༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།

      

    སྤྲུལ་གཡུང་དྲུང་སྐལ་བཟང་།

    སྒེའུ་ཁུང་།QQ 1183987428

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྨོན་ཚིག་དད་པའི་མཆོད་སྤྲིན | 2014/1/23 16:50:00

དགེ་ལེགས་ཡོན་ཏན་དཔག་བསམ་ལྗོན་པའི་རྩེར།།

ལྷུན་གྱི་གྲུབ་པའི་འབྲས་བཟང་རབ་སྨིན་ཏེ།།

གདུལ་བྱ་རྒྱ་མཚོའི་དཔང་གི་གཉེན་གཅིག་པུ།།

སྡེ་སྣོད་གཞུང་བརྒྱ་སྨྲ་བའི་དབང་པོ་ཉིད།།

ཚེ་རབས་ལས་ཀྱི་འབྲེལ་བའི་སློབ་ཚོགས་ལ།།

དབང་གསུམ་སྣོད་དང་བསྟུན་ནས་ལུང་རྟོགས་བོན།།

སྤང་རྒྱུ་གྲོལ་བའི་ས་ལམ་རིམ་པ་ནི།།

ངལ་མེད་ཤེས་བྱ་སྟེར་བར་ཨེ་མ་རྨད།།

མ་ལྟར་བརྩེ་བའི་སྙིང་རྗེ་རང་ཤར་བ།།

མ་རིག་རྨོངས་བའི་སྐྱེ་འགྲོ་སེམས་ཅན་ཀུན།།

མ་འོངས་འོག་མིན་ཞིང་ལ་འགོད་སླད་དུ།།

མ་མ་ཁྱེད་ཉིད་སྐུ་ཚེ་བརྟན་པར་ཤོག།

༧ཅེས་པ་འདི་ནི་གང་གི་ཞབས་པད་སྤྱི་བོར་མཆོད་པའི་སྐལ་བ་ཅན་སློབ་འབངས་ཡོངས་ཀྱིས་ཐ་ཤལ་བ་སྤྲུལ་གཡུང་དྲུང་སྐལ་བཟང་ངམ་གཞན་ཕན་ཀུན་བཟང་རྒྱ་མཚོས་སྨན་གླིང་གསུམ་པ་ནས་གུས་ཕུལ།

 

 

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.