རྟོག་གེ་བ།
ཀ་བ་བུམ་པ་རྩོད་པའི་རྟོག་གེ་བ།།
ཁ་དོག་དཀར་དམར་སྨྲ་བའི་རྟོག་གེ་བ།།
ག་ལེར་འདང་རེ་རྒྱབ་དང་རྟོག་གེ་བ།།
ང་ཡིས་བལྟས་ན་མི་ཚེའི་རིན་ཐང་ཕྲ།།
ཅ་ཅོའི་གཏམ་ལ་འདུར་བའི་རྟོག་གེ་བ།།
ཆ་ལུགས་ཡ་མེན་བྱེད་པའི་རྟོག་གེ་བ།།
ཇ་ཆང་ཤ་ལ་རྔམ་པའི་རྟོག་གེ་བ།།
ཉྭ་ཟུང་བདེ་བའི་སྟན་ལ་སྡོད་ཁོམ་མེད།།
ཏ་ལེར་འགྲན་རྩོད་རྣོ་བའི་རྟོག་གེ་བ།།
ཐ་སྙད་ཚིག་ཕྲེང་བདའ་བའི་རྟོག་གེ་བ།།
ད་ལྟ་དོན་མེད་བྱེད་པའི་རྟོག་གེ་བ།།
ན་འཆི་རྟག་པར་འཛིན་པའི་མགྲོན་པོ་ཞིག།
པ་ཏྲའི་རི་མོར་འཕྲེང་བའི་རྟོག་གེ་བ།།
ཕ་མ་འགལ་འབྲེལ་རྩོད་པའི་རྟོག་གེ་བ།།
བ་ལོང་ལྟར་དུ་བླུན་པའི་རྟོག་གེ་བ།།
མ་རབས་ཡ་ཧོའི་གྲལ་ན་རྟོག་གེ་བ།།
ཙ་རི་སྐོར་འདོད་མེད་པའི་རྟོག་གེ་བ།།
ཚྭ་ཚྭ་ཆུ་གཏོར་མི་ཤེས་རྟོག་གེ་བ།།
ཛྰ་ཡའི་བསྟན་ལ་རྨོངས་པའི་རྟོག་གེ་བ།།
ཝ་མོ་ལྟ་བུ་གཡོ་སྒྱུའི་རྟོག་གེ་ཞིག།
ཞྭ་ལུགས་གོས་ལྟ་མ་ངེས་རྟོག་གེ་བ།།
ཟ་འཐུང་ཚོད་འཛིན་མེད་པའི་རྟོག་གེ་བ།།
འ་འུར་ཀུ་རེས་ཚེ་འཛད་རྟོག་གེ་བ།།
ཡ་ཕོ་སྐྱ་མིན་སེར་མིན་རྟོག་གེ་བ།།
ར་མ་ལུག་སྐད་སྨྲ་བའི་རྟོག་གེ་བ།།
ལ་ལུང་ཡུལ་གྲུ་ཉུལ་བའི་རྟོག་གེ་བ།།
ཤ་ཚ་སྙིང་རྗེ་མེད་པའི་རྟོག་གེ་བ།།
ས་སྟེང་འདི་ན་སྙིང་མེད་རྟོག་གེ་བ།།
ཧ་ཅང་ཆ་རྒྱུད་ཞན་པའི་རྟོག་གེ་བ།།
ཨ་མཚར་གཡེང་བའི་དེད་དཔོན་རྟོག་གེ་བ།།
ཧ་ལམ་རྫུན་མར་འདྲེས་པའི་རྟོག་གེ་བ།།
ཨ་མའི་བུ་ཕྲུག་ཙམ་པོ་རྟོག་གེ་བ།།