ཕྲན་གྱིས་སྔོན་ནས། ང་ཚོ་དགོན་པའི། འགན་ཁུར་རྣམས་དང་། ཚུན་ཙུའུ་འགོ་ཁྲིད་ཚོས་གྲོས་བྱས་པ་བཞིན། དུད་ཆེ་བ་ཚང་མས། དུད་རེའི་སྒོར་བརྒྱད་སྟོང་ཡན་དང་། དུད་གསར་པ་ཚོའི་སྒོར་ཉིས་སྟོང་ཡན་ཆོད་ཀྱི། དགོན་པ་བཞེང་བྱེད། ཞལ་འདེབས་འབུལ་རོགས་ཞེས་རེ་བ་བཏོན་པ་ཡིན་ལ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.