སྡུག་རྟགས་རེད།
༧བླ་རི་གངས་ཀྱི་རི་རེད།།
བླ་མཚོ་གཡུ་ཡི་མཚོ་རེད།།
གངས་ཅན་བོད་པ་མི་རེད།།
སྲོལ་རྒྱུན་འཛིན་རྒྱུ་འགན་རེད།།
རིག་གནས་མེས་པོའི་ནོར་རེད།།
བཞག་ས་གངས་རིའི་བུ་རེད།།
གནས་ས་གངས་ཅན་བོད་རེད།།
སྦྱོང་བརྩོན་མི་བྱེད་སྐྱོན་རེད།།
ཨ་གསར་བོད་པའི་འཚང་རེད།།
ལུགས་སྲོལ་འགྱུར་བ་རང་རེད།།
འགྱུར་ལྡོག་ཆེ་བ་བློ་རེད།།
སྲོལ་རྒྱུན་ཉམས་པ་སྐྱོན་རེད།།
ལ་རྒྱ་ཁ་ཡི་ཚིག་རེད།།
ལུགས་སྲོལ་སྒང་གི་དར་རེད།།
དེང་རབས་གླུ་པའི་ལུགས་རེད།།
ལོ་རྒྱུས་མི་ཤེས་སྐྱོན་རེད།།