༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/1 19:14:00

   

སྐྱབས་རྗེ༧ བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་གཉིས་སྟོང་བཅུ་གསུམ་ལོའི་བོད་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ནས་ཉི་ཤུའི་བར་རང་དགོན་བོན་བརྒྱ་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་བླ་བྲང་མཆོག་གསུམ་མཆོད་པའི་ལྷ་ཁང་ནང་ཚེ་དབང་བོད་ཡུལ་མའི་དབང་བཀའ་རབ་འབྱམས་ཡེ་ཤེས་སྤྱི་བླུགས་ཀྱི་དབང་དང་། དེ་མིན་ཚེ་དབང་རྒྱ་ནག་མའི་ལུང་བཅས། ཞིག་པོ་བཅོ་བརྒྱད་ཀྱི་ནང་ཚན་ཤེལ་ཞིག་གདུང་ལས་འཁྲུངས་པའི་བླ་མ་ཀུན་བཟང་བསྟན་འཛིན་ནམ་རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཞིང་ཁམས་བགྲོད་པའི་ཟབ་གཏེར་གསང་མཚན་དུ་རིག་འཛིན་ནམ་མཁའ་རང་གྲོལ་སྩལ་གཙོའི་མཛད། དེ་མིན་ཕྱོགས་སོ་སོར་ནས་ཕེབས་པའི་བླ་གྲྭ་སྐྱ་སེར་ཕོ་མོ་ཡོངས་ལ་བཀའ་དབང་ཟབ་མོ་བསྩལ་ནས་ཐུགས་བསྐྱེད་ཟབ་མོའི་བཀའ་དྲིན་བསམ་གྱི་མི་ཁྱབ་པས་བསྐྱངས་ཏེ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་ལགས།།

                                         ཉིན་དང་པོ་སྟ་གོན་གྱི་ཉིན་མོ།

                        '190'){this.resized=true;this.style.height=190+'px';}">

                            དད་ལྡན་སྐྱ་སེར་ཕོ་མོ་རྣམས་པས་བཀའ་དབང་ལ་ཉན་བཞིན་པ།

             '190'){this.resized=true;this.style.height=190+'px';}">

                                    ཉིན་གཉིས་པར་དབང་གི་དངོས་གཞིའི་རིམ་པ།

              '190'){this.resized=true;this.style.height=190+'px';}">

                '190'){this.resized=true;this.style.height=190+'px';}">

Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/12 19:44:57
སྐུ་མགྲོན་8dt2Wk(སྐུ་མགྲོན)སྐྱང་ཁ་མ་ཟེར་བ་དེ་སྤྲུལ་སྐུ་ཞིག་ཡིན་ནམ། གལ་སྲིད་ཡིན་ན་ས་ཆ་གང་གི་རེད། བདག་པོ་མེད་པའི་སྤྲུལ་རྫུན་ཞིག་འི་རེད། གནས་ངེས་མེད་པ་ཞིག་དང་། གཞན་གྲལ་དུ་འཚང་བ་ཞིག་ཡིན་ནམ། རེབ་གོང་བོན་བརྒྱ་དགོན་ན་གཞན་ཡོང་གི་སྤྲུལ་རྫུན་ལུང་བ་གང་ཡོད་གི་ཟེར་ནས་ཐོས།
རྩོམ་པ་པོ།:སྐུ་མགྲོན་8dt2Wk(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/10 20:17:22
སྐུ་མགྲོན་w06Eui(སྐུ་མགྲོན)སྐྱང་ཁ་མ་བཟེས་ན་འོས་མཚམས་ཞིག་ཡིན་ཀྱང་། སྤྲུལ་སྐུའི་མིང་དེ་དོར་རོགས། རྒྱུ་མཚན་གང་གི་ཕྱིར་ན། བླ་མ་སྤྲུལ་སྐུའི་མིང་དེ་ཡོན་ཏན་ཅན་ལ་གོ་བ་ལས་བླུན་པོ་ཅན་ལ་ཐོབ་པ་མ་རེད།
རྩོམ་པ་པོ།:སྐུ་མགྲོན་w06Eui(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/9 22:33:31
སྐུ་མགྲོན་Osj7MY(སྐུ་མགྲོན)བོན་བརྒྱ་དགེ་ལེགས་ལྷུན་གྲུབ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་འགྲོ་དོན་མཐར་ཕྱིན་ཡོངས་བས་སྨོན་དུས་ཞུ་ཞུ་ཞུ།།།།ས་ཡ་
རྩོམ་པ་པོ།:སྐུ་མགྲོན་Osj7MY(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/6 19:41:32
yungdongངས་པར་རིས་བཟོ་ཐད་ནས་ཅུང་གསལ་པོ་མི་འདུག་པས་ཚང་མར་དགོངས་འགལ་མེད་པར་ཞུ།
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/6 17:26:28
སྐུ་མགྲོན་N63Ul8(སྐུ་མགྲོན)སྐྱང་ཁ་མ་ཚང་ལགས། ངའི་བསམ་ན་ཞེས་པའི་དྲུག་སྒྲ་དེར་ངས་བསམ་ན་ཞེས་གསུམ་པའི་སྒྲ་སྦྱར་ན་ལེགས་བཟོ་སྣང་། ཀུ་རེ་ཞུས།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
༧ རང་སྐྱོན་རང་གིས་མཐོང་བ་དཀའ།།གཞན་སྐྱོན་རང་གིས་མཐོང་བ་སླ་ཞེས་པ་ལྟར་རང་རེད་དེ། ངས་ཟེར་ཡ་དེ་མིང་དོར་དགོས་པ་དེ་ག་རེ་ཡིན་ན་དྲན།
རྩོམ་པ་པོ།:སྐུ་མགྲོན་N63Ul8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/6 14:29:18
yungdong༧ དྲྭ་གྲོགས་རྣམས་པ་ལྷན་རྒྱས་ཕེབས་པར་དགའ་བསུ་ཞུ།
དྲྭ་བདག་གིས།
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/4 9:48:30
སྐུ་མགྲོན་Jne5Hu(སྐུ་མགྲོན)གོང་གི་མིང་མེད་མཆན་འགོད་པ་ལགས། ཡིག་སྐྱོན་རེ་གཉིས་རེ་འབྱུང་རྒྱུ་ནི་མཁས་པའི་སྙན་པར་གྲགས་པ་ཞིག་མིན་ན་ཀུན་གྱི་སྤྱི་ལུགས་སུ་སྣང་མོད། ཁྱེད་ནས་ཁོང་ལ་དེ་ལྟར་སྐྱོན་བརྗོད་གནང་བ་ནི་ཤིན་ཏུ་མི་ལེགས་པས་ཐུགས་སུ་འཛིན་པར་གལ། སྐྱབས་ནས།
རྩོམ་པ་པོ།:སྐུ་མགྲོན་Jne5Hu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/4 9:41:23
སྐུ་མགྲོན་Jne5Hu(སྐུ་མགྲོན)བོན་གྱི་སྐྱེས་ཆེན་དམ་པ་སྐྱབས་རྗེ་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་སྨོན་ལམ་འདེབས།། ཁྲི་ལོར་ཤོག
རྩོམ་པ་པོ།:སྐུ་མགྲོན་Jne5Hu(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/4 0:24:07
སྐུ་མགྲོན་u85Cs2(སྐུ་མགྲོན)སྤྲུལ་སྐྱང་ཁ་མ་ཚང་ལ་ཡིག་སྐྱོན་ཆེ་བས་སྤྲུལ་སྐུ་མིང་དེ་དོར་རོགས་ཞུ།
གཤམ་དུ་སྐྱང་ཁ་མ་ཚང་།་ལགས་ཀྱིས་ལན་སློག་པ་ནི་
སློབ་སྟོན་གནང་བ་བཀའ་དྲིན་ཆེ་ཡིན་ན་ཡང་ངའི་མིང་དེ་དོར་དགོས་པའི་རྒྱུ་མཚན་ཅི་ཡིན། ཁྱོད་ཀྱིས་བཀོད་པའི་མཆན་ནང་【སྤྲུལ་སྐུ་མིང་དེ་ཟེར་ན་འགྲིག་གམ་】ངའི་བསམ་ན་སྤྲུལ་སྐུའི་མིང་ཟེར་ནས་དྲུག་སྒྲ་བཞག་ན་འགྲིག་བསམ། ཧ་ཧ་ཧ་ཧ་ཧ་ཧ།
རྩོམ་པ་པོ།:སྐུ་མགྲོན་u85Cs2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/3 20:36:12
སྐུ་མགྲོན་w06Evi(སྐུ་མགྲོན)རླབས་ཆེན་གྱི་མཛད་བཟང་ལ་ཡིད་རངས་ཞུའོ། ཁྱུང་སྙུག་ནས།
རྩོམ་པ་པོ།:སྐུ་མགྲོན་w06Evi(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བོན་བརྒྱ་རིན་པོ་ཆེས་བཀའ་དབང་སྩལ་བ། | 2013/4/2 7:55:53
སྐུ་མགྲོན་G30Ne6(སྐུ་མགྲོན)སྐྱབས་རྗེ༧ བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ནས་འགྲོ་དོན་མཁའ་ལ་ཉི་མ་ཤར་བ་ལྟར་རྒྱས་པར་ཤོག། ། བོན་རྒྱལ་ལོ། །
རྩོམ་པ་པོ།:སྐུ་མགྲོན་G30Ne6(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.