རུས་མིང་མཐའ་ཞུ་ཡེ་ཤེས་བསྟན་འཛིན། སེར་མིང་འོད་ཟེར་མཐར་རྒྱས་འབྲེལ་གཏུག་གློག་འཕྲིན་18708082885 ཡང་ན་༡༨༨༩༨༠༡༣༥༨༨འབྲེལ་གཏུག་གློག་མཐོང་QQ1656147408 རྒྱ་ཆེའི་དྲྭ་གྲོགས་ཚོས་སློབ་སྟོན་དང་རྒྱབ་སྐྱོར་རོག་རིམ་གང་མང་གནང་བའི་རེ་བ་ཆེའོ།། །།
- ལུང་རིག་འཁོར་ལོ།
- སྨན་རིའི་ཡོངས་འཛིན
- སྙིང་པོ་རྣམ་གྱི་ཕན
- མ་རྒྱུད་ཐེག་པ་གང་ལ
- མི་སྣ་རིདས་ཕྱི་མ་ག
- བོད་ལ་མི་ཆོས་ཀྱི་ར
- རི་དམར་སྣའི་གྲུབ་ཐ
- སྒོ་བཞི་མཛོད་ལྔའི་
- སུག་བུ་ཆུང་གི་སྐོར
- སྔགས་ཆས།
- གྲོང་ཆོག་སྐོར་གྱི་
- སྔགས་འཆང་བ།
- གནའ་རྫས་རི་མོའི་བོ
- ལོ་རྒྱུས་མི་སྣ་དང་
- རྗེ་མཉམ་མེད་པའི་རྣ
- རྗེ་མཉམ་མེད་པའི་སྐ
- མིའི་བུ་མོ་དང་ཀླུ་
- ངའི་ཕུག་བསམ་གཉིས་ག
- Re:རྒྱལ་ཤོད་ལ་བླ་ག
- Re:སྒོ་བཞི་མཛོད་ལྔ
- Re:ལུང་རིག་འཁོར་ལོ
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:མི་སྣ་རིདས་ཕྱི་
- Re:གནའ་རྫས་རི་མོའི
- Re:བོད་ལ་མི་ཆོས་ཀྱ
- Re:བོད་ལ་མི་ཆོས་ཀྱ
- Re:རྗེ་མཉམ་མེད་པའི
- Re:ངའི་ཕུག་བསམ་གཉི
- Re:ངའི་ཕུག་བསམ་གཉི
- Re:བོད་དཔེ་བཀའ་གཏེ
- Re:སྟག་སླག་ཅན་ལ་ཟུ
- Re:2ཁྱུང་ནག་བསམ་གཏ
- Re:ཁྱུང་པོའི་བླ་ཆུ
- Re:ཁྱུང་པོའི་བླ་ཆུ
རང་རིག་ཉམས་ལེན་དྲི་བ།
རང་རིག་དོན་གྱི་ཞིང་ཁམས་སུ། །
རང་སེམས་ཀུན་བཟང་གི་བླ་མ་བཞུགས། །
རིག་རྩལ་འགག་མེད་སློབ་མ་ཡིས། །
སྣ་ཚོགས་གཉིས་མེད་ཚོགས་ཕུལ་ནས། །
ཉག་ཅིག་དོན་གྱི་བླ་མ་ལགས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
འཁོར་འདས་གཉིས་སུ་ཡོད་ལགས་སམ། །
སྐྱོན་ཡོན་གཉིས་སུ་ཡོད་སམ། །
བདེ་སྡུག་གཉིས་སུ་ཡོད་ལགས་ལས། །
བཟང་ངན་གཉིས་སུ་ཡོད་ལགས་ས། །
ལྷ་འདྲེ་གཉིས་སུ་ཡོད་ལགས་སམ། །
ཕན་གནོད་གཉིས་སུ་ཡོད་ལགས་སམ། །
དགེ་སྡིག་གཉིས་སུ་ཡོད་ལགས་སམ། །
སྤང་བླང་གཉིས་སུ་ཡོད་ལགས་སམ། །
གཟུགས་ལ་མཛེས་དང་མི་མཛེས་གཉིས། །
སྒྲ་ལ་སྙན་དང་མི་སྙན་གཉིས། །
དྲི་ལ་ཞིམ་དང་མི་ཞིམ་གཉིས། །
རོ་ལ་མངར་དང་མི་མངར་གཉིས། །
རེག་ལ་འཇམ་དང་མི་འཇམ་གཉིས། །
ཡིད་ལ་འཐད་དང་མི་འཐད་གཉིས། །
ཡོད་དམ་མེད་དམ་བླ་མ་ལགས། །
ངེས་པའི་དོན་དུ་ཅི་ལྟར་ལགས། །
གསལ་བར་བདག་ལ་བཤད་དུ་གསོལ། །
ཞེས་ཞུས་སོ། །དེ་ལ་བླ་མས་སྨྲ་བསམ་བརྗོད་བྲལ་ཆེན་པོའི་གསུང་གིས་འདི་སྐད་ཅེས་གསུངས་ཏེ།
རང་རྩལ་རིག་པའི་སློབ་བུ་ལགས། །
ཞུས་པ་ལེགས་སོ་རིགས་ཀྱི་བུ། །
ཇི་ལྟར་ཞུས་བཞིན་བདག་གིས་བཤད། །
འཁོར་བ་མྱང་འདས་བོན་རྣམས་ཀུན། །
ངེས་པའི་དོན་དུ་འདི་ལྟར་ལགས། །
རང་སེམས་སྤྲོལ་བྲལ་ཉག་གཅིག་ལ། །
འཁོར་དང་མྱང་འདས་གཉིས་སུ་མེད། །
འཁོར་འདས་གཉིས་སུ་སྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
དེ་བས་ལོགས་སུ་ཡོད་མ་ཡིན། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
སྐྱོན་ཡོན་གཉིས་སུ་མེད་པ་སྟེ། །
སྐྱོན་ཡོན་གཉིས་སུ་སྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
བདེ་དང་སྡུག་བསྔལ་གཉིས་སུ་མེད། །
བདེ་སྡུག་གཉིས་སུ་སྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
བཟང་དང་ངན་པ་གཉིས་སུ་མེད། །
བཟང་ངན་གཉིས་སུ་སྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
ལྷ་འདྲེ་གཉིས་སུ་ཡོད་མ་ཡིན། །
ལྷ་དང་འདྲེ་རུ་སྣང་བ་ཡང༌། །
རང་རིག་རྩལ་དུ་ཤེས་པར་གྱིས། །
དེ་བས་ལོགས་སུ་ཡོད་པ་མིན། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
ཕན་དང་གནོད་པ་གཉིས་སུ་མེད། །
ཕན་གནོད་གཉིས་སུ་སྣང་བ་ཡང༌། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
དགེ་དང་སྡིག་པ་གཉིས་སུ་མེད། །
དགེ་སྡིག་གཉིས་སུ་སྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
སྤང་དང་བླང་བ་གཉིས་སུ་མེད། །
སྤང་བླང་གཉིས་སུསྣང་བ་ཀུན། །
རང་རིག་རྩལ་དུ་ཤེས་པར་གྱིས། །
རང་སེམས་སྤྲོས་བྲལ་ཉག་གཅིག་ལ། །
གཟུགས་ལ་མཛེས་དང་མི་མཛེས་མེད། །
སྒྲ་ལ་སྙན་དང་མི་སྙན་མེད། །
དྲི་ལ་ཞིམ་དང་མི་ཞིམ་མེད། །
རོ་ལ་མངར་དང་མི་མངར་མེད། །
རེག་ལ་འཇམ་དང་མི་འཇམ་མེད། །
ཡིད་ལ་འཐད་དང་མི་འཐད་མེད། །
འཁོར་འདས་བོན་རྣམས་ཐམས་ཅད་ཀུན། །
ངེས་པའི་དོན་དུ་དེ་ལྟར་ལགས། །
ཅེས་པའི་ཚུལ་འདིའང་ཚུལ་ཡེ་པས་རྩེ་དྲུག་ཤེལ་དགོན་དུ་ཅི་ཤར་གང་དྲན་དུ་བྲིས་སོ། །
- ཟིན་ཐོ་གོང་མ།བསླབ་བྱའི་ཀ་ཕྲེང་བཞུགས། འོས་སྦྱོར།
- ཟིན་ཐོ་འོག་མ།འཕྲུལ་ངག་བདེན་པ་གཡུང་དྲུང་བོན་ནི།