༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
་བོན་བརྒྱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་འདུས་བཞུགས། | 2011/5/26 22:52:00

བསྟན་པའི་བདག་ཉིད་ཆེན་པོ་མཁས་གྲུབ་བོན་བརྒྱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་འདུས་བཞུགས།

               

ན་མོ་ཅི་པར་རཏྣ་ཡ།བོན་བསྟན་མི་ནུབ་རྒྱལ་མཚན་སྲིད་རྩེར་སྒྲེངས།།བོན་གྱི་འབྲུག་སྒྲ་འཛམ་གླིང་ཡོངས་སུ་ལྡིར།

།བོན་ཆོས་གཞུང་ལུགས་རྒྱ་མཚོ་སྨྲ་བའི་དབང་།།བོན་བརྒྱ་རིན་པོ་ཆེ་ལ་གསོལ་བ་འདེབས།

།དགེ་བཅུའི་རྒྱལ་བཞིན་ཐབས་མཁས་ཐུགས་རྗེ་ཆེ།།ལེགས་བཤད་འོད་བརྒྱས་འགྲོ་བློའི་རྨོངས་མུན་སེལ།

།ལྷུན་གྲུབ་ཕྲིན་ལས་རླབས་ཆེན་བསྟན་འགྲོའི་དོན།།རྒྱ་མཚོའི་གོས་ཅན་ཁྱབ་མཛད་གསོལ་བ་འདེབས།

།མཁས་པའི་དཔལ་གྲགས་རྒྱལ་སྤྱིའི་ཁྱོན་ལ་ཁྱབ།།གྲུབ་པའི་རྩལ་རྫོགས་སྣང་སེམས་ལྷ་སྐུར་ཤར།

།གཞན་ཕན་བཟང་སྤྱོད་འདུལ་དཀའ་སྙིགས་འགྲོ་འདུལ།།འགྲན་བྲལ་དཔོན་གསས་བླ་མར་གསོལ་བ་འདེབས།

།མཆོག་གསུམ་རྩ་གསུམ་དམ་ཅན་བྱིན་མཐུ་དང་།།དཀར་ཕྱོགས་ལྷ་མའི་ལེགས་བྱའི་བདེན་སྟོབས་ཀྱིས།

།མགོན་ཁྱོད་ཞབས་པད་བསྐལ་བརྒྱར་རབ་བརྟན་ནས།།བསྟན་འགྲོའི་འཕྲིན་ལས་རབ་རྒྱས་མཐར་ཕྱིན་ཤོག།

ཅེས་པའང་སྙིགས་དུས་ཀྱི་བསྟན་འགྲོའི་སྐྱབས་རྗེ་དམ་པ་བོན་བརྒྱ་རིན་པོ་ཆེ་དཔལ་བཟང་པོ་མཆོག་ཉིད་ནས་གཤེན་བསྟན་སྤྱི་དང་ཁྱད་པར་དུ་མདོ་མེད་

བྱང་རྒྱུད་དུ་མདོ་སྔགས་ཀྱི་བོན་བསྟན་རྒྱ་ཆེར་སྤེལ་ནས་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུར་གསོ་སྐྱོང་གནང་ཞིང་རྩོད་ལྡན་འགྲོ་རྣམས་སྨིན་གྲོལ་ལམ་ལ་

བཀོད་པའི་སྐུ་དྲིན་གཞལ་མཐའ་ཡས་པར་དང་།ཁུངས་བཙུན་དྲང་བདེན་གྱི་ལེགས་བཤད་དུང་གི་སྒྲ་དབྱངས་འཛམ་གླིང་མཁས་ཚོགས་ཀྱི་སྙན་ལམ་དུ་

བསྒྲགས་པས་ཡི་རངས་དང་གཟེངས་བསྟོད་ཐོབ་པ་སོགས་ཀྱི་རྨད་བྱུང་རྣམ་ཐར་གཟའ་སྐར་ཕྲེང་ཚོགས་དྭངས་པའི་ཡིད་མཚོར་ཤར་མུས་སུ་ཡོད་པ་དང་།

རབ་གནས་༡༧མེ་ཕག་ཟླ་༣ཚེས་༡༥དགེ་བ་དཔལ་དུས་ཀྱི་འཁོར་ལོའི་དུས་ཆེན་ལ་གསེར་ནག་གི་ཕ་བོང་སྒོར་འགྲིལ་དུ་རང་དགོན་ལ་ཕེབས་པའི་དུས་བཟང་ཤར་བའི་ཚེ་ན།

བཀའ་དྲིན་རྗེས་དྲན་གྱི་ཞབས་བརྟན་གསོལ་འདེབས་ཅུང་ཟད་འདི་ནི།མདོ་སྨད་ཀྱི་འདྲེན་མཆོག་འཕགས་པ་རྣམ་གསུམ་གྱི་ནང་ཚན་གྲུབ་ཆེན་སྐྱང་འཕགས་ཆེན་པོའི་

གདན་ས་ཁག་གི་ནང་ཚན་འཕན་ཆུ་ཨ་སྐྱིད་སྐྱང་ཚང་གི་གདན་ས་འཛིན་ཁུལ་བ་རྒན་བུ་དྲི་མེད་འོད་ཟེར་གྱིས་གུས་པའི་སོར་པད་སྙིང་ཁར་བཀོད་དེ་ཕུལ་བ་

སྐྱེས་མཆོག་གང་དེའི་ཞབས་པད་རྟག་ཏུ་བརྟན་པའི་རྒྱུ་རྐྱེན་དམ་པར་གྱུར་ཅིག་གུ།དགེ་ལེགས་འཕེལ་བར་ཤོག།(འདི་ཉིད་རྩོམ་འབྲིའི་དུས་སུ་དགེ་མཚན་རྟེན་འབྲེལ་བཟང་པོ་མ་བསྒྲིག་རང་འགྲིགས་སུ་བྱུང་ངོ།།)༡འོ་མ  ༢མར   ༣ཤིང་འབྲས་  བཅས་གསུམ་ཕུལ་བྱུང་།

Re:་བོན་བརྒྱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་འདུས་བཞུགས། | 2011/5/27 21:42:33
danzengyixiབོན་བརྒྱ་རིན་པོ་ཆེ་སྐུ་ཚེ་རི་རྒྱལ་ལས་བརྟན་ཞིང་མཛད་ཕྲིན་ནམ་མཁའི་མཐའ་དང་མཉམ་པའི་སྨོན་ལམ་ནམ་ཡང་འདེབས། །
དྲྭ་གྲོགས་ཁྱེད་ཀྱིས་ཟིན་འབྲིས་འདི་སྤེལ་སྐབས་ཡིག་གཟུགས་ཅུང་ཆེ་འདུག་པས་འདིར་ཀློགས་དུས་བདེ་པོ་མི་འདུག རྗེས་མར་ཡིད་གཟབ་བྱས་རོགས།
Re:་བོན་བརྒྱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་འདུས་བཞུགས། | 2011/5/27 9:29:39
liamསྐྱབས་རྗེ་བླ་མ་བོན་བརྒྱ་རིན་པོ་ཆེའི་ཞབས་པད་བསྐལ་བརྒྱར་བརྟན་པར་སྨོན།
Re:་བོན་བརྒྱ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཉུང་འདུས་བཞུགས། | 2011/5/26 23:29:06
tenzin3909ཡག་པོ་འདུག བཀླགས་ནས་བུད་སོང་།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.