༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱང་སྤྲུལ་གསོལ་འདེབས་ | 2011/5/16 22:35:00

 

༄༅།།སྐྱང་སྤྲུལ་རྒྱལ་བའི་དབང་པོ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་གསོལ་འདེབས་ཡིད་ཀྱི་མུན་སེལ་བྱིན་རླབས་ཉི་མའི་འོད་སྣང་ཞེས་བྱ་བ་བཞུགས།

 

                ཨེ་མ་ཅ་པར་རད་ན་པ་ཏ་ཡ། །རྒྱལ་གཤེན་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག །རྒྱལ་ཚབ་བཞིན་དུ་འཛིན་མཁས་རྗེ་བླ་མ༌། །རྒྱལ་བའི་དབང་པོ་བཀའ་དྲིན་མཚུངས་མེད་པ། །རྒྱལ་བ་ཁྱེད་ལ་སྙིང་ནས་གསོལ་བ་འདེབས། །མདོ་སྔགས་སེམས་གསུམ་བསྟན་པའི་བདག་ཉིད་ཆེ། །སྐལ་ལྡན་རྗེས་སུ་འཛིན་ལ་ཟླ་བྲལ་བ། །སྡེ་སྣོད་སྨྲ་བའི་དབང་ཕྱུག་མཁྱེན་པའི་གཏེར། །སྐྱང་སྤྲུལ་རྒྱལ་བའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བསྟན་བདག་པོ་གྱེར་མི་ཉི་འོད་དངོས། །རྒྱལ་བ་སྐྱང་སྤྲུལ་གདན་ས་འཛིན་སླད་དུ། །རྒྱལ་བའི་དབང་པོ་མཚན་ལྡན་བླ་མར་བྱོན། །རྒྱལ་ཀུན་སྤྱི་གཟུགས་ཁྱེད་ལ་གསོལ་བ་འདེབས། །བསྟན་འགྲོར་ཕན་བདེའི་ལེགས་མཛད་གདུགས་དཀར་པོ། །དགུང་དུ་འཛིན་པའི་ཐུགས་སྟོབས་རྨད་དུ་བྱུང༌། །གདུལ་དཀའ་དབང་དུ་སྡུད་པའི་གྲིབ་བསིལ་གྱིས། །ལུས་ཅན་རྒུད་པའི་གདུངས་སེལ་རྣམ་པར་རྒྱལ། །རྒྱལ་གཤེན་བསྟན་ལ་སྟོན་པ་གཉིས་པ་དངོས། །རྒྱལ་བའི་རྣམ་སྤྲུལ་གསང་སྔགས་རིག་པ་འཛིན། །རྒྱལ་གསུང་མན་ངག་དབང་ལུང་བདུད་རྩིའི་ཆར། །རྒྱལ་བའི་རྗེས་འཇུག་ཡོངས་ལ་ཅི་འདོད་བསྩལ། །གང་དང་དབྱེར་མེད་དཀྱིལ་འཁོར་རིགས་བརྒྱའི་མགོན། །གང་གི་བཀའ་དྲིན་གཞལ་མེད་ཡིད་བཞིན་ནོར། །གང་ཞིག་ཡིད་ལ་དྲན་པས་འཇིགས་པ་སེལ། །གང་ཡང་བླ་མའི་གོ་འཕང་མྱུར་འགྲུབ་ཤོག །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་ཀུན་ཀྱིས། །བདག་མེད་ཤེས་རབ་མངོན་རྟོགས་ཚོགས་གཉིས་རྫོགས། །བདག་འཛིན་ཕྲ་རགས་ཉོན་ཤེས་ཀུན་བྱང་ནས།།བདག་གཞན་དོན་གྲུབ་སྐུ་གསུམ་ཐོབ་པར་ཤོག ཅེས་པ་འདི་ཡང་གང་གི་རྗེས་འཇུག་དཀར་མོ་རི་ཁྲོད་ཀྱི་གདན་ས་བ་རང་སློབ་གཡུང་དྲུང་སྐལ་བཟང་ནས་བསྐུལ་ངོར་བླ་མ་རིན་པོ་ཆེ་གང་གི་ཞབས་པད་སྤྱི་བོའི་ཅོད་པན་དུ་ཐོབ་པའི་སྐལ་བ་ཅན་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ནས་རིན་ཆེན་ནོར་གྱི་གྲངས་ལྡན་ཚིགས་བཅད་འདི་དག་མ་བཅོས་ཐོལ་བྱུང་དུ་དད་མོས་གུས་པའི་ངང་ནས་ཕུལ་བས་དཔལ་ལྡན་བླ་མས་རྗེས་སུ་འཛིན་པར་གྱུར་ཅིག་གུ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.