སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩེ་གཉིས་ཐོར་བུ།
[ 2011/11/7 17:03:00 | By: ཁྱུང་བྱ་ར་བ། ]
 

རྩེ་གཉིས་ཐོར་བུ།

༧སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་དྲི་མ་མེད་པ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས། གཞི་ཡེ་སངས་རྒྱས་པ་ནི། གཙོ་བོ་གཞི་དྲུག་བསྟན་པ་ཡིན་ཏེ།  དེ་ཉིད་ལས། ཀུན་གཞི་ཡེ་ཤེས་ལྷུན་གྲུབ་གཞི་ཉིད་ཡིན། སྣང་གཞི་སྐུ་གསུམ་ལྷུན་གྲུབ་རྩལ་དུ་ཤར། སྟོང་གཞི་སྐུ་བཞི་ལྷུན་གྲུབ་ཡོན་ཏན་འབྱུང་། ལུང་གཞི་དབང་བཞི་ལྷུན་གྲུབ་གསལ་འདེབས་སོ། དོན་གཞི་ལྟ་སྤྱོད་ལྷུན་གྲུབ་གོམས་ཤིང་བརྟན། ལས་གཞི་འཕྲིན་ལས་ལྷུན་གྲུབ་རྟུལ་ཤུགས་དབལ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ལམ་མངོན་སངས་རྒྱས་པའི་རྒྱུད་ཀྱིས་ལམ་དྲུག་བསྟན་པ་དང་། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱིས་དོན་དྲུག་བསྟན་པ་སོགས་སྤྱི་ཡི་ཆ་ནས་དེ་ལྟར་ཡིན་དགོས་ཏེ། དེ་ཉིད་ལས། གཞི་དྲུག་ལྷུན་གྱིས་གྲུབ་པས་ཡེ་སངས་རྒྱས། ལམ་དྲུག་དངོས་སུ་གྲུབ་པས་མངོན་སངས་རྒྱས། དོན་དྲུག་དབྱིངས་སུ་གྲུབ་པས་རྫོགས་སངས་རྒྱས། ཞེས་གསུང་པའི་ཕྱིར། འོན་ཀྱང་འགྲེལ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་མཛད་པ་སྟེ། སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། བཤད་འགྲེལ་ཉི་མའི་འོད་ཟེར། དོན་འགྲེལ་ས་གཅོད་ཉི་མའི་སྙིང་པོ། བཅས་གཞུང་མི་འདྲ་བ་འགའ་ཞིག་མཛད་ཡོད་པ་མངོན། འོན་ཀྱང་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་གྱི་དབུ་འཆད་ལོ་རྒྱུས་ལས། དབུ་འཆད་སྦྱོར་བ་བཞི་ཡི་དོན། ལུས་འཆད་ཕུན་ཚོགས་བཅུ་ཡི་དོན། རྒྱུད་འཆད་རྩ་བ་གསུམ་གྱི་དོན། ཞེས་པའི་སྐབས་སུ་ལུས་འཆད་ཕུན་ཚོགས་བཅུ་དང་ལམ་དྲུག་ཁྲིད་བརྒྱད་ཅེས་པའི་ཁྲིད་བརྒྱད་མཚན་བཅས་ཀྱི་ཁྲིད་བཞི།མཚན་མེད་ཀྱི་ཁྲིད་བཞི་ཡང་ཟེར།པོ་དེ་གཉིས་སྒོམ་འགྲེལ་ནང་ལ་ཚང་ངམ་མ་ཚང་། ཡང་ན་འགྲེལ་གཞན་མ་གཉིས་ཀྱི་ནང་དུ་གསལ། དེ་མིན་འགྲེལ་གསུམ་ཁ་ལ་གསལ། ཡང་ན་དབུ་འཆད་ལོ་རྒྱུས་འདི་དམྱལ་སྟོན་གཞོན་ནུ་འབུམ་གྱིས་གསུངས་པ་གྲགས་པས་དེས་ན་གསར་རྩོམ་སོགས་གང་ལ་ངོས་འཛིན་གནང་སྲོལ་ཡོད། ཕྲན་ནི་གོ་བ་མེད་ལ་མཐོང་རྒྱ་ཆུང་བའི་བླུན་པོ་ཞིག་ཡིན་གཤིས་དེའི་སྐོར་ལ་ངོས་འཛིན་ཅི་ཡང་མ་ཤེས་མོད། འོན་ཀྱང་ད་ལན་འདི་ནི་དྲྭ་གྲོགས་ཀྱི་བཤེས་གཉེན་ཡོངས་དང་ལྷག་པར་དུ་ཧི་མ་ལ་ཡའི་དྲྭ་ཚིགས་གཙོ་འཛིན་པ་བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་མཆོག་ལ་དཀའ་འདྲི་ཞུ་བ་ཡིན། འདིར་ལན་འདེབས་པ་པོ་དཔྱོད་ལྡན་སུ་ཡིན་ནའང་ཆོག། །།

 
 
Re:རྩེ་གཉིས་ཐོར་བུ།
[ 2011/12/2 15:24:44 | By: སྐུ་མགྲོན་rVmy5D(སྐུ་མགྲོན) ]
 
སྐུ་མགྲོན་rVmy5D(སྐུ་མགྲོན)༩འདི་ལ་ལན་འདེབས་མཁན་སུ་གཅིག་མེད་སིག་གདའ་འམ་མ་ཤེས་ཡིན་འགྲོ། ཧ་ཧ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.