ལོ་སར་ཚེས་གསམ།
ལོ་སར་ཚེས་གསུམ།།
ཉེར་གཅིག་དུས་རབས་གསར་པའི་གནམ་ལོ་གསར་པ།།
ལྕགས་བུ་ཆུ་ཡིས་གསོས་པའི་ཆུ་ཕོ་འབྲུག་ལོ།།
དགའ་སྐྱིད་རྟེན་འབྲེལ་རྟགས་ཀྱི་ཁ་གཡང་མཉམ་དུ།།
ཚེ་རིང་ནད་མེད་འབྱོར་བར་བཀྲ་ཤིས་བདེ་ལེགས།།
གཙང་མ་མི་ལུས་རིན་ཆེན་ཁག་ཡོད་ལག་ཡོད།།
སྙན་དབྱངས་ངག་གི་འགྱུར་ཁུག་དབང་ཡོད་དབང་མེད།།
ལྡེམ་མྱུར་ལུས་ཀྱི་སྟངས་སྟབས་མིག་གི་ཆོ་འཕྲུལ།།
ང་ཚོ་ལྟད་མོ་བ་ཡི་མིག་གི་བདུད་རྩི།།
རྩིད་དམར་སྦོ་ལོ་ཅན་གྱི་སྟེང་ཆེན་རལ་པ།།
ཐེར་ཕྲུག་ལྭ་བ་ཅན་གྱི་ཆབ་མདོའི་བྲོ་ཆེན།།
རྒྱུད་མང་རོལ་དབྱངས་ཅན་གྱི་སྨར་ཁམས་པི་ཝང་།།
མི་རབས་རྒྱུད་མའི་ནང་ནས་ལྟད་མོ་ཟད་མེད།།
ཁྱུང་ཕོ་ཤྭ་བ་རང་བྱོན་ཞིག་གི་འགྲམ་ནས།།
ཨ་དབལ་སྲུང་ཟློག་འཕྲིན་ལས་གཅིག་གི་མཇུག་གྲུབ།།
ཁམས་མཐུན་ལས་གྲོགས་སྤུན་ཟླ་འགའ་དང་ལྷན་དུ།།
སྣང་ཚུལ་གསར་པ་དབང་མེད་འདི་ལྟར་འཕྲད་བྱུང་།།