སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞང་ཞུང་ཡི་གེ་བརྒྱ་པ།
[ 2011/11/7 17:11:00 | By: ཁྱུང་བྱ་ར་བ། ]
 

ཞང་ཞུང་ཡི་གེ་བརྒྱ་པ།

འདི་ཀློག་སྟངས་མི་འདྲ་བ་གསུམ་ཡས་མས་ཤིག་ཆགས་ཡོད། གཅིག་ནི། ཐོག་མར་ཀློག་པའི་ཚེ། གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ཞེས་མཆོད་བརྗོད་ཅིག་བཏང་། དེ་ནས་གཟོད་ཡིག་བརྒྱ་ཡས་མར་འདོན་སྲོལ་ཞིག་དང་། གཉིས། འགོ་ནས་བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར། གསལ་འབར་འོད་དཔག་རམ་སྭཧཱ། ཞེས་དང་མཇུག་ཏུ་ཧ་ཧ་ཧུྃ་ཧྲི་ལམ་ལམ། ཞེས་སྤྱི་བསྙེན་དང་རྫོགས་རིམ་འབྲུ་དྲུག་སོགས་སྦྱར་ནས་ཀློག་ཚུལ་གཅིག་དང་། གསུམ། ཡིག་བརྒྱའི་འགོ་བསྭོ་དམུ་ར་ཏ་ཧན་ནས། མཇུག་ཧུྃ་ཧུྃ་ཕཊ་ཕཊ་ཡན་བརྗོད་མཁན་གསུམ་ལས་ཕྱི་མ་འདི་ལེགས་པར་སྙམ། ཅིའི་ཕྱིར་ན། ཞང་ཡིག་ལ་འགྲེལ་བཤད་ལེགས་པོ་ཞིག་རྒྱག་པའི་གོ་བ་མེད་ཀྱང་། གུ་དོག་གི་བླ་མ་དང་ལུང་ཆུང་གི་དགོན་པ་སོགས་ཕུད། དཔའ་འཛངས་གཉིས་ལྡན་གྱི་དཔྱོད་ཤེས་ཚོས་དེ་ལྟར་གསུང་གི་འདུག  དེ་ཡང་ཡིག་བརྒྱའི་འབྲུ་གྲངས་གསལ་པོ་ཤེས་འདོད་ཅན་རྣམས་འདིར་གཟིགས་དང་གཤམ་གསལ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུྃ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་དམུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ། ཡེ་ཁྱབ་ཁ་རོ། སྤྲོས་གདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུ་ལ་ཝེར་རོ། ན་ཧུ་ཏ་ཀ། ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་ས་ངེ་ཡ་དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ་ཧ་ཧ་བྲུྃ་བྲུྃ་ཧོ་ཧོ་ལམ་ལམ་ཧུྃ་ཧུྃ་ཕཊ་ཕཊ། ཅེས་པ་འདིའི་གོང་གི་༼སལེ༽་སོགས་ལ་བར་ཚེག་ཡོད་མེད་འགའ་སྣང་ཡང་རེ་ཞིག་གྲངས་ཁ་བརྩི་བདེ་བའི་ཆེད་དུ་བྱས་པ་ཡིན། ད་དུང་གཅིག་བཤད་ན། ར་ཁྲོམ་བྲག་གི་གཏེར་མ་ཞེས་པའི་ནང་དུ་འདི་ལྟར་གསུང་འདུག བསྭོ་ནི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། དམུ་ར་ཏ་ཧན་ཕྱོགས་བཅུའི་གཤེན་རབ་འདུལ། ཝེར་ནི་འགྱུར་ནུབ་མེད་པ་རབ་ཏུ་བརྟན། བྲུྃ་ཧྲུན་ལྷ་ཡི་གཞལ་ཡས་རང་བཞིན་གསལ། དམུ་ཏྲེ་དམུ་ཏྲེ་དབྱིངས་ཤེས་དབྱིངས་མེད་གསལ། དམུ་ར་དམུ་ཏྲེ་ལྷུན་གྲུབ་བདེ་བ་ཆེ། མུ་ཡེ་མུ་ཡེ་སྐུ་གཉིས་རྣམ་པར་སྤྲུལ། ཧ་ར་མུ་ཡེ་ཤེས་རབ་སྤྲོས་མཐའ་བྲལ། མུ་སྤྲོས་མུ་སྤྲོས་སྤྲུལ་སྐུ་འབུམ་ཕྲག་འགྱེད། ཝེར་རོ་མུ་སྤྲོས་ལ་ནི་ཡོན་ཏན་སྤར། མུ་ནི་གྱེར་ཏོ་རྣམ་པ་ཐམས་ཅད་མཁྱེན། ཡེ་ཁྱབ་ཁ་རོ་འདུས་བྱས་གྲངས་མེད་འདུལ། སྤྲོས་གདལ་ཧྲི་ཧྲོ་འབྲས་བུ་བོན་གྱི་སྐུ། ཝེར་རོ་ཝེར་རོ་རྒོལ་ངན་ལོག་རྟོག་འཇོམས། ཤུ་ལ་ཝེར་རོ་ཀུན་ལས་རྣམ་པར་རྒྱལ། ན་ཧུ་ཏ་ཀ་ཚེ་བསོད་དབང་ཐང་སྤེལ། ཤུད་དྷོ་ཤུད་དྷོ་གཙང་མ་ཁྲུས་ཀྱི་ཆུ། དུ་ཤུད་དྷོ་ཡ་དམྱལ་བའི་བག་ཆགས་སྦྱང་། ས་ལེ་ས་ལེ་ཡེ་ཤེས་འོད་ཟེར་འབར། ཏྲི་ས་ལེ་ཡ་ཡི་དྭགས་སྒྲིབ་པ་སེལ། སང་ངེ་སང་ངེ་ཀུན་གསལ་རྣམ་པར་དག སུ་སང་ངེ་ཡ་བྱོལ་སོང་གཏི་་མུག་འདུལ། དམུ་ར་ཏ་ཧན་རྫོགས་པའི་སངས་རྒྱས་སྐུ། ཁྲི་ཙེ་དྲུང་མུ་ལས་བཞི་ལྷུན་གྱིས་གྲུབ། ཧ་ཧ་བྲུྃ་བྲུྃ་ཐབས་ཤེས་བོན་གྱི་དབྱིངས། ཧོ་ཧོ་ལམ་ལམ་འགྲོ་དོན་མཐའ་ཡས་སྤེལ། ཧུྃ་ཧུྃ་ཕཌ་ཕཌ་ལོག་ཚོགས་དབྱིངས་སུ་སྒྲོལ། དུས་གསུམ་རྒྱལ་བའི་གཟུངས་ཀྱི་ཡི་གེ་བརྒྱ། ཕྱོགས་བཅུ་སངས་རྒྱས་ཕྱི་ནང་ལྷ་ཚོགས་ཀྱི། ཐུགས་ཀྱི་སྙིང་པོ་ཡོན་ཏན་ཀུན་གྱི་གཏེར། བརྗོད་པ་ཙམ་གྱིས་སྒོ་གསུམ་སྒྲིབ་པ་སྦྱང་། སྙིང་པོ་འཛབ་ཀྱི་འཕྲོ་འདུའི་མཆོད་པ་འདི། རྒྱལ་བ་སྲས་དང་བཅས་པའི་ལྷ་ལ་འབུལ། བདག་སོགས་འགྲོ་བའི་སྒྲིབ་པ་མ་ལུས་སེལ། མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རླབས། ཅེས་གསུང་པ་སོགས་ལ་བརྟག་ན་འགོ་ལ་མཆོད་བརྗོད་དང་སྤྱི་བསྙེན། མཇུག་ལ་རྫོགས་རིམ་འབྲུ་དྲུག་སོགས་བཏགས་མཁན་རེ་འགའ་སྣང་ཡང་ལེགས་པ་མ་མཐོང་སྟེ། ཞང་ཞུང་ཡི་གེ་བརྒྱ་པ་ཞེས་པའི་གོ་དོན་འཆོལ་བ་དང་གཅིག གོང་གི་གཏེར་མའི་དགོངས་དོན་མ་ཤེས་པ་དང་གཉིས། བྱུང་རྒྱལ་དུ་སྨྲས་པའི་སྐྱོན་བཅས་གསུམ་དུ་འགྱུར་རོ།།ཁོ་བོས་ནི་གཏེར་མས་ཡིད་རྟོན་ཕེར་རུང་བ་སྙམ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.