། མཐོ་སྒང་གི་རང་མདངས། ཁུ་བློ།
གསེར་མདོག་ཉི་མ་ནུབ་རིའི་འཕྲག་ནས་ཡོལ།
དུང་མདོག་ཟླ་བ་སྤྲིན་ནག་སྲིབ་ལ་ལུས།
འོད་ལྡན་སྐར་ཚོགས་ནམ་མཁའི་མཐའ་ནས་ཡལ།
སེམས་ཀྱི་ཞི་བདེ་འདུ་འཚོགས་ཁྲོད་ནས་བོར།
གཡང་དཀར་ལུག་ཁྱུ་རི་རྐྱང་སྔོན་མོས་གཏོར།
ལྷ་འབྲུ་དཀར་མོ་ཤན་པའི་ལག་ན་ཤོར།
འདོ་བ་རྟ་ཕོ་ཁེར་རྐྱང་རི་ལ་ལུས།
ང་ཡི་འཚོ་རྟེན་འདི་ལྟར་རྒུད་ལ་སོང་།
ཕ་ཆོས་གཙང་མ་ལོག་པའི་ཐན་དུ་བལྟ།
ཤེས་བྱ་རིག་པ་རང་གི་ཁུར་པོར་མཐོང་།
ཟ་ཉལ་ཁོ་ནའི་མི་ཚེ་སྟོང་ལ་ཁད།
ང་ཚོའི་མདུན་ལམ་རྐང་ལམ་ཕྲ་མོ་ཞིག
ཕ་སྐད་གཙང་མ་ར་མ་ལུག་གི་སྐད
ཕ་ཡིག་དག་མར་རྨོངས་པའི་དྲྭ་བ་འཁྲིགས།
ཕ་ཆས་བཟང་པོ་ཡ་མ་ལ་ཡི་ཆས།
ཕ་ས་འདི་ནས་ཀྱེ་མ་སྲོལ་ངན་ཞིག
ལ་ལུང་དོན་ལ་རང་སྲོག་འབན་དུ་བཞོག
སྒོར་མོའི་དོན་ལ་རང་ལུས་གཞན་ལ་བཙོང་།
ཆུང་མའི་དོན་ལ་སྤུན་ཟླ་དགྲ་རུ་བརྩི།
ནང་འཁྲུགས་ངན་པས་སྒང་བའི་ལ་རྒྱ་གཏོར།