ཡག་རྟགས་རེད།
༧གྲོང་ཁྱེར་མི་ཡིས་ཁེངས་འདུག།
ཀུན་གྱིས་ཀོར་ཁུག་ཁུར་འདུག།
རལ་པའི་ཁ་དོག་བསྒྱུར་འདུག།
དབྱར་རྩ་ཡག་པའི་རྟགས་རེད།།
འགྲོ་ལམ་འཕྲུལ་ཆས་གང་འདུག།
འཕྲུལ་ཆས་མྱུར་མགྱོགས་ཆེ་འདུག།
ཁ་ལོ་ཁ་དཔུང་ཆེ་འདུག།
དབྱར་རྩ་ཡག་པའི་རྟགས་རེད།།
ཟས་ཁང་མི་ཡིས་ཁེངས་འདུག།
མདུན་ཅོག་ཟས་ཀྱིས་བཀང་འདུག།
ཟས་ལྷགས་བདག་པོ་མི་འདུག།
དབྱར་རྩ་ཡག་པའི་རྟགས་རེད།།