སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གདུང་འབོད།
[ 2012/5/7 13:22:00 | By: ཁྱུང་བྱ་ར་བ། ]
 

གདུང་འབོད། 

ཀ་དག་གཤིས་ལུགས་མ་བཅོས་ཀུན་བཟང་གི་དགོངས་པ།།

ཁ་དོག་ངུར་སྨྲིག་མདངས་འཆང་འདུལ་འཛིན་གྱི་བརྗིད་ཅན།།

ག་ན་བཞུད་ཀྱང་བོན་གཤེན་བསྟན་པ་ཡི་བདག་ཉིད།།

ང་ཡི་མི་མངོན་དབྱིངསས་སུ་གཤེགས་པ་དེ་ཅིས་ལན།།

ཅ་ཀ་ནོར་ལ་ཞེན་མེད་རྒྱལ་སྲས་ཀྱི་ཆོས་ཉིད།།

ཆ་མེད་ལོག་པའི་འགྲོ་ལ་ལམ་སྟོན་གྱི་སྒྲོན་མེ།།

ཇ་ཆང་སྲོག་ལ་རྔམ་པའི་སྡིག་ཅན་འདི་རྣམས་དང་།།

ཉ་སོགས་ཐུགས་རྗེས་རིས་སུ་བཅད་པ་ནི་ཅི་ཡིན།།

ཏ་ཐཱ་ག་ཏའི་བསྟན་དོན་ཐུགས་རྒྱུད་ལ་ཝ་ལེར།།

ཐ་སྙད་བརྡ་དག་སྙན་ལ་བྱང་ཆུབ་པ་མཆོག་ཁྱེད།།

ད་ལམ་འུ་ཚོའི་དབང་པོར་བསྐལ་དོན་དུ་འགྲོ་བ།།

ན་རག་དོང་སྤྲུགས་ཤིག་ཏུ་ཕེབས་སོང་བ་ཨེ་ཡིན།།

པ་ཝ་སངས་ལྟར་དཀར་བའི་ལྷག་བསམ་ལ་མཐའ་མེད།།

ཕ་རོལ་ཕྱིན་ཅུའི་སྤྱོད་པ་རྣམ་དག་ལས་གཡེང་མེད།།

བ་ཕྱུགས་བསམ་མེད་ཡིན་ཡང་གཞན་ཕྱོགས་ལ་མ་ཤོར།།

མ་ལུས་རིས་མེད་མགོན་པོ་ད་གང་དུ་བཞུད་ཡོད།།

ཙ་རིའི་གནས་མཇལ་ཞིག་ཏུ་བྱོན་པ་ནི་མ་ཡིན།།

ཚ་རོང་ཁ་བ་དཀར་པོར་བསྐོར་ཆེད་དུ་མ་ཕེབས།།

ཛཱ་ཡའི་བསྟན་པ་རྫོགས་པའི་དུས་ལའང་མ་ཉེ།།

ཝ་ལེར་ཀུན་གཟིགས་རིག་སྲས་གང་ཞིག་ཏུ་བཞུད་དམ།།

ཞྭ་དཀར་བསྟན་པའི་གཙུག་རྒྱན་རྒྱལ་བ་ཡི་རྒྱལ་ཚབ།།

ཟ་ཟི་འཇིག་རྟེན་བོན་བརྒྱད་རྒྱང་འཕེན་པ་ཁྱེད་ཀྱིས།།

འ་ཅག་སྡུག་གི་མུན་པ་མྱ་ངན་གྱི་སྨག་རུམ།།

ཡ་ཀི་རྒྱལ་བའི་ཞིང་དུ་དེངས་པ་ཞིག་མཛད་རོགས།།

ར་བ་སྒོ་བཞི་གཡང་གི་འཕེལ་ཁ་ལ་དཔལ་གཅིག།

ལ་ཁའི་བསང་སྡིས་ཁྲ་མོའི་དབུ་འཕང་ལ་ངར་གཅིག།

ཤ་ཚ་སྙིང་རྗེ་ཅན་གྱི་བྱང་སེམས་ཁྱེད་གཤེགས་པས།།

ས་སྟེང་སྐྱིད་པའི་ཉི་མ་ལ་ཁ་ནས་ཡོལ་སོང་།།

ཧ་ར་ཡེ་ཤེས་ལྔ་ཡི་གུར་ཁང་ནས་གཟིགས་མཛོད།།

ཨ་དཀར་གཡུང་དྲུང་བསྟན་པའི་རྒྱལ་མཚན་ཞིག་ཕྱོར་ཤོག།

ཧ་ཅང་སྡུག་གི་མིག་ཆུ་གདོང་དམར་ནས་འབབ་བཞིན།།

ཨ་ཧོ་གང་ཉིད་དྲན་པའི་གུས་པ་ང་སྡུག་ཉིན།། ༢༠༡༢་༥་༡ཉིན་བྲིས།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.