སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྗེ་བླ་མ་དྲན་པའི་མིག་ཆུ།
[ 2011/9/5 18:43:00 | By: ཁྱུང་བྱ་ར་བ། ]
 

རྗེ་བླ་མ་དྲན་པའི་མིག་ཆུ། ༧༼བདེ་ཆེན་རྒྱལ་པོ་༽ཞེས་པས་བདེ་བ་མཆོག་ཏུ་གྱུར་པ་དེ་བསྟན་གྱིན་ཡོད་དེ་ཡང་རང་རེ་ཚོའི་ཚོར་བདེ་ལྟ་བུ་སྐབས་འགར་ཡོད་ལ་སྐབས་འགར་མེད་པ་འགྱུར་བ་ཙམ་གྱིས་གཏན་ནས་མཚོན་མི་ནུས་པ་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན། ༼ཀུན་བཟང་༽ཞེས་པས་ཀུན་རྫོབ་ཏུ་མཛད་འཕྲིན་སྤྲུལ་པ་སྣ་ཚོགས་ཇི་ཙམ་བསྟན་ཀྱང་དོན་དུ་ཀུན་ཏུ་བཟང་པོ་ལས་གཡོས་མ་མྱོང་བ་བསྟན། ༼རྒྱལ་བ་འདུས་༽ཞེས་པས་རང་རེ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་གནས་སུ་གྱུར་ཅིང་ངོ་བོ་སངས་རྒྱས་དང་མཉམ་ཡང་བཀའ་དྲིན་རྒྱལ་བའམ་སངས་རྒྱས་ཀུས་འདུས་ནས་ཕན་བཏགས་པ་ལྟ་བུ་ཆེ་བས་བརྗོད། ༼མི་བརྗེད་གཟུངས་ལྡན་༽ཞེས་པས་གཟུངས་ཆེ་པོ་ཐོབ་ཡོད་པ་བསྟན་། དེ་ཡང་གཟུངས་ལ་དབྱེ་ན་ཚིག་གི་གཟུངས་དང་། དོན་གྱི་གཟུངས། བཟོད་པའི་གཟུངས། གསང་སྔགས་ཀྱི་གཟུངས་སོགས་མང་དུ་གསུང་པ་རྣམས་ལས་འདི་ནི་གསང་སྔགས་ཀྱི་གཟུངས་དང་ལྡན་པ་ལ་འདོད་པ་ཡིན། གཟུངས་སྔོན་མ་གཉིས་ཐར་ལམ་དུ་མ་ཞུགས་གོང་ནས་ཐོབ་ཆོག་པ་དང་། ཕྱི་མ་གཉིས་ལས་བཟོད་པ་དངོས་དང་། གསང་སྔགས་ཀྱི་གཟུངས་གཉིས་མ་མཐའ་མཐོང་ལམ་གསར་དུ་ཐོབ་པ་ཡན་ནས་བསྟན་འདུག་པས་སོ། ༼ཤེས་རབ་སྨྲ་བའི་སེང་༽ཞེས་པས་སྐྱོན་དང་ནོར་འཁྲུལ་མི་མངའ་བས། སྨྲ་བའི་སེང་གེ་དངོས་སུ་བྱོན་འདུག་པར་དད་པ་དང་མོས་གུས་ཅན་གྱི་ངོར་མཐོང་ཐུབ་པས་ལགས། ༼འཛམ་གླིང་བོན་གྱི་གཙུག་རྒྱན་༽ཞེས་པས་གོ་ལ་འདིའི་སྟེང་ན་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་བུ་ས་སྟེང་གང་བ་ཡོད་ཀྱང་ཚང་མའི་གཙུག་རྒྱན་ལྟར་ལྷག་པས་དང་། ༼མཉམ་མེད་པ་༽ཞེས་པས་སུ་དང་གང་གིས་ཡོན་ཏན་གྱིས་འགྲན་ཟླ་མི་ནུས་པ་བསྟན་པ་ཡིན་ཏེ། ཀུན་མཁྱེན་ཉི་མས་ཀྱང་། རབ་མང་གྲུབ་མཐའ་ཀེ་ལ་ཤ་རིའི་སྤོར། མཉམ་མེད་བླ་མའི་རིང་ལུགས་གདོང་ལྔའི་དབྱངས། ཞེས་གསུང་པའི་ཕྱིར། ༼ཤེས་རབ་རྒྱལ་མཚན་༽ཞེས་དེ་ལྟ་བུའི་ཡོན་ཏན་པའི་མཚན་དང་ཡོན་ཏན་དངོས་སུ་བརྗོད་ནས་༼གསོལ་བ་འདེབས༽་ཞེས་ཆོས་ལུགས་ཆེན་པོ་ལྔའི་ཡ་གྱལ་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་བློ་བཟང་གྲགས་པས་ཀྱང་གསོལ་བ་འདེབས་འོས་པ་བསྟན་པ་ཡིན། དེས་ན་ཐ་མལ་པ་རང་རེ་ཚོའི་སངས་རྒྱས་སུ་འདུ་ཤེས་བཞག་ན་ཤིན་ཏུ་ལེགས་པ་ཡིན་ཏེ། ཇི་སྐད་དུ་བླ་མ་སངས་རྒྱས་སུ་བསྒོམ་ན་གདམས་ངག་བདུད་རྩི་རུ་འབྱུང་། བླ་མ་ཁྱི་རྒན་དུ་བལྟས་ན་གདམས་ངག་བཀྲུ་བཤལ་དུ་འགྱུར། ཞེས་གསུངས་སོ།། 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.