སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
2012།12།31། ལ་དོག་མི་དགོས་ལ་སྐྲག་མི་དགོས། | 2012/8/18 17:48:00
༢༠༡༢་ལོའི་ཟླ་༡༢་པའི་ཚེས་༣༡་ཉིན་ས་ཡི་གོ་ལ་འགད་མི་སྲིད་ལ་ས་གཡོ་རི་ཉིལ་གྱིས་དམིགས་གསལ་གནས་ཚུལ་གང་ཡང་ལྷག་མི་སྲིད་པས། དོག་མི་དགོས་ལ་སྐྲག་མི་དགོས།བློ་བདེ་མོ་བྱོས། ཁ་སང་དེ་རིང་མི་ཁ་ཤས་ནས་2012།12།31། ལ་ས་ཡི་གོ་ལ་འཇིགས་འགྲོ་ཡི་རེད་ཅེས་གཏམ་འཁྱལ་ས་ཁྱབ་རྡོ་ཁྱབ་བྱུང་འདུག་ཀྱང་སངས་རྒྱས་ཀྱི་བཀའ་དང་འཕག་པའི་ལུང་གང་ལས་ཀྱང་2012།12།31། ཉིན་མོ་ས་འཇིགས་འགྲོ་ཅེས་གསུང་མི་འདུག་འོན་ཀྱང་དུས་གཏན་ནས་མི་འཇིགས་པ་མ་ཡིན་ཏེ་འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པ་ཡང་ནས་ཡང་དུ་བསྟན་པས་ཕྱིར་རོ།  གཉིས་ནས་ཀྲུང་གོ་དང་ཨུ་རུ་སུ་ཉི་ཧོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་དང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་བཅས་རྒྱལ་ཕྱི་ནང་གི་ཚན་རིག་དར་བའི་རྒྱལ་ཁབ་གང་ཞིག་གིས་ཀྱང་2012།12།31། ཉིན་མོ་ས་ཡི་གོ་ལ་འགད་འགྲོ་རྒྱུ་ཡིན་པ་བཤད་མཁན་བྱུང་མེད་པ་རེད། དེ་འདྲ་ཡིན་དུས་ས་ཡི་གོ་ལ་འཇིགས་2012།12།31། ཉིན་འཇིགས་འགྲོ་ཡི་མ་རེད་དོག་མི་དགོས་ལ་སྐྲག་མི་དགོས་བློ་བདེ་མོ་བྱོས། ཡང་རྒྱལ་ཁབ་དེ་ཚོས་ས་ཡི་གོ་ལ་དེ་མི་འཇིགས་རྟག་བརྟན་ཞིག་རེད་ཟེར་གྱི་མི་འདུག་ལ་མ་འོང་པར་མིའི་རིགས་ཀྱི་སྐྱེ་ཁམས་འཁོར་ཡུགས་ལ་སྲུང་སྐྱོང་མ་བྱས་པར་འཕྲུལ་འཁོར་དང་བཟོ་གྲྭས་སའི་གོ་ལ་འབག་བརྩོག་དང་གཏོར་བཤིགས་མི་མཐུན་ནས་བཏང་ན་ཉེ་བའི་ལོ་ལྔ་བརྒྱ་ཚུན་ལ་སའི་གོ་ལ་འགད་འགྲོ་བས་ཉེན་ཁ་ཡོད་ཅེས་ཉེན་བརྡ་གཏོང་དང་གཏོང་བཞིན་པ་རེད།  2012།12།31། ལ་ས་གོ་ལ་འགད་འགྲོ་ཅེས་པས་གཏམ་དེ་གང་ནས་བྱུང་བསམ་ན་དེ་ནི་གནའ་རབ་རོ་མའི་རིག་གནས་ལས་2012།12།31། ཉིན་ཕན་ལ་མི་རིགས་ཀྱི་ལོ་རྒྱུས་བཤད་དུ་མེད་ཅེས་འཁོད་པ་ལ་རོ་མའི་ཆོས་པའི་དེ་ནི་2012།12།31། ཉིན་ལ་སའི་གོ་ལ་འགད་འགྲོ་བར་སེམས་ནས་གོ་བ་ལོག་སྒྲུབས་ཀྱི་གཏམ་དྲེལ་བསྒྲགས་བྱས་པ་ལས་བྱུང་བ་ཞིག་རེད།  ད་ལྟ་གོང་བཤད་བཞིན་ས་གོ་ལ་འདི་ང་ཚོ་མིའི་རིགས་ཀྱི་གཅེས་སྐྱོང་དང་སྲུང་སྐྱོབས་ཡག་པོ་ྨ
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.