སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་འདལ།
[ 2011/9/5 18:48:00 | By: ཁྱུང་བྱ་ར་བ། ]
 

མ་འདལ། མ་རྒྱུད་ཀྱི་ལམ་མངོན་སངས་རྒྱས་པའི་རྒྱུད་ལས། འདུས་བྱས་རྫས་ཀྱི་མཆོད་པ་མ་འདལ་མཆོག བཤམ་ལེགས་བཀོད་མཛེས་རྟེན་འབྲེལ་མཐུན་པའི་མཆོག ཚོགས་བསགས་རྟེན་དམིགས་བསྒྲུབ་པའི་མཆོད་པས་མཉེས། ཞེས་པའི་འགྲེལ་རྒྱལ་གཤེན་གྱིས་བཏབ་པ་ཅུང་ཙམ་གུད་དུ་ཕྱུང་ཁག་མེད་ཅིག་གཤམ་གསལ། གཉིས་པ་དངོས་སུ་བཤམ་པ་ནི། རྒྱུ་དང་། ཚད་དང་། རྟེན་འབྲེལ་དང་། འབུལ་ལུགས་དང་། སྔགས་དང་། ཚིག་བཤད་དང་། ཡོན་ཏན་དང་བདུན་ཡིན་ནོ། རྒྱུ་ལ་རབ་འབྲིང་ཐ་གསུམ་སྟེ། རབ་ནི་རིན་པོ་ཆེ་གསེར་དངུལ་ལ་སོགས་པའོ། །ཚད་ནི་རང་ལུས་འདོམ་གང་རྒྱལ་བའི་དཀྱིལ་འཁོར་ཚད། འབྲིང་ནི་ཁྲུ་གང་ཐ་མ་མཐོ་གང་ངོ་། ཞི་བ་དངུལ་ལ་རྒྱས་པ་གསེར། དབང་ནི་ཟངས་ལ་དྲག་པོ་ལྕགས། མཐོ་དམན་ཁྲུ་དོ་མདའ་ཚད་སོར་བཞིའོ། །བཟོ་བོ་མཁས་ཀྱིས་བྱས་པ་ལ། ཤིན་ཏུ་ཕྱི་བདར་ལེགས་པར་བྱ། དེ་ལྟར་ཕྱི་བདར་ལེགས་བྱས་པས། ཡོན་ཏན་མཆོག་ཏུ་གཟུགས་བཟང་དབང་པོ་ཀུན་ཚང་ནས། ཞིང་ཁམས་དག་པའི་གནས་སུ་སྐྱེ་བར་ངེས། གཡའ་དང་དྲི་མས་གོས་པ་ན། ཉེས་སྐྱོན་དྲི་མ་དག་པ་དཀའ། དྲི་མ་མེད་པ་ཕྱིས་བྱས་པས། སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར། དབུས་ཀྱི་འོད་འདུ་མེད་པ་ན། བསྟན་པ་འདུལ་ཞིང་ཆུང་བར་འོང་། དྲུ་སྐོར་རྟ་རྒྱབ་ལྟར་སོང་ན། ཟས་ནོར་ལོངས་སྤྱོད་ཆུང་བ་ཡིན། འཕང་ནི་ཤིན་ཏུ་དམའ་བ་ན། གཞན་སྣང་ཟིལ་གྱིས་མི་ནོན་ནོ། །སྲིབ་ན་ཕྱི་མར་བསོད་ནམས་ཆུང་བ་ཡིན་ནོ། ལྕགས་རི་སོ་མང་ཁ་དང་ཁྱི་ཡིས་དྲད་པ་འདྲ་ན། འཁོར་ངན་པར་སོང་བ་ཡིན། ཡ་ཡོ་རྐང་རྐོང་ཆེ་བ་ན། བསོད་ནམས་དར་གུད་ཡོང་བ་ཡིན། བུག་པ་སེར་ཁ་ཡོད་པ་ན། ནོར་ལ་ལ་གོད་ཁ་ཡོང་བ་ཡིན། དེས་ན་སྐྱོན་མེད་མ་འདལ་བཅང་བྱས་ལ། མཉམ་པའི་ཁྲི་སྟེང་བཞག་ལ་འབུལ། དེ་ནས་རྒྱན་རྣམས་དགོད་པ་ནི། རྒྱན་ཡང་རབ་འབྲིང་ཐ་མའོ། །རབ་ནི་རིན་པོ་ཆེ་གསེར་གཡུ་བྱ། འབྲིང་དུང་ངམ་འགྲོན་ཚོམ་འབྲུ་སྣ་ལ་བྱ། ཕྱག་གི་དྲི་མ་རམ་སྤང་ནས། རིན་ཆེན་རྒྱན་དང་མ་འདལ་ཕྱིས།  གཡོན་པས་མ་འདལ་གཡས་པས་རི་རབ་བཟུང་། མ་འདལ་དབུས་སུ་རི་རབ་བཞག དེ་ནས་རང་ངོས་ཤར་ནས་བསྐོར། གླིང་བཞི་གླིང་ཕྲན་བརྒྱད་དང་ཉི་ཟླ་གཉིས་ཏེ་བཅོ་ལྔའམ། བཅུ་བདུན་དགུ་ལྔ་པའམ། རྒྱན་རྣམས་མ་འདལ་ཆེ་ཆུང་ཚད་དང་སྦྱར། མ་འདལ་ལག་པ་དང་བྲལ་ནས་སྟོང་པ་བཞག་ན་བསམ་པ་མི་འགྲུབ། སྟོང་པར་ལུས་པས་སངས་རྒྱས་བསྟན་པའི་འདུལ་ཞིང་མེད་པའི་སའམ། ལོག་སྤྱོད་དམ་པ་རྒྱལ་ཁྲིམས་ཀྱི་འོག་ཏུ་རང་དབང་མེད་པ་སྐྱེ་བར་འགྱུར། རྒྱན་རྣམས་འཐོར་ཞིང་འཁྲུག་པ་ན་བསམ་གཏན་ལ་བར་ཆོད་མང་ཞིང་བློ་ལས་སུ་མི་རུང་ཞིང་གནས་ལུགས་ཀྱི་བརྟན་ས་མི་ཟིན་ནོ། །དེས་ན་ཤིན་ཏུ་བཀོད་པ་ལེགས་པར་བྱས་ལ་འབུལ་ལོ། དེ་དག་རྟེན་འབྲེལ་བསྟན་པའོ། །ཞེས་པའི་གཞུང་འདི་ནི། རྗེས་སོར་འ་ཅག་བོན་འབངས་ཡོངས་ཀྱིས་མ་འདལ་ཚད་གཞི་དང་ལྡན་པ་འདི་ལྟ་བུ་ཞིག་བེད་སྤྱོད་ཡོང་རྒྱུའི་རེ་བ་དང་ཕྲན་རང་ཉིད་ཀྱང་འདི་ལ་མ་རྨོངས་པ་ཞིག་ཡོང་ཕྱིར་དྲངས་པ་མ་གཏོགས་གཞན་ཟུར་ཟའི་དམིགས་ཡུལ་ཅི་ཡང་མེད། འདིའི་རྣམ་བཞག་འདི་ལྟ་བུ་ནི་ངོ་མར་ང་ཚོ་དགའ་འོས་པ་ཞིག་མ་རེད་དམ། བསྟན་ལ་ལྷག་བསམ་དཀར་ཞིང་སྟོབས་འབྱོར་མངའ་ཐང་ལྡན་པ་གང་ཞིག་གིས་གཞན་རྗེས་སུ་འབྲེང་མི་དགོས་པའི་མ་འདལ་ཚད་ལྡན་འདི་ལྟ་བུ་ཞིག་འཛུགས་བསྐྲུན་མྱུར་དུ་ཐོབ་པར་སྨོན།། །།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.