སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཀ་ཁ་ག་ངའི་མིག་ཆུ།
[ 2012/5/7 13:35:00 | By: ཁྱུང་བྱ་ར་བ། ]
 

ཀ་ཁ་ག་ངའི་མིག་ཆུ།                  ཁྱུང་ཁུ་ལོ།

ཀ་དག་རིག་པའི་རང་མདངས་མངོན་དུ་འཆར།།

ཁ་ཞེ་མཐུན་ཞིང་བསྟན་པའི་དོན་ཆེན་སྒྲུབ།།

ག་ས་གང་གི་འགྲོ་བ་མ་ལུས་པ།།

ང་དང་ཁྱོད་ཞེས་འཛིན་པའི་ཕྱོགས་རིས་བྲལ།།

 ཅ་ཅོའི་གཏམ་གྱི་རྗེས་སུ་མི་འབྲེངས་པར།།

ཆ་ལུགས་ལེགས་པས་གཞན་གྱི་དྭངས་བ་འདྲེན།།

ཇ་ཆང་འདོད་ཡོན་ནོར་ན་ཞེན་ཁ་ལོག།

ཉ་གང་ཟླ་བ་བཞིན་དུ་མཛད་འཕྲིན་རྒྱས།།

 ཏ་ཐཱ་ག་ཏའི་བསྟན་ལས་གསུང་པ་བཞིན།།

ཐ་མལ་འགྲོ་ཀུན་ཡོངས་ལ་བྱམས་ཀྱིས་གཟིགས།།

ད་ལྟའི་དུས་ངན་སྙིགས་མ་ལྔ་བདོ་ལ།།

ན་རག་འགྲོ་བའི་མགོན་པོ་ཁྱེད་མིན་སུ།།

པ་ཕ་ཨ་མ་བཞིན་དུ་འགྲོ་ལ་བརྩེ།།

ཕ་རོལ་ཕྱིན་ཅུའི་དོན་ལ་ལྷག་ཏུ་གཅེས།།

 བ་གླང་དུད་འགྲོ་སོགས་ལ་ཐང་མི་ཆུང་།།

མ་ལུས་སེམས་ཅན་འདྲེན་པའི་རྗེ་བླ་མ།།

ཙ་ན་ཟླ་བ་བཞིན་དུ་དཀར་ཞིང་དྭངས།།

ཚ་ཟེར་དབང་པོ་བཞིན་དུ་སྐུ་མཆོག་བརྗིད།།

ཛཱ་ཡའི་བསྟན་པའི་གཙུག་རྒྱན་ཟླ་སྤྲུལ་ཉིད།།

ཝ་ལེར་གཞན་དུ་གཤེགས་པའི་ཚུལ་འདིར་སྐྱོ།།

ཞྭ་དཀར་བསྟན་པའི་སྒྲོན་མེ་སེམས་དཔའ་ཆེ།།

ཟག་མེད་ཞི་བའི་ས་ལ་བཞུད་པའི་དུས།།

འ་ཅག་ཞང་ཞུང་སྒོ་པའི་ཡུལ་འདི་ནས།།

ཡ་ངའི་འགྲོ་ཀུན་བཞིན་རས་མིག་ཆུས་བརླན།།

རྭ་བ་གངས་ཀྱིས་སྐོར་བའི་ཡུལ་ལྗོངས་ན།།

ལ་ལུང་མི་གཅིག་བླ་སྤྲུལ་མང་མོད་ཀྱང་།།

ཤ་ཚ་སྙིང་རྗེ་ཅན་གྱི་ཟླ་གྲགས་བ།།

ས་ཕྱོགས་འདི་རུ་མེད་ན་སྐྱོ་བ་ལ།།

ཧ་ཅང་སེམས་པ་སྐྱོ་བའི་ཉིན་མོ་ལ།།

ཨ་ཙི་མིག་ཆུ་འཐོར་བཞིན་འདི་བྲིས་ཐལ།།

ཧ་ལོའི་མེ་ཏོག་རྐང་གཅིག་མཚོན་བྱེད་དུ།།

ཨ་བུ་ང་ཡི་དད་པའི་མཆོད་རྫས་འབུལ།། ༢༠༡༢་༥་༦

 
 
Re:ཀ་ཁ་ག་ངའི་མིག་ཆུ།
[ 2012/5/12 19:54:07 | By: rinchen ]
 
rinchenངོ་མ་མིག་ཆུ་དབང་མེད་དུ་འཐཽར་དགོས་པ་ཞིག་བྲིས་འདུག
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.