སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འཁུན་སྒྲ་ཐེངས་གཅིག
[ 2012/7/2 19:57:00 | By: ཁྱུང་བྱ་ར་བ། ]
 

འཁུན་སྒྲ་ཐེངས་གཅིག།       ཁུ་བློ།

 

བསིལ་རླུང་དལ་བུར་ལྡང་བའི་ཉིན་མོར།  སུ་ཞིག་གི་བསླུ་བྲིད་ཀྱི་འཛུམ་རིས་ཡིན་ནམ།

མཁའ་དབྱིངས་ན་མཛེས་སྡུག་གི་སྤྲིན་དཀར་མེད་ལ།

གསེར་མདོག་གི་ཉི་མ་སྤྲིན་སྲིབ་ལ་བླ་སྲོག་ཤོར་བའི་ཚེ་འདས་བཞིན་བྲེལ་ཚབ་ཚབ། ཁེར་རྐྱང་གི་མི་བུ་ཞིག འདས་ཟིན་གྱི་ལོ་ཟླ་ལ་ཕྱི་མིག་བལྟ་བཞིན། མེ་ཏོག་ལྟ་བུའི་ཁྱེད་ལ་གཞིགས། རི་བོ་དེ་ཡི་ཕ་རོལ་ན་རི་བོ་ག་ཚད་ཡོད་པ་མ་རྟོགས་པར། ཁྱེད་ཉིད་བསམ་ཐེངས་རེར། དྲན་གདུང་གི་མཚོ་མོ་སྔར་ལས་ཟབ་སོང་། ལས་སྐལ་དེ་སུ་ཞིག་གི་མནར་གཅོད་ཡིན་ནམ། ཁེར་རྐྱང་དུ་ སྤྲིན་སྲིབ་ཀྱི་ཟླ་བ་བཞིན་གྲང་ཤུལ་ཤུལ་ངང་། ཅི་ཞིག་ལ་འདངས་བརྒྱག་མེད་པ། ཁྱེད་ཁོ་ན་ལ་དུང་སྣང་འཁྱུད། དུང་བ་དེ་ཡི་ཟབ་ས་ནས་གཟོད་མེད་ཀྱི་རླབས་ཕྲེང་འཐོར་ལ། དྲན་པ་དེ་ཡི་བརྩེ་ས་ནས་སོས་མེད་ཀྱི་རྨ་ཁ་ཐེབ་སོང་། བཅོས་མིན་གྱི་གདུང་བ་དེ། བདེ་སྐྱིད་ཀྱི་ས་བོན་ཡིན་རུང་། ཡང་ན་སྡུག་བསྔལ་གྱི་སྟ་གོན་ཡིན་རུང་། ཁེར་རྐྱང་གི་ལས་སྐལ་ཞིག               

 ཁྱེད་མེད་པའི་ཉིན་མོ།  

ཡོད་ཚད་ཀྱི་སྙིང་དུ་ཆག་པའི་ཁྱེད་ཉིད།  སུ་ཞིག་གི་གཡོ་སྒྱུ་ཡིན་ནམ། ཅི་ཞིག་མ་ཉན་ནམ།  གློ་བུར་དུ་གནས་སོང་བུ་མོ་ལྟ་བུ་འདི་ནས་ཞིང་ཁམས་གཞན་དུ་ཆས་སོང་།  གདོད་མ་ནས་ཡོད་པའི་རང་ལུགས་ཞིག  གནའ་ནས་ཡོད་པའི་ཆོས་ལྡན་ཞིག་ལ་འདངས་བརྒྱག་མེད་པ་ཆས་པ་ཡིན་ནམ། ཕྱི་མིག་ཀྱི་དུང་སེམས་ལུས་ནས་ཆས་སོང་། འདི་ལྟར་ཁྱེད་ཉིད་ཀྱི་ཕེབས་ལུགས་དེ་དྲན་ཐེང་རེར།  ཤུལ་ལུས་ཀྱི་མི་བུ་ཁྱུ་ཚོ་ཁྲག་དྲོན་གྱི་མིག་ཆུ་ལྐོག་ན་འདོན་བཞིན། སྐྱོ་གདུང་གི་སྨྲེང་ངག་འང་ལྐོག་ན་གླེང་། ཁྱེད་མེད་པའི་ཉིན་མོར། འུ་ཚོའི་འཇིག་རྟེན་ལ་མཛེས་སྡུག་གི་ཁ་དོག་མེད་ལ།       འཁྱག་སིབ་སིབ་གྱི་ལོ་ཟླ་རེ་རེ་དྲན་གདུང་གི་ཀློང་ནས་འཕྱུར།།
 
 
Re:འཁུན་སྒྲ་ཐེངས་གཅིག
[ 2012/7/6 16:25:38 | By: སྐུ་མགྲོན་HLco2S(སྐུ་མགྲོན) ]
 
སྐུ་མགྲོན་HLco2S(སྐུ་མགྲོན)བསམ་བློའི་ཚོར་འདུ་དྲག་པོ་་ཞིག་གསོན་ཉམས་དོད་པོས་མཚོན་གནང་འདུག
 
 
Re:འཁུན་སྒྲ་ཐེངས་གཅིག
[ 2012/7/5 11:48:37 | By: སྐུ་མགྲོན་r8NYq1(སྐུ་མགྲོན) ]
 
སྐུ་མགྲོན་r8NYq1(སྐུ་མགྲོན)དངོས་གནས་བདེན་པ་ཡིན་ནམ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.