ཞང་ཞུང་སྒོ་པ།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།
 

ཅེས་པའི་ལུས་འདི་སུམ་པ་གླང་དུ་འཁྲས།། 

ཟོལ་མེད་ལས་དབང་གཡུང་དྲུང་བོན་དང་འབྲེལ།།

ལྟས་དབང་གྲོགས་པོ་འཛམ་གླིང་དྲྭ་སྐུད་སྦྲེལ།།

 རིགས་ལམ་ཐོར་བུ་སྨྲ་བའི་ཁྱུང་ཕྲུག་ཡིན།།

༡༩༧༩-༡.༢༩ནས་བོད་རྒྱལ་སྤེན་ནེ་རི་བཀྲའི་བྱང་ངོས་སུ་དལ་རྟེན་བརྙེད།

 

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 32
  • དཔྱད་བརྗོད། 51
  • ཆེམས། 0
  • ཀློག་གྲངས། 11460


 
སེམས་ཀྱི་འཕྲོ་འདུ།
[ 2012/7/2 19:54:00 | By: ཁྱུང་བྱ་ར་བ། ]
 

དྲན་སེམས་ཀྱི་འཕྲོ་འདུ། ཁུ་བློ།

དྭངས་གཙང་རྫ་ཆུ་ཟིལ་མ་ལྷོག་ལྷོག་རྒྱང་ལ་བཞུར་བས་ན།

བདག་སེམས་ཡིད་ཀྱི་འཕྲོ་འདུ་མེ་ཏོག་ལས་ཀྱང་ལང་ཚོ་རྒྱས།

ཁྱེད་ལ་ལྟས་ནས་འཛུམ་མདངས་ཤིག་ཤིག་དལ་པོར་གནས་པས་ན།

ང་ཡི་ལང་ཚོ་སྤྲིན་པ་ལྟ་བུ་ནམ་ཡང་མཛེས་སྡུག་ལྡན།

                                       རབ་མཛེས་སྤྲིན་པ་དཀར་པོ་དལ་བུར་ལྷོ་ལ་བཞུད་པས་ན།

ཁེར་རྐྱང་ཟླ་བ་གཞོན་ནུས་གློ་བུར་ཁྱེད་ཉིད་ཡིད་ལ་དྲན།

                              ཤག་ཤག་ཟེར་གྱིན་ཆར་སྒྲས་གནམ་ས་བཀང་བས་ངང་ཚུལ་ལ།

                              ལ་དང་ལུང་པ་ཆེམ་ཆེམ་ཆུ་མོའི་གཡོག་ནས་ཁྲ་ཆེམ་མེར།

ཁུ་བྱུག་སྔོན་མོའི་གསུང་སྐད་ལྷང་ལྷང་རྣ་བར་ལྷུང་བས་ན།

བདག་ཡིད་མེ་ཏོག་སེར་ཆེན་འདབ་མ་ལྷབ་ལྷུབ་ཁྱེད་ལ་ངོམ།

ལྗང་མདོག་དབྱར་གྱི་དཔལ་ཡོན་མིག་གི་བདུད་རྩིར་གྱུར་པས་ན།

ཧ་ལོའི་མེ་ཏོག་བཏུ་ནས་ཁྱེད་ལ་དད་པའི་མཆོད་རྫས་འབུལ།

                           ཨ་ཅེ་འབྲོག་མོའི་རྫི་གླུ་སྙན་མོ་རི་ནས་བླང་པས་ན།

                           གཡང་དཀར་ལུག་ཁྱུ་འབའ་སྒྲ་ཤིག་སེར་སྤང་རི་ངོས་ནས་འགྲིམ།

                         སྦྲ་ནག་གསེབ་ནས་སྔོ་བསང་དུ་བ་མཁའ་ལ་འཕྱུར་དུས་ན།

ཞོ་དང་འོ་མའི་བྲོ་བ་མངར་མོ་སྔར་ལས་དྲི་བསུང་འཐུལ།

                           ལྷ་འབྲུ་དཀར་མོས་ངུར་སྒྲ་སྒྲོགས་བཞིན་རྩ་ཐང་འགྲིམ་དུས་ན།

                           ལོ་ཟླའི་ཕྱི་མིག་དུང་བ་ཟབ་པས་མིག་ཆུ་དབང་མེད་ཤོར།

                          བེའུ་ཕྲུག་ཟུང་གི་མཆོང་རྒྱུགས་བྱེད་བཞིན་རྩེད་འཇོ་རོལ་བས་ན།

                         བདག་གི་སེམས་ལ་བྱིས་དུས་དྲན་པའི་གདུང་བ་སྔར་ལས་ཟབ།།

 

དཔྱིད་ཀ། ཁུ་བློ།

དེ་རིང་། འཇམ་ཐིང་ཐིང་གི་ཡུལ་ལྗོངས། དགའ་ལྷང་ལྷང་གི་ཚོར་བ། ངའི་གཅེས་པའི་དཔྱིད་ཀ རེ་སྒུག་ཁྲི་ཡི་འབོད་སྒྲའི་གསེང་ནས། དགའ་སྐྱོ་སྟོང་གི་ལང་ཚོ་ངོམ་གྱིན་སླེབས་བྱུང་། གཡང་དཀར་ལུ་གུའི་འབག་སྒྲ་སྒྲོགས་བཞིན། གསེར་ལྡན་སྒེག་མའི་མཛེས་སྡུག་རྫོགས་སའི་དེ་རིང་། སུམ་རྩེན་ལས་ལྷག་པའི་འཇིག་རྟེན་བསུ་གྱིན། སོ་ནམ་པ་ཡི་ཐོག་མའི་ལམ་བུ་གཏོད་ནས་སླེབས་བྱུང་། དཔྱིད་ཀ སྦྲང་ཆར་ཟེགས་མའི་བདུད་རྩི་རྩོལ་བཞིན། གཡུ་འབྲུག་སྔོན་མོའི་རྒོད་སྒྲ་འཛམ་སའི་དཔྱིད་ཀ འདི་ལྟར་ངའི་དགའ་སྤྲོ་འཕེལ་བའི་ཐོག་མའི་ཚོར་བ་གསར་པ། ད་དུང་སྤྲིན་དཀར་གྱི་འདབ་མ་ན་བུན་གྱི་གུར་ཁང་། དེ་ལྟར་ངའི་གཅེས་པའི་དཔྱིད་ཀ་སླེབས་བྱུང་།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.