སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གསལ་བྱེད་སུམ་ཅུ་དང་འབྲེལ་བའི་གཏམ་ཐུང་། 
[ 2012/2/14 12:14:00 | By: ཁྱུང་བྱ་ར་བ། ]
 

གསལ་བྱེད་སུམ་ཅུ་དང་འབྲེལ་བའི་གཏམ་ཐུང་།།

 

དཀོན་མཆོག་གསུམ་པོ་བསླུ་མེད་སྐྱབས་གནས་སུ་ཟུངས་དང་།། 

འཁོར་བའི་འདམ་ལས་ཐར་པའི་བདེ་ལམ་ཞིག་འཚོལ་ཐུབ།།

 དགོས་པའི་ལས་ལ་ལྷོད་མེད་སློབ་སྦྱོང་ཞིག་གནོང་གདའ།།

 ང་ཚོར་མི་ལུས་ཐོབ་པའི་དོན་འབྲས་དེ་སྨིན་ཡོང་།།

 

གཅིག་ཏུ་རང་ལ་བཟང་པོའི་གཤིས་ཀ་དེ་མེད་ལ།། 

མཆོག་གྱུར་དགེ་རྒན་དམ་པའི་གསང་གསུམ་གྱི་ཡོན་ཏན།།

ཇ་བཞིན་བཏུང་འདོད་ན་ཆུང་བྱིས་དུས་སུ་ཅི་ཡོད།།

ཉིན་ལྟར་སྦྱོང་སྐལ་འཆར་བ་ཚེ་སྔོན་གྱི་ལས་ཡིན།།

 

 རྟ་ནོར་ལུག་གསུམ་སྐྱོང་བའི་གངས་ཅན་པའི་གཞོན་ནུས།།

མཐའ་མའི་ལས་ཀྱིས་སྒོ་ནོར་བཤས་ར་ལ་མ་འདེད།།

 བདེ་བའི་འབྲས་བུ་ཐོབ་འདོད་བློ་སེམས་ཤིག་ཡོད་ན།།

རྣམ་དཀར་དགེ་བའི་དོན་ལ་འབད་པ་དེ་མ་ཆུང་།།

 

དཔེར་ན་དྲོད་དཔྱིད་ལྡན་པའི་ས་ཞིང་གི་དཀྱིལ་དུ།།

ཕར་ལ་གྲོ་དང་ས་བོན་ཅི་འདྲ་ཞིག་བཏབ་རུང་།།

 བ་མོ་སད་དང་སེར་བའི་བློ་དགྲ་གང་མེད་ཚེ།།

མ་འོངས་རྒྱུ་དང་མཐུན་པའི་འབྲས་བཟང་ཞིག་ལོས་སྨིན།།

 

གཙང་ཁྲིམས་རྣམ་པར་དག་པའི་སྡོམ་ལྡན་གྱི་སྐྱེས་བུས།།

ཚོང་ལས་བྱེད་ནས་མི་མགོ་དོན་མེད་དུ་མ་བསྐོར།།

མཛེས་པའི་རྒྱན་ཆ་ཐོབ་འདོད་ཞེ་ཕུགས་ལ་འཆང་ནས།།

ཝ་སྐྱེས་རྒྱལ་པོའི་ཁྲི་ལ་བཞུགས་སེམས་དེ་མ་སྐྱེ།།

 

གཞན་ཕན་ཡར་རབས་སྤྱོད་བཟང་སྙིང་ཁང་དུ་ཉར་བཞིན།།

 བཟང་པོའི་ཡོན་ཏན་དུ་མ་གྲོགས་ཀུན་ལ་སྤེལ་དང་།།

འ་ཅག་གོང་མའི་ལུགས་སྲོལ་ཉམས་མེད་ཀྱི་ངོས་ནས།།

ཡ་མཚན་དགེ་བཅུའི་མེ་ཏོག་དུས་ཀུན་དུ་བཞེས་མཛོད།།

 

ར་མ་ལུག་བཞིན་གྲོགས་ངན་རྒྱང་རིང་ལ་དོར་ནས།།

ལུགས་སྲོལ་བཟང་པོའི་མཆེད་རྣམས་མིག་དཔེ་རུ་བཀུར་ཞིང་།།

ཤ་ཚ་སངས་རྒྱས་བསྟན་པར་དུས་ཀུན་དུ་འཆང་ནས།།

 ས་སྟེང་མཁས་གྲུབ་གོང་མའི་རྗེས་འཛིན་དངོས་གྱིས་དང་།།

 

ཧ་ལམ་ཤེས་བྱའི་གནས་ལུགས་ཚེ་འདི་ལ་རྟོགས་ཐུབ།།

 ཨ་མཚར་ཚད་མའི་རིག་གཞུང་བརྩོན་པ་ལ་བྲེལ་ནས།།

ཧ་ཅང་དགའ་བའི་དོན་འབྲས་བཟང་པོ་ཞིག་གཉེར་དང་།།

ཨ་མས་གསོ་སྐྱོང་བྱས་པ་ཆུད་ཟོས་སུ་མི་འགྲོ།།

 

ཀོ་བཙུན་རྣམ་དག་ཚུལ་ཁྲིམས་ནས།།

 
 
Re:གསལ་བྱེད་སུམ་ཅུ་དང་འབྲེལ་བའི་གཏམ་ཐུང་།
[ 2012/5/21 18:52:55 | By: སྐུ་མགྲོན་N63Uly(སྐུ་མགྲོན) ]
 
སྐུ་མགྲོན་N63Uly(སྐུ་མགྲོན)ཁྱུང་བྱ་ར་བའི་ཚ་བ་མདའ་སྨྱུག་སོགས་ལ་བྱ་ར་ཞིག་བྱེད་འདོད་ཀྱང་བྱེད་མ་ཕོད་ནས་ལུས་ཡོད་སྙམ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.