༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱང་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་གསོལ་འདེབས། | 2011/5/16 22:23:00

༄༅།། རྗེ་བཙུན་བླ་མ་དམ་པ་སྐྱང་སྤྲུལ་ཀུན་མཁྱེན་དྲི་མེདའོད་ཟེར་རིན་པོ་ཆེའི་

གསོལ་འདེབས་དོན་གཉིས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ།།

ཨེ་མ་ཧོ།  དུས་གསུམ་རྒྱལ་བ་ཀུན་ཀྱི་མཁྱེན་བརྩེའི་འཕྲུལ།།
བསླབ་གསུམ་དྲི་མ་མེད་པའི་བཤེས་གཉེན་གར།།
གསང་གསུམ་འོད་ཟེར་འབར་བའི་རྗེ་བླ་མ།།
མཆོག་གསུམ་ཀུན་འདུས་ངོ་བོར་གསོལ་བ་འདེབས།།
ཤེས་བྱ་ཀུན་ལ་མཁྱེན་རྩལ་ཐོགས་ཆགས་མེད།།
སྡོམ་པ་གསུམ་ལ་ཉེས་བྱས་དྲི་མ་མེད།།
བྱམས་བརྩེའི་འོད་ཟེར་སྤྲོ་ལ་ཕྱོགས་རིས་མེད།།
ངེས་པ་དོན་གྱི་བླ་མར་གསོལ་བ་འདེབས།།
སྟོན་པའི་དྲུང་ན་ཚུལ་འབར་ཁྲི་ཤེས་ཞབས།།
ཕྱི་དར་དུས་ན་ཁུ་ཚ་ཟླ་བའི་འོད།།

སྙིགས་དུན་འདིར་ཡང་འགྲོ་ལ་རྗེས་ཆགས་གར།།
འཚོ་བྱེད་ལྷ་རྗེའི་ཚུལ་འཛིན་གསོལ་བ་འདེབས།།
བསྟན་འགྲོ་ཀུན་ལ་ཕན་མཛད་མཁྱེན་པའི་ཐུགས།།
བརྩེ་ཆེན་མི་འགྱུར་དྲི་བྲལ་གཡོ་བ་མེད།།
ནུས་མཐུ་ཉི་མའི་འོད་ཟེར་བཞིན་དུ་གསལ།།
འཁོར་བ་མ་སྟོང་བར་དུ་བཞུགས་གསོལ་འདེབས།།
མཆོག་གསུམ་སྲུང་མའི་ཐུགས་རྗེ་བྱིན་རླབས་དང་།།
བདག་གི་ལྷག་བསམ་སྨོན་པའི་ནུས་མཐུ་ཡིས།།
ཞབས་པད་མི་འཇིག་གདོང་ལྔའི་ཁྲི་འཕང་ལ།།
རྟག་བརྟན་འགྱུར་བ་མེད་པར་གསོལ་བ་འདེབས།།
དེ་ལྟར་གསོལ་བ་བཏབས་པའི་བྱིན་རླབས་ཀྱིས།།
ཡང་དག་ཐུན་མོང་ལམ་ལ་བློ་སྦྱོང་ཚེ།།
བློ་ལྡོག་རྣམ་བཞིས་བཅོས་མིན་རྩོལ་བྲལ་དུ།།

ངེས་བར་འབྱུང་བས་བྱང་ཆུབ་སེམས་སྐྱེས་ཏེ།།
ལྟ་བ་རྣམ་པར་དག་པའི་ངེས་ཤེས་ཀྱིས།།
བདག་མེད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས།།
ཐུན་མིན་གསང་ཆེན་ཐེག་པའི་ཉེ་ལམ་ལ།།
ཞུགས་ཚེ་རིམ་གཉིས་ཟབ་མོ་སྒོམ་སྟོབས་ཀྱིས།།
ཐ་མལ་སྣང་ཞེན་གཞོམས་པའི་མཐུ་བརྙེས་ཏེ།།
རྩ་ཐིག་རླུང་གི་ཉམས་ལེན་མཐར་ཕྱིན་ནས།།
སྒྱུ་ལུས་འོད་གསལ་ཟུང་དུ་འཇུག་པའི་ལམ།།
མངོན་གྱུར་ལྷག་པའི་ལྷ་དང་དབྱེར་མེད་ཤོག །
བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་སྐབས།།
སེམས་ཀློང་མན་ངག་སྡེ་བའི་དགོངས་དོན་བཞིན།།
གཞི་ལམ་འབྲས་གསུམ་འཁྲུལ་བ་མེད་པར་རྟོགས།།
གེགས་དང་གོལ་བ་བར་ཆོད་མི་འབྱུང་བར།།

མཐར་ཐུག་བླ་མ་མཆོག་དང་དབྱེར་མེད་པར།།
སྐུ་བཞིའི་གོ་འཕང་མངོན་དུ་ཐོབ་པར་ཤོག །
དེ་ལྟར་སྙིང་ནས་གསོལ་བའི་དོན་ཀུན་གྲུབ།།
མར་གྱུར་འགྲོ་བ་གཅིག་ཀྱང་མ་ལུས་པར།།
རྣམ་མཁྱེན་གོ་འཕང་དཔལ་ལ་འགོད་པ་དང༌།།
བསྟན་འགྲོའི་དོན་རྣམ་ཡིད་བཞིན་འགྲུབ་གྱུར་ཅིག །

   ཅེས་པའང་གང་གི་སྣོད་ལྡན་གྱི་སློབ་མ་དོན་གཉེར་ཅན་རིན་སྤུངས་ཚུལ་བསྟན་སོགས་དད་ལྡན་དུ་མས་བསྐུལ་ངོར་ཆོས་རྗེ་བོན་བརྒྱ་བའི་སྐྱེ་མིང་ཙམ་འཛིན་པ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོའམ་    མིང་གཞན་ངག་དབང་དབྱངས་ལྡན་དགྱེས་པའི་བློ་གྲོས་ནས་ལྷག་བསམ་དད་གུས་བཅོས་མིན་ངང་ནས་ཕུལ་བས་དེ་བཞིན་འགྲུབ་པའི་རྒྱུར་རུ་གྱུར་ཅིག་སརྦ་མངྒ་ལམ།།

Re:གསོལ་འདེབས་དོན་གཉིས་མྱུར་འགྲུབ | 2011/5/17 11:12:36
སྐུ་མགྲོན་uaq1TG(སྐུ་མགྲོན)རྗེ་དིན་ཆེན་བླ་མ་ལ་གསོལ་བ་འདེབས།
རྩོམ་པ་པོ།:སྐུ་མགྲོན་uaq1TG(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.