༧ མདའ་ཆེན་དཀར་མོ་རི་ཁྲོད།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧  བསྟོད་ཚིག་དད་པའི་མགྲིན་དབྱངས།། | 2011/12/15 14:42:00

བསྟོད་ཚིག་དད་པའི་མགྲིན་དབྱངས།།

༧ སྐྱེ་མེད་ཀ་དག་བོན་གྱི་སྐུ།།

 འགག་མེད་ལོང་སྤྱོད་རྫོགས་པའི་སྐུ།།

 གཉིས་མེད་ཅི་ཡང་སྤྲུལ་བའི་སྐུ།།

 སྐུ་གསུམ་བདག་ཉིད་དམུ་རྒྱལ་བསྟོད།།

 

༧བཤད་སྒྲུབ་སྲོལ་འབྱེད་གདུང་སོབ་ཆེ།།

རྒྱན་དྲུག་གཤེན་གྱེར་རྨ་དབྱིལ་དང་།།

རྗེས་འཛིན་བྲུ་ཞུ་སྤ་རྨེའུ་སོགས།།

མཁས་གྲུབ་རིམ་བྱོན་རྣམས་ལ་བཏུད།།

 

༧མདོ་སྨད་འཕགས་པ་རྣམ་གསུམ་གྱིས།།

ཡ་གྱལ་སྐྱང་འཕགས་ཆེན་པོའི་མཚན།།

བརྗོད་པར་དཀའ་བ་རིག་འཛིན་ནི།།

གྱེར་མི་ཉི་འོད་ཞབས་ལ་འདུད།།

 

༧སྐྱང་གི་གདན་ས་འཛིན་སླད་དུ།།

མཁྱེན་པའི་རྩལ་ལ་མངའ་བསྙེས་པ།།

དྲན་པའི་རྣམ་སྤྲུལ་དངོས་བྱོན་པ།།

སྐྱང་སྤྲུལ་མུ་ལ་ཝེར་ཞིར་མཁྱེན།།

 

༧སྙིགས་མའི་དུས་ཀྱི་འདྲིན་བསྟོན་པ།།

སྐྱང་གི་བསྟན་འགྲོའི་གཉེན་གཅིག་བུ།།

སྡོམ་པ་གསུམ་ལ་ལྷད་མེད་ཀྱི།།

སྐྱང་སྤྲུལ་དྲི་མེད་འོད་ཟེར་བསྔགས།།

 

                       ༢༠༡༡ ༡༠ ༢༨ཉིན་

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.